རྒྱལ་པོས་མཛད་པའི་གསར་གསོས་ལྷ་ཁང་དགུང་ལོ་ཁྲི་ཐུབ་ཀྱི་རྡོ་རིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་པོས་མཛད་པའི་གསར་གསོས་ལྷ་ཁང་དགུང་ལོ་ཁྲི་ཐུབ་ཀྱི་རྡོ་རིང་།
རྡོ་རིང་འདི་ནི་སྤྱི་ལོ1761ལོར་བཞེངས་པ་ཞིག་ཡིན། དེའི་མཐོ་ཚད་ལ་ལི་སྨི150དང་།ཞེང་ཚད་ལ་ལི་སྨི75ཡོད། རྡོ་རིང་ཡི་གེ་དེ་ལས་ལྷ་ཁང་དགུང་ལོ་ཁྲི་ཐུབ་བསྐྱར་བཞེངས་ཀྱི་བརྒྱུད་རིམ་གསལ་བོར་བྲིས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
御制重修万寿寺碑
བཞེངས་ལོ།
སྤྱི་ལོ1761ལོ།
མཐོ་ཚད།
ལི་སྨི150
ཞེང་ཚད།
ལི་སྨི75
བཞེངས་ཡུལ།
པེ་ཅིང་གྲོང་ཁྱེར་དགུང་ལོ་ཁྲི་ཐུབ་དགོན་པའི་བཀའ་ཡི་རྡོ་རིང་ཁང་།
1 ངོ་སྤྲོད།

རྡོ་རིང་འདི་ནི་སྤྱི་ལོ1761ལོར་བཞེངས་པ་ཞིག་ཡིན། དེའི་མཐོ་ཚད་ལ་ལི་སྨི150དང་།ཞེང་ཚད་ལ་ལི་སྨི75ཡོད། རྡོ་རིང་ཡི་གེ་དེ་ལས་ལྷ་ཁང་དགུང་ལོ་ཁྲི་ཐུབ་བསྐྱར་བཞེངས་ཀྱི་བརྒྱུད་རིམ་གསལ་བོར་བྲིས་ཡོད།

2 མ་ཡིག

རྒྱལ་པོས་མཛད་པའི་གསར་གསོས་ལྷ་ཁང་དགུང་ལོ་ཁྲི་ཐུབ་ཀྱི་རྡོ་རིང་ཡི་གེ །

རྒྱལ་པོས་བྲིས་པ་ནི་

༄༅།  །གསར་གསོས་ལྷ་ཁང་དགུང་ལོ་ཁྲི་ཐུབ་ཀྱི་རྡོ་རེངས་ཁ་བྱང་།།

༄༅། ། ༧གནམ་གྱིས་རང་རེའི་ཆབ་སྲིད་བསྲུངས་ཤིང་སྐྱོབ་པས་རྟག་ཏུ་བཀྲ་ཤིས་བདེ་ལེགས་རྒྱ་ཆེར་སྩལ་ཞིང་ཚེ་རིང་མཛད་པ་དང་།  མཐའ་འཁོབ་རྒྱང་རིང་པོའི་སྡེ་འབངས་མངའ་རིས་ཀྱི་སྡེབས་ཡིག་ཏུ་འཁོད་ཅིང་། ཞིང་འདེབས་ཕྱུགས་སྐྱོང་གིས་དགའ་སྤྲོ་དང་བཅས་བདེ་སྐྱིད་ཀྱི་དཔལ་དུ་གྱུར། འདི་ནི་བརྟན་ཞིང་རྒྱ་ཆེས་ལེགས་པར་འབྱོར་ཞིང་གཅིག་ཏུ་བསྐྱང་བ་འདི་ནི་ལོ་སྟོང་ཕྲག་གི་བར་དུ་རྙེད་པར་དཀའ།  དེར་མ་ཟད  ༧འཕགས་མ་ཧཱང་ཐའི་ཧུའི་དགུང་ལོ་བདུན་ཅུའི་དགའ་སྤྲོ་དང་དགེ་མཚན་གྱི་དུས་འདི་ཉིད་སྟབས་གཅིག་ཏུ་བསྒྲིགས། འདི་ལ་བདག་གིས་བློན་འབངས་ཁྲི་ཕྲག་དུ་མའི་སྣ་དྲངས་ཏེ།  ༧བཀྲ་ཤིས་འཕེལ་རྒྱས་སུ་གསོལ་བ་འདེབས་པའི་སླད་དུ།

༧འཁྲུངས་ཟླའི་དུས་བཟང་ལ་ཆོས་སྟོན་ཆེན་པོ་བྱེད་པ་དགུང་ལོ་ཁྲི་ཐུབ་ཀྱི་ལྷ་ཁང་འདིར་འགྲིག་པར་སྣང་།  དེས་ན་ནང་གི་ལས་དོན་ཀུན་བྱེད་ཀྱི་གྲང་འདི་ཉིད་གསར་གསོས་གྱིས།  གནམ་སྐྱོང་ལྕགས་ལུག་ལོའི་ལུགས་བཞིན་གྱིས།  ལེགས་པར་གུས་ཤིང་ལེ་ཤོར་མེད་པ་གྱིས་ཞེས་བཀའ་ཕབ།  ད་ལྟ་ལེགས་གྲུབ་པས་ཁ་བྱང་འབྲི་བར་འོས། །  ལྷ་ཁང་འདི་སྔོན་བསྐྲུན་གསར་གསོས་ཀྱི་མགོ་མཇུག་ལྷ་ཁང་བདག་རིམ་པས་ཆེ་བསོད་སྤེལ་བའི་ལོ་རྒྱུས་སྔོན་གྱི་རྡོ་རེངས་ལ་གསལ་བས་འདིར་བྲིས་མི་དགོས།  ད་ལན་ཁ་བྱང་གི་དགོས་པ་ན(ནི)།  ༧ངེད་ཀྱི་འཕགས་ཡུམ་གྱིས་འབངས་ལ་བརྩེ་བ་དང་། དགེ་ཚོགས་འཕེལ་བའི་༧བཀའ་བཀོད་བསླབ་བྱ་གུས་པས་བཀུར་ཞིང་གཏམ་དྲང་པོས་ཉ་བའི་དོན་གསལ་བའི་ཆེད་དུ་ཡིན།  ཤན་དུང་ཀྱན་ནན་གྱི་བགྲེས་དགུས་མགོ་བོ་གུས་འདུད་ཀྱིས་༧ནོར་བུའི་ཁྱོགས་ལ་མཇལ་ཞིང་གུས་པས་བསུ་བས་མཚར་དུ་དངར་བར་བྱས། ཕྱོགས་འགར་འཕོངས་སྐྱོབ་ཀྱི་དགོས་ཆེད་མཆིས་སླད་༧  བརྩེ་བའི་དགོངས་བསྟུན་གྱི་དུས་བཏབ་མེ་བྱིའི་ལོ་བཤོལ་ནས་མེ་གླང་ལོར་འགྱངས་།  ལྕགས་སྦྲུལ་ལོའི་ཕེབས་འགྲོས་ཀྱང་ཆུ་རྟ་ལོར་བཤོལ།  ཁ་སིང་རི་བོ་རྩེ་ལྔར་གནས་མཇལ་སྐབས་ཁ་བ་དང་བདུད་རྩིའི་ཆར་བབས་པས་ཕྱོགས་ཀུན་ཏུ་སྟོན་ཐོག་འཕེལ་རྒྱས་རྙེད།  སྔོན་རབས་རྟོགས་ལྡན་གྱི་འགྲོས་ལ། སངས་རྒྱས་ཀྱིས་དགོངས་པ་ཙམ་གྱིས་དགེ་རྩ་བྱམས་བརྩེའི་དཔལ་གྱིས་ཁྱབ་པར་འགྱུར། ཞེས་པའི་ངག་དང་བསྟུན་ན་འདི་ལས་འོས་ཅི་ཡོད།  ཡང་ནུབ་ཕྱོགས་ཀྱི་ཨོའི་ལོད་ཀྱི་སྡེ་ནས་ལྕགས་རིའི་འགྲམ་དུ་ཡོད(ཡོང)ནས་དཔུང་ཆེན་འཐོན་པར་གསོལ་བ་ནི་མེ་ཆུའི་འཇིགས་པས་ཉེན་པ་བཞིན་རིངས་པས།  ངེད་ཀྱིས་༧གནམ་༧ཡབ་མེས་ཀྱི་གཟི་བརྗིད་དང་དུ་བླངས་ནས་འགྱངས་མི་བཟོད་པས་ཉིན་བཞིན་ལོན་བས་མགང་ཡོད།  ༧ཧྭང་ཐའི་ཧུ་ལ་གསལ་བར་ཞུས་པར།  ༧རྒྱལ་ཡུམ་ནས་༧མདུན་མ་མངོན་མཁྱེན་གྱིས་གཞིང(གཞུང)དོན་གྲུབ་རྗེས་ངལ་གསོས།  ༧བསྟི་བའི་དགོངས་དོན་རྟོགས་པར་གྱུར།   ད་ལྟ་ས་ལམ་ཁྲི་ཕྲག་དུ་མའི་ཕ་རོལ་གྱི་སྔོན་གྱི་ཨུ་སུན་ཏའི་ཝན་པོ་ལུའི་ཡུའི་ཐྱོན་སོགས་ཀྱི་སྔ(སྡེ)ཚུན་ཆད་ཕན་ཚུན་འཐབ་རྩོད་མེད་པར་མཐུན་པའི་སྤྲིན་ལས་དགའ་བའི་གྲུ་ཆར་གྱིས་འཚིམ་པར་བྱས་ཏེ་བདེ་སྐྱིད་ལ་འགོད་པ་ནི་ངེས་པར་༧རྒྱལ་ཡུམ་གྱིས་འཇིག་རྟེན་ཐམས་ཅད་ཚེ་མཐའ་ཡས་པའི་གོ་འཕང་ལ་འགོད་པའི་དགོངས་པ་སྟེ།  སངས་རྒྱས་ཀྱི་འཇིག་རྟེན་ཐམས་ཅད་ཚེ་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པའི་དགོངས་པ་དང་འདྲ་བས།  བདག་གིས་གུས་པ་ཆེན་པོས་ཐལ་མོ་སྦྱར་ཏེ་བསྐལ་པ་ཁྲི་ཕྲག་གི་ཚེ་ལོ་དཔག་ཏུ་མེད་པ་༧འཕགས་མ་ཡུལ་གྱི་སྐུ་ཚེ་སྤེལ་བར་ཕུལ་བ་འདི་བརྗེད་བྱང་དུ་ངེས་པར་འོས་པ་ཡིན་པས།  དོན་འདི་ལ་ཆེད་དུ་བརྗོད་པ་བྲིས་པ་ནི།   བདག་གིས་ཆོས་རྒྱལ་ཆོས་ནི་ཐོས། །   སྔོན་ནས་འཁོར་བར་འཁོར་ལས་གྲོལ། །  བརྩེ་ཆེན་ཐུབ་པ་དེ་བཞིན་གཤེགས། །  ས་སྟེང་སྐྱེ་དགུ་བདེ་བར་དྲངས། །  མཚན་ལྟས་དེ་ལྟ་བུ་ཞིག་སྣང་། །   སྲིད་ལས་བརྒལ་ཞིང་ཡོངས་སུ་རྫོགས། །  སྔོན་ལོ་ཁྲི་འགའ་འདས་པ་ན། །  ཐུབ་པ་འོད་སྲུང་གསེར་ཐུབ་བྱུང་།། དྲུག་ཁྲི་བདུན་ཁྲི(འདས་པ་ན)། །  རྣམ་གཟིགས་འཁོར་འཇིག་ཚེ་མཆོག་རིང་། །  རིམ་གྱིས་སངས་རྒྱས་ཐག(ཐོག)མའི་བར། །  ཚེ་ལོ〔དེས〕ཀྱང་བགྲང་མི་ལང་།   ཀུན་ཀྱང་༧སྐུ་ཚེ་བརྟན་ཕྱིར་ཡིན། །   ཚེ་སྒྲུབ་དམ་ཆོས་གུས་པས་འདོན།།  བདག་གཞན་འགྲོ་ཀུན་×××།།  ×××××××།།  ××××××།།  བྱམས་བརྩེས་དབུལ་ཕོངས་×××།།  སེམས་ཅན་བདེ་བའི་འཚོ་×××།།  (འདིའི་མན་དུ་ཡིག་ཕྲེང་འགའ་མི་གསལ།)

གནམ་སྐྱོང་སྒང་ལོ་ཉེར་དྲུག་པ་ལྕགས་ཕོ་སྦྲུལ་གྱི་དགུན་ཟླ་འབྲིང་བའི་ཚེས་བཟང་པོར་རྒྱལ་པོས་བྲིས་པའོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།