བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།
བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་ཞེས་པ་འདི་ནི་དཀོན་མཆོག་བསྟན་འཛིན་དང་འཕྲིན་ལས་རྒྱལ་མཚན། པདྨ་གཡུ་སྒྲོན་བཅས་ཀྱིས་བརྩམས་པ་ཞིག་དང་། བོད་གངས་ཅན་གྱི་ལྗོངས་སུ་འགྲོ་བ་མིའི་རིགས་བྱུང་ནས་ཟས་སུ་མ་རྨོས་པའི་ལོ་ཏོག་ཟ་ཞིང་། གོས་སུ་ཤིང་གི་ལོ་མ་གྱོན་པ་ནས་བཟུང་ད་ལྟའི་བར་དུ་བོད་ཀྱི་ལག་ཤེས་བཟོ་ལས་དེ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པའི་གནས་ཚུལ་སོགས་གསལ་བོར་བཀོད་ཡོད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《藏族手工艺大全》
རྩོམ་པ་པོ།
དཀོན་མཆོག་བསྟན་འཛིན། འཕྲིན་ལས་རྒྱལ་མཚན། པདྨ་གཡུ་སྒྲོན།
དཔེ་སྐྲུན་ཁང་།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2013ལོའི་ཟླ3པ།
1 ངོ་སྤྲོད།

དེབ་འདིའི་ནང་མི་ལོ་སྟོང་ཕྲག་དུ་མའི་ནང་ཡུལ་གངས་ཅན་གྱི་འཚོ་བའི་ཆ་རྐྱེན་དུ་དགོས་ངེས་པའི་མདའ་མདུ་གྲི་གསུམ་སོགས་མཚོན་ཆའི་རིགས་དང་། ཐོང་གཤོལ་དང་འཇོར། སྦར་མོ་ལ་སོགས་ཐོན་སྐྱེད་སྤྱོད་ཆས་ཀྱི་སྐོར། རྫ་མ་དང་ཕོར་བ། སླེ་བོ་ལ་སོགས་འཚོ་བའི་སྤྱོད་ཆས་ཀྱི་སྐོར། རྟ་ནོར་ལུག་གསུམ་ལ་སོགས་སྒོ་ཕྱུགས་འདུལ་སྤྱོད་ཀྱི་ལག་རྩལ། རྩམ་པ་དང་གྲོ་ཕྱེ་སོགས་ཟན་རིག་བཟོ་བའི་ལག་རྩལ། གོ་སྙོད་དང་བྲ་ག་གཡེར་མ་ལ་སོགས་སྤོད་ཀྱི་རིགས་བཟོ་བའི་ལག་རྩལ་སོགས་སྤྱིར་བཏང་གི་འཚོ་བར་སྤྱོད་པའི་ལག་ཤེས་ཀྱི་རིགས་སྣ་ཚོགས། གནས་ཁང་བཟོ་སྐྲུན་གྱི་ལག་རྩལ་སོགས་བོད་ཀྱི་བཟོ་རིག་པའི་གཏེར་མཛོད་ལྟ་བུ་ཞིག་ཡིན།

2 དཀར་ཆག

སྟོད་ཆ།

དང་པོ།  རྒྱ་བོད་གཙུག་ལག་ཁང་བཞེངས་ཚུལ་དང་དང་བོད་ཀྱི་སྡོད་ཁང་སྐོར་བཤད་པ།

གཉིས་པ། ཐང་གའི་རས་གཞི་བཟོ་བའི་ལག་ཤེས།

གསུམ་པ། ཚོན་སྡེབ་སྦྱོར་གྱི་ལག་ཤེས།

བཞི་བ།  ཚོན་ཆེན་བཙོ་འདུལ་སྦྱོར་གསུམ་གྱི་ལག་ཤེས།

ལྔ་བ།  བཅད་པིར་བཟོ་བའི་ལག་ཤེས།

དྲག་པ།  མདངས་ཀྱི་ལག་ཤེས།

བདུན་པ།  བཅད་ཀྱི་ལག་ཤེས།

བརྒྱད་པ། རི་མོ་ས་བཅད་འཇོག་པའི་ཤེས་བྱ།

དགུ་བ། འདམ་སྐུ་བཞེངས་པའི་ལག་ཤེས།

བཅུ་བ།   བོད་ཤོག་བཟོ་བའི་ལག་ཤེས།

བཅུ་གཅིག་པ། སྨྱུ་གུའི་རྒྱུ་དང་སྨྱུག་བཟོའི་ལག་ཤེས།

བཅུ་གཉིས་པ། འབྲི་རྫས་སྣག་ཚ་བཟོ་བའི་ལག་ཤེས།

བཅུ་གསུམ་པ། ཡི་གེ་དང་རི་མོ་སྦྱོང་གཞི་ཐལ་བྱང་བཟོ་བའི་ལག་ཤེས།

བཅུ་བཞི་བ། ས་རིས་འབྲི་གཞོང་བཟོ་བའི་ལག་ཤེས།

བཅོ་ལྔ་བ། པར་ཤིང་བརྐོ་བའི་ལག་ཤེས།

བཅུ་དྲུག་པ།  རྡོ་རྐོས་ཀྱི་ལག་ཤེས།

བཅུ་བདུན་པ།  མཆོད་རྟེན་སྐུ་གདུང་ཆ་བརྒྱད་ཀྱི་ཤེས་བྱ།

བཅོ་བརྒྱད་པ།  བརྡུངས་མགར་དང་ལུགས་མགར་གྱི་རྒྱུ་གསེར་དངུལ་སོགས་ཀྱི་ཤེས་བྱ།

བཅུ་དགུ་བ།  བོད་ཀྱི་མགར་བཟོའི་ལག་ཆ་རིགས།

ཉི་ཤུ་བ།  བརྡུང་མགར་གྱི་ལག་ལེན་སྤྱིར་བཤད་པ།

ཉེར་གཅིག་པ། གསེར་དང་ལྕགས་རྡུང་སྟངས་བྱེ་བྲག་པའི་ཤེས་བྱ།

ཉེར་གཉིས་པ།  འབེར་བཟོ་སྟངས་ཀྱི་ཤེས་བྱ།

ཉེར་གསུམ་པ།  མགར་གྱི་རྒྱུ་ཆས་སོལ་བ་བསྲེག་པའི་ཤེས་བྱ།

ཉེར་བཞི་བ།  ལུགས་མགར་གྱི་ལག་ཤེས།

ཉེར་ལྔ་བ། རིན་པོ་ཆེའི་རིགས་བརྟག་ཐབས།

ཉེར་དྲག་པ། རྡུལ་ཚོན་དང་དཀྱིལ་འཁོར་བཞེངས་པའི་ལག་ཤེས།

ཉེར་བདུན་པ། དཀར་རྒྱན་མར་ཚོན་གྱི་མཆོད་པ་བཟོ་བའི་ལག་ཤེས།

སྨད་ཆ།

ཉེར་བརྒྱད་པ། བོད་ཀྱི་རྒྱན་གོས་རིགས་བཟོ་བའི་ལག་ཤེས།

ཉེར་དགུ་བ། ཚོས་བཙོ་བའི་ལག་ཤེས།

སུམ་ཅུ་བ། རྒྱན་རིས་པ་ཏྲ་འགོད་པའི་ལག་ཤེས།

སོ་གཅིག་པ།  སྐྱོ་འབུར་བཟོ་བའི་ལག་ཤེས།

སོ་གཉིས་པ།  བོད་སྤྱོད་རོལ་ཆས་རིགས།

སོ་གསུམ་པ།  རྫ་མ་རིགས་བཟོ་བའི་ལག་ཤེས།

སོ་བཞི་བ།  བོད་ཀྱི་དཀར་ཡོལ་བཟོ་བའི་ལག་ཤེས།

སོ་ལྔ་བ། བོད་ཀྱི་སྦྲ་གུར་རིགས་བཟོ་བའི་ལག་ཤེས།

སོ་དྲུག་པ། བོད་ལུགས་ཀྱི་ཟམ་པ་དང་གྲུ་བཟོ་བའི་ལག་ཤེས།

སོ་བདུན་པ། ཀོ་དཀར་དང་ཀོ་དམར་སོགས་བཟོ་བའི་ལག་ཤེས།

སོ་བརྒྱད་པ། འཁེལ་འཐག་གི་རིགས་ཀྱི་ལག་ཤེས།

སོ་དགུ་བ།  ཕྱིང་བ་འཇོག་པའི་ལག་ཤེས།

བཞི་བ། སྒ་བཞོག་ཐབས།

ཞེ་གཅིག་པ། བོད་ཀྱི་ལག་ཤེས་ལས་བྱུང་བའི་ཉེར་སྤྱོད་སྐོར།

ཞེ་གཉིས་པ། མཚོན་ཆའི་སྐོར།

ཞེ་གསུམ་པ། བསླ་བཟོའི་ལག་ཤེས།

ཞེ་བཞི་པ། རྩི་དང་ངར་བླུད་པའི་ལག་ཤེས།

ཞེ་ལྔ་པ།  བསེ་དང་བསེ་འབག་བཟོ་བའི་ལག་ཤེས།

ཞེ་དྲུག་པ།  རླུང་རྟའི་རིགས།

ཞེ་བདུན་པ།  འཁོར་ལོའི་རིགས།

ཞེ་བརྒྱད་པ།  ཁ་བཏགས་ཀྱི་རིགས།

ཞེ་དགུ་བ།  གྲོ་སོ་ཕྱེ་མར།

ལྔ་བཅུ་བ། གཏོར་མའི་སྐོར།

ང་གཅིག་པ། ལབ་ཙེའི་སྐོར།

ང་གཉིས་པ། མདོས་དང་ཀླུད་ཀྱི་བཅའ་ཐབས།

ང་གསུམ་པ། སྨན་སྒྲོ་དང་སྨན་བཅོས་ཀྱི་སྤྱོད་ཆས།

ང་བཞི་བ། སྒོ་ལྕག་རིགས་བཟོ་བའི་ལག་ཤེས།

ང་ལྔ་བ། བོད་ཀྱི་རྩེད་ཆས་ཤོ་སྦག་གཉིས།

ང་དྲུག་པ། བོད་སྤོས་བཟོ་བའི་ལག་ཤེས།

ང་བདུན་པ། བོད་ཀྱི་བཟའ་བཅའ་བཏུང་གསུམ་བཟོ་བའི་ལག་ཤེས།

མཇུག་བྱང་། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-23

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།