སྣོད་ཀྱི་མཁྲིས་སྐྲན་གྱི་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱུ་དྭངས་མ་མ་ཞུ་བ་ལ་རྐྱེན་གྱོང་རླན་སྣུམ་པ་སོགས་བསྟེན་དྲགས་པ་དང་། ལུས་འཁྱགས་པའི་བྱ་བ་ཚད་ལས་འདས་པ་སོགས་ཀྱིས་མེ་དྲོད་རྣམ་གསུམ་གྱི་མཐུ་དང་། ཁྱད་པར་དུ་མེ་མཉམ་རླུང་གི་མཐུ་ཉམས་པས་དྭངས་སྙིགས་མ་ཕྱེད་པའི་སྙིགས་མ་དེ་དྭངས་མ་རྒྱུ་བའི་རྩ་ལམ་དུ་ཤོར་ནས་མཁྲིས་པ་མདངས་སྒྱུར་གྱིས་ཟུངས་ཁྲག་ཏུ་མ་སྨིན་པར་ཡུན་རིང་མཆིན་པར་གནས་པས་ཁྲག་ངན་དུ་རྒྱས་ཏེ་མཁྲིས་པར་ལྷུང་། དེ་ལ་མཁྲིས་པའི་རྩི་ཆགས་ནས་རིམ་གྱིས་སྐྲན་དུ་གྱུར་པ་དང་། རྒྱུ་མ་དང་ལོང་གའི་ནང་དུ་གནས་པའི་སྲིན་འབུ་གང་རིགས་མཁྲིས་ལམ་ལ་བརྒྱུད་དེ་མཁྲིས་སྣོད་དུ་ལྷུང་ནས་ཤི་བ་སྟེ། དེ་ལ་མཁྲིས་པའི་རྩི་ཆགས་ནས་རིམ་གྱིས་སྐྲན་དུ་གྱུར་པ་སོགས་ལས་སྣོད་ཀྱི་མཁྲིས་སྐྲན་གྱི་ནད་བསྐྱེད་པའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
胆石症
རིགས་དབྱེ།
ཁོང་ནད།
1 རྒྱུ་རྐྱེན།

1.བོད་ལུགས། རྒྱུ་དྭངས་མ་མ་ཞུ་བ་ལ་རྐྱེན་གྱོང་རླན་སྣུམ་པ་སོགས་བསྟེན་དྲགས་པ་དང་། ལུས་འཁྱགས་པའི་བྱ་བ་ཚད་ལས་འདས་པ་སོགས་ཀྱིས་མེ་དྲོད་རྣམ་གསུམ་གྱི་མཐུ་དང་། ཁྱད་པར་དུ་མེ་མཉམ་རླུང་གི་མཐུ་ཉམས་པས་དྭངས་སྙིགས་མ་ཕྱེད་པའི་སྙིགས་མ་དེ་དྭངས་མ་རྒྱུ་བའི་རྩ་ལམ་དུ་ཤོར་ནས་མཁྲིས་པ་མདངས་སྒྱུར་གྱིས་ཟུངས་ཁྲག་ཏུ་མ་སྨིན་པར་ཡུན་རིང་མཆིན་པར་གནས་པས་ཁྲག་ངན་དུ་རྒྱས་ཏེ་མཁྲིས་པར་ལྷུང་། དེ་ལ་མཁྲིས་པའི་རྩི་ཆགས་ནས་རིམ་གྱིས་སྐྲན་དུ་གྱུར་པ་དང་། རྒྱུ་མ་དང་ལོང་གའི་ནང་དུ་གནས་པའི་སྲིན་འབུ་གང་རིགས་མཁྲིས་ལམ་ལ་བརྒྱུད་དེ་མཁྲིས་སྣོད་དུ་ལྷུང་ནས་ཤི་བ་སྟེ། དེ་ལ་མཁྲིས་པའི་རྩི་ཆགས་ནས་རིམ་གྱིས་སྐྲན་དུ་གྱུར་པ་སོགས་ལས་སྣོད་ཀྱི་མཁྲིས་སྐྲན་གྱི་ནད་བསྐྱེད་པའོ།།

2.ཕྱི་ལུགས། མ་ཞུ་བའི་ནད་དང་། མངལ་ཆགས་པ། མཆིན་པར་སྐྲན་ཆགས་པ་སོགས་ཀྱིས་མཁྲིས་ལམ་གཅུས་པའམ་མཁྲིས་སྣོད་ཀྱི་རྐྱོང་ཤུགས་ཉམས་པ་དང་། མཁྲིས་སྣོད་ཀྱི་ཁ་སྡོམ་བར་བྱེད་པའི་ཤ་གྲིམ་གྱི་བྱེད་ལས་ཆེས་དྲགས་པ་སོགས་ཀྱིས་མཁྲིས་སྣོད་ཀྱི་ཁ་གཅུས་ནས་མཁྲིས་ཁུ་རྣམས་མཁྲིས་ལམ་ནས་མི་ཐར་བར་མཁྲིས་སྣོད་དུ་བསགས་པ་དང་། ལོང་གའི་སྲིན་ཕྲ་དབྱུག་ཐུར་འདྲ་བ་སོགས་འགོས་ཡོད་པའི་སྲིན་འབུའི་མིང་ལ་ཧོས་ཚོམ་ཞེས་པ་དེ་མཁྲིས་ལམ་དུ་འཛུལ་ནས་ཤི་བ་སྟེ། དེ་ནས་སྲིན་ཕྲ་དང་འབུ་གཟུགས་སྲིན་སྒོང་སོགས་ལ་མཁྲིས་པའི་རྩི་ཆགས་ནས་སྲ་བར་འདྲིལ་བ་དང་། གཞན་ཡང་རྒྱུ་རྐྱེན་གང་རུང་གིས་མཁྲིས་ཁུའི་གྲུབ་ཆ་སྟེ་ཏན་ཀུ་ཁྲོན་དང་ཏན་སེ་སུའུ། ་ཏན་སོན་ཡན་བཅས་མཁྲིས་ཁུ་ལས་དབྱེ་འབྱེད་བྱས་ཏེ་རིམ་བཞིན་ཆེ་ཞིང་སྲ་བར་འདྲིལ་བ་སོགས་ལས་སྣོད་ཀྱི་མཁྲིས་སྐྲན་གྱི་ནད་བསྐྱེད་པའོ།།

2 ནད་རྟགས།

1.བོད་ལུགས། རྩ་ནི་ཞན་ཞིང་ཞར་བར་འཕར་ལ་དྲི་ཆུའི་ནང་དུ་སྐྲན་གྱི་ཐིག་པ་ཉའི་མིག་ལྟར་འབྱུང་བ་དང་། ཁ་ཟས་འཇུ་དཀའ་ཞིང་གྲང་རྐྱེན་གྱིས་སྒྲེག་ཅིང་སྐྱུག་པར་བྱེད་པ། དྲི་མ་སྲི་ཞིང་སྐམ་ལ་སྐབས་སུ་འཁྲུ་བ། ལུས་ཤ་སྐེམ་ཞིང་ཤེད་ཆུང་བ། ཟོས་རྗེས་འགྲངས་པའི་དུས་དང་ལུས་འཁྱགས་པ་དང་དྲག་ཤུལ་གྱི་ལས་བྱུང་རྗེས་ན་ཟུག་ལྡང་བ་དང་། ཁྱད་པར་དུ་ཤ་མདོག་རྣམས་སྔོ་ལ་སྐམ་པ་དང་། ཟས་ལེན་བར་བྱས་ཀྱང་ལུས་ཤེད་ཆུང་དུ་འགྲོ་བ། མིག་དང་ཆུ་མདོག་སེར་བ། ཡུན་རིང་ན་རྗེས་ནད་སྨིན་ནས་ལུས་ཀུན་ཏུ་ཟ་འཕྲུག་བྱེད་པ་སོགས་བྱུང་བ་དང་། གཞན་ཡང་བདག་གི་སློབ་དཔོན་གྱི་གསུང་རྒྱུན་ལས། མཁྲིས་སྐྲན་ནད་རྟགས་མངོན་དཀའ་སྦུགས་འགག་ན།། ཕོ་བའི་ཁག་དང་དེ་ཡི་གཡས་སྟོད་གཟེར།། ཞེན་ལོག་སྐྱུག་ཅིང་བཤང་མདོག་དཀར་སྐྱ་ཡིན།། ཞེས་གསུངས་སོ།།

2.ཕྱི་ལུགས། དང་པོར་ཕོ་བ་ན་ཞིང་ཟས་ལ་ཞེན་ལོག་བྱེད་པ་དང་། དེ་ནས་གློ་བུར་དུ་མཁྲིས་པའི་གནས་སུ་ཟུག་གཟེར་བཟོད་བསྲན་མེད་པར་ལྡང་བ་དང་། ལུས་དྲོད་བསྐྱེད་དེ་རྔུལ་ཆུ་བྱུང་བ། སྐྱུག་པར་བྱེད་པ། ངོ་མདོག་དཀར་སྐྱར་གྱུར་བ། ཁྱད་པར་མཚན་མོ་གཉིད་པའི་དུས་སུ་གློ་བར་དུ་མཁྲིས་པར་ན་ཟུག་གཏོང་བ་དང་། འགའ་ཞིག་ལ་གྲང་ཤུམ་བྱེད་པ་དང་། མིག་དང་ཆུ་དང་ཤ་བཅས་ཀྱི་མདོག་སེར་པོར་གྱུར་བ་སོགས་བྱུང་བ་དང་། ཞིབ་དཔྱད་ཁང་དུ་ཞིབ་དཔྱད་བྱེད་ན་ནད་པའི་ཟུངས་ཁྲག་དང་གཅིན་པའི་ནང་གི་ཏན་ཧུང་སུའུ་འཕེལ་བ་དང་། རྒྱུ་སོར་བཅུ་གཉིས་ནས་ལེན་པའི་མཁྲིས་ཁུ་ལས་ཏན་ཀུ་ཁྲོན་གྱི་ཞུན་འཁྱགས་ཞིབ་དཔྱད་བྱེད་ཐུབ་པ། སྲིན་ཕྲ་གང་རིགས་ཀྱིས་འགོས་ནས་མཁྲིས་སྣོད་ལ་ཚ་བ་རྒྱས་ན་ནད་པའི་མཁྲིས་ཁུ་ལས་རྣག་གི་ཕྲ་ཕུང་དང་སྲིན་སྒོང་སོགས་ཞིབ་དཔྱད་བྱེད་ཐུབ་པ་དང་། གཞན་ཡངXའོད་དངBཚའོ་གཉིས་ལས་མཁྲིས་སྐྲན་གྱི་གྲིབ་གཟུགས་གསལ་བར་བརྟག་དཔྱད་གཏོང་ཐུབ་བོ།།

3 བཅོས་ཐབས།

1.བོད་ལུགས། ཐོག་མར་ཚ་བསྲེགས་སྦྱོར་བ་ལན་འགར་བསྟེན་པ་དང་། དེ་ནས་ཏིག་ཏ་བརྒྱད་པའི་སྟེང་ཅོང་ཞི་རྒོད་བཏུལ་དང་། མགྲོན་ཐལ། ཕག་བྲུན་ནུས་བསྲེགས་བཅས་བསྣན་ནས་གཏོང་བ་དང་། ཁྱད་པར་དུ་གར་ནག་བཅུ་གཅིག་དང་། ཀོང་སྤྲུལ་ལུགས་ཀྱི་སྐྲན་འཇོམས་ཟླ་བསིལ་ལ་ཕག་བྲུན་ནུས་བསྲེགས་བསྣན་པ། རྒྱུད་ཀྱི་མི་དང་ཕག་བྲུན་ནུས་བསྲེགས་ཀྱི་ཐལ་བར་ཚ་ལ་དང་དོམ་མཁྲིས་པི་པི་ལིང་བསྣན་ནས་སེ་འབྲུ་ལྔ་པ་དང་ནངས་ནུབ་ལྟག་སྤྲད་གཏོང་བ་དང་། གཞན་ཡང་སྐྲན་ཀུན་འཇོམས་པའི་རུས་བསྲེགས་སྦྱོར་བས་ཀྱང་ཤིན་ཏུ་ཕན། ཟས་ནི་རི་དྭགས་དང་ལུག་གི་ཤ་གསར་པ་དང་། བ་མཛོའི་ཞོ་དང་དར་བ་མར་གསར་སོགས་བསིལ་ལ་ཡང་བའི་རིགས་བསྟེན་ལ། རུལ་སྐྱུར་དང་སྔོ་ངད་ཀྱི་རིགས་རྣམས་སྤང་བ་དང་། སྤྱོད་ལམ་ནི་དྲག་ཤུལ་གྱི་ལས་བྱེད་པ་དང་མེ་ཉིར་བསྲོ་བ་སོགས་སྤང་བར་བྱའོ།།

2.ཕྱི་ལུགས། རྒྱུན་དུ་རྒྱ་ནག་ལུགས་ཀྱི་ཏན་ཏའོ་ཕའེ་སི་ཐང་ཉིན་རེར་ཐེངས་གསུམ་སྟེ་ཐེངས་རེར100-250mlཁོང་དུ་གཏོང་བ་དང་། ལིས་ཏན་ཝན་ཉིན་རེར་ཐེངས་གཉིས་ཏེ་ཐེངས་རེར9gཁོང་དུ་གཏོང་བ་དང་། མཁྲིས་སྣོད་ལ་ཟུག་གཟེར་ཆེ་ན་ཨ་ཐོ་ཕིན་ཆུ་ཚོད་གསུམ་རེར་ཐེངས་རེ་སྟེ0.5mgཔགས་འོག་ནས་ཁབ་རྒྱག་པའམ། ཞའོ་སོན་ཀན་ཡུག་ཆུ་ཚོད་གསུམ་རེར་ཐེངས་རེ་སྟེ0.6mgལྕེའི་འོག་ཏུ་མུར་ནས་གཏོང་བ་སྟེ། མ་ཐུབ་ན་ཕའེ་ཐས་ཏིན100mgའམ་མའ་ཧྥུས15mgཔགས་འོག་གམ་ཤ་ནས་ཁབ་རྒྱག་པ་དང་། མཁྲིས་ལམ་གྱི་སྦུགས་ཆེར་འབྱེད་ཅིང་མཁྲིས་ཁུ་བདེ་བར་རྒྱུ་བའི་ཕྱིར་ནོའུ་སོན་མེས་ཉིན་རེར་ཐེངས་གསུམ་སྟེ་ཐེངས་རེར2-5gཟས་མ་ཟོས་སྔོན་ཁོང་དུ་གཏོང་བ་དང་། ཆུས་ཆིན་ཏན་སོན་ཉིན་རེར་ཐེངས་གསུམ་སྟེ་ཐེངས་རེར0.25gཁོང་དུ་གཏོང་བ། ཏན་སོན་ནཱ་ཉིན་རེར་ཐེངས་གསུམ་སྟེ་ཐེངས་རེར0.2gཁོང་དུ་གཏོང་བ་སོགས་བསྟེན་པ། མཁྲིས་སྐྲན་སེལ་བར་ཧྥུའུ་ཧྥང་ལིན་མང་ཞས་ཀྱི་སྤྱིན་ཤུབ(复方柠檬烯胶囊)ཉིན་རེར་ཐེངས་གསུམ་སྟེ་ཐེངས་རེར་སྤྱིན་ཤུབ་གསུམ་ནས་ལྔ་རེ་ཁོང་དུ་གཏོང་ལ་གཟའ་འཁོར་གསུམ་ནི་གསོ་རིམ་གཅིག་ཏུ་བརྩིས་པ་སྟེ། དེ་ལྟར་བྱས་ཀྱང་མ་ཕན་ན་གཤགས་བཅོས་ཀྱི་ཐབས་ལ་བསྟེན་པར་བྱའོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-15

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།