པར་བུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟ་མ་ཏོག་ཆུང་ངུའམ་ཕོར་བ་ཆུང་ངུའི་མིང་།
1 ལོ་ཙཱ།

རྒྱ་ཡིག 小容器

དབྱིན་ཡིག a small container

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།   ཟ་མ་ཏོག་ཆུང་ངུའམ་ཕོར་བ་ཆུང་ངུའི་མིང་། བཤམ་རིས་ཀྱི་མར་སྣེར་འཕྲེད་ལ་བརྒྱུས་པའི་དབྱུ་གུའི་སྣེ་གཉིས་ལ་བསྐོན་ཡོད་པའི་མཛེས་རྒྱན་གྱི་མིང་།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ①〔རྙིང〕སྣོད་ཆུང་ངུ་ཞིག མར་པར། ཞག་པར། སྨྱུག་མའི་པར་བུ།  ② དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་སྒྲུབ་ཆེན་ལས་ཕྱི་སྒྲུབ་ཀྱི་ཆོ་གའི་ལག་ལེན་ཞིག་གི་མིང་ཡིན།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  [རྙིང]སྣོད་ཆུང་ངུ་ཞིག小容器:མར་པར། 盛酥油器。ཞག་པར། 盛浮油器。སྨྱུག་མའི་པར་བུ། 竹盒。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①མར་དང་རྩམ་པ་སོགས་བླུག་སྣོད་ཆུང་ངུ་ཞིག དཔེར་ན། པར་བུའི་ནང་གི་མར་དང་རྩམ་པ་ཡག་པོ་ཡིན་ལྟ་བུ། ②བཤམ་རིས་ཀྱི་མར་སྣེར་འཕྲེད་ལ་བརྒྱུས་པའི་དབྱུ་གུའི་སྣེ་གཉིས་ལ་བསྐོན་ཡོད་པའི་མཛེས་རྒྱན་གྱི་མིང་། དཔེར་ན། ཐང་ཀའི་པར་བུ་དངུལ་གྱིས་བཟོས། ཟངས་ཀྱི་པར་བུ་ལྟ་བུ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-27

གསར་སྤེལ་མཁན། :བྱ་མདོ་ཀླུ་མོ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།