ཕྲ་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

༡ རྡུལ་རྫས་ཀྱི་ཚོགས་པ་ཉུང་ངུའམ་གཟུགས་ཀྱི་ཆ་ཤས་ཆུང་ངུ་། ༢ དབྱུག་ཐུར་ཤིང་སྡོང་གི་རིགས་ཀྱི་སྦོམ་ཚད་ཤིན་ཏུ་ཆུང་བ། ༣ རྟོགས་དཀའ་བའི་དཀའ་གནད་ཞིབ་མོ། ༤ ལོ་ཚོད་གཞོན་པ་སོགས་ལ་འཇུག
1 ལོ་ཙཱ།

རྒྱ་ཡིག 细致,细小

དབྱིན་ཡིག 1.small, minor 2.thin, narrow 3.minute, detailed

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  རགས་སྦོམ་མིན་པ་སྟེ། དར་སྐུད་ཕྲ་མོ། སྐེ་རགས་ཕྲ་མོ། ཁྱད་པར་ཕྲ་མོ། སྲིན་བུ་ཕྲ་མོ་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  རགས་པ་མ་ཡིན་པ་ཕྲ་ཞིང་ཕྲ་བའམ་ཕྲ་མོའི་ཕྲ་མོ། 微细。(同) ཕྲ་བ།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ཞིབ་པའམ་ཆུང་ངུ་། 形容词。细致,细小:རྡུལ་ཕྲ་མོ། 细微尘埃,微尘 དར་སྐུད་ཕྲ་མོ།  细丝。ལོ་ན་ཕྲ་མོ། 年幼。རྣམ་རྟོག་ཕྲ་མོ། 微细的疑忌。རྫུན་ཕྲ་མོ།  轻微的诳言。ཁྲིམས་ལས་འདས་པའི་བྱ་སྤྱོད་ཕྲ་མོ་ཙམ་ཡང་མེད་པ།  没有丝毫违反法律的行为。བྱ་བ་ཕྲ་མོ་ལ་ཡང་ཡུན་རིང་ངལ་བ། 区区小事,劳人长久。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  རྒྱན་ཚིག ①རྡུལ་རྫས་ཀྱི་ཚོགས་པ་ཉུང་ངུའམ་གཟུགས་ཀྱི་ཆ་ཤས་ཆུང་ངུའི་དོན། བསྡུར་རིམ། ཕྲ་མོ། ཕྲ་བ། ཕྲ་ཤོས། དཔེར་ན། རྡུལ་རྫས་ཕྲ་མོ་མིག་གིས་མི་མཐོང་། དེ་ལས་ཕྲ་བའི་རྡུལ། རྡུལ་ཕྲ་ཤོས་ལྟ་བུ། འདྲ་ཚིག ཕྲན་བུ། ཆུང་ཆུང་། ཆུང་བ། ཆུང་ངུ་། ཕྲན་ཚེགས། ②དབྱུག་ཐུར་ཤིང་སྡོང་གི་རིགས་ཀྱི་སྦོམ་ཚད་ཤིན་ཏུ་ཆུང་བའི་དོན། དཔེར་ན། ལྕང་དབྱུག་ཕྲ་མོ། རྒྱུག་པ་ཕྲ་མོ། ཀ་བ་ཕྲ་མོ་ལྟ་བུ། ལྡོག་ཚིག སྦོམ་པོ། ③རྟོགས་དཀའ་བའི་དཀའ་གནད་ཞིབ་མོའི་དོན། དཔེར་ན། གཞུང་གི་དཀའ་གནད་ཕྲ་མོའི་རིགས་འོལ་ཚོད་ཀྱིས་ཤེས་ཁུལ་མ་བྱེད། རིགས་ལམ་ཕྲ་མོའི་སྒོ་ནས་བསྡུར། རྣམ་རྟོག་ཕྲ་མོ་ལྟ་བུ། ④ལོ་ཚོད་གཞོན་པའི་དོན། དཔེར་ན། བུ་ཕྲུག་ལོ་ན་ཕྲ་མོ་སྣང་བ་མཐོ། བུ་མོ་ལོ་ན་ཕྲ་མོ། བུ་ཆུང་ལོ་ན་ཕྲ་མོ་ལྟ་བུ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-02-06

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།