སྣང་ངུ་གཡུ་སྟག་གི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྣང་སྲས་གཡུ་ཡི་མེ་ཏོག་གི་ཡུལ་དུ་གྲགས་པའི་ས་དམར་སྐེས་འབོད་པ་དེ་ནི། སྔོན་བདུད་ཀླུ་བཙན་རྒྱལ་པོས་གླིང་ལྷ་སྡེ་དཀར་པོ་ཆམ་ལ་དབབ་འདོད་ནས་ས་དམར་པོ་བྲག་རི་དམར་པོ་ཐམས་ཅད་རྫུ་འཕྲུལ་གྱིས་དེད་ནས་གླིང་དཀར་སྟོད་དུ་ཆས་དང་ཡོང་བའི་ཚུལ་དེ། གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་མཁྱེན་ཏེ་རྟ་མཆོག་རྐྱང་རྒོད་གཡེར་བ་ལ་བཅིབས་ཤིང་ར་མདར་རྒྱུགས་པས་སྐྱ་རྐོའི་ལུང་བ་ཞེས་པ་ནས་རྗེས་ཟིན། རལ་གྲིས་བདུད་རྒན་གྱི་བླ་རྡོར་བརྒྱབ་ནས་དུམ་བུ་གཉིས་སུ་བྱས་པ་ལ་དེང་སེང་རྡོ་ཁ་བཀད་ཅེས་བརྗོད་ཅིང་། དེ་ནས་བདུད་རྒན་འདུལ་ཏེ་རྐང་གཡས་བཅད་ནས་བྲག་ངོས་སུ་བཞག་པ་དེ་ནི་དེང་སྐབས་ཀྱི་བདུད་རྒན་རྐང་གཡས་ཟེར་བ་དེ་ཡིན་ལ། རལ་གྲིས་བྲག་ངོས་སུ་བརྒྱབ་པའི་ཤུལ་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
ཤུལ་རྟེན་ངག་རྒྱུན།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་།
1 ངོ་སྤྲོད།

སྣང་སྲས་གཡུ་ཡི་མེ་ཏོག་གི་ཡུལ་དུ་གྲགས་པའི་ས་དམར་སྐེས་འབོད་པ་དེ་ནི། སྔོན་བདུད་ཀླུ་བཙན་རྒྱལ་པོས་གླིང་ལྷ་སྡེ་དཀར་པོ་ཆམ་ལ་དབབ་འདོད་ནས་ས་དམར་པོ་བྲག་རི་དམར་པོ་ཐམས་ཅད་རྫུ་འཕྲུལ་གྱིས་དེད་ནས་གླིང་དཀར་སྟོད་དུ་ཆས་དང་ཡོང་བའི་ཚུལ་དེ། གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་མཁྱེན་ཏེ་རྟ་མཆོག་རྐྱང་རྒོད་གཡེར་བ་ལ་བཅིབས་ཤིང་ར་མདར་རྒྱུགས་པས་སྐྱ་རྐོའི་ལུང་བ་ཞེས་པ་ནས་རྗེས་ཟིན། རལ་གྲིས་བདུད་རྒན་གྱི་བླ་རྡོར་བརྒྱབ་ནས་དུམ་བུ་གཉིས་སུ་བྱས་པ་ལ་དེང་སེང་རྡོ་ཁ་བཀད་ཅེས་བརྗོད་ཅིང་། དེ་ནས་བདུད་རྒན་འདུལ་ཏེ་རྐང་གཡས་བཅད་ནས་བྲག་ངོས་སུ་བཞག་པ་དེ་ནི་དེང་སྐབས་ཀྱི་བདུད་རྒན་རྐང་གཡས་ཟེར་བ་དེ་ཡིན་ལ། རལ་གྲིས་བྲག་ངོས་སུ་བརྒྱབ་པའི་ཤུལ་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པ་ཡིན། སྐབས་དེར་བདུད་རྒན་ཤ་ཉོག་རུས་ཉོག་ཏུ་བཏང་རུང་བྲག་རི་ཐམས་ཅད་སྔར་བཞིན་འགྲོ་བཞིན་ཡོད་པས། གླིང་རྗེ་གེ་སར་རྒྱལ་པོས་རྟ་མཆོག་རྐྱང་རྒོད་གཡེར་བ་གློག་འཁྱུག་པ་བཏང་བས་བགྲོད་བཞིན་པའི་བྲག་རི་རྣམས་ཀྱི་རྗེས་ཆོད། བྲག་སྔ་བ་གསུམ་གྱི་བྲག་སྣ་ཕུག་ནས་བྲག་གཟུར་གཡུག་ལ་བཏགས་ཤིང་། དཔག་ཚད་དུ་མའི་སར་སྔོན་དུ་ཤོར་བའི་ས་དམར་པོ་རྣམས་ཀྱང་རེ་རེ་བཞིན་དམ་ལ་བཏགས། དེ་དག་ནི་དེང་སྐབས་ཀྱི་ཁིས་དམར་ཁ་དང་། ཉིན་སེར་ཁ་ཐོག དམར་སྒང་ཐོག་བཅས་ཡིན་ཟེར། དེ་ནས་གེ་སར་རྒྱལ་པོ་བདུད་རྒན་ལས་རྣམ་པར་རྒྱལ་ཏེ་བྲག་གཟུར་གཡུག་འབོད་པའི་རྒྱབ་ཀྱི་ལུང་ཁུག་ཅིག་ཏུ་སོང་ནས་བ་རྡོ་བཙུགས་ནས་ཇ་སྐོལ་ཏེ་ངལ་གསོས་ནས་བསྡད་ཤུལ་དེང་སང་སྒྱེད་སུམ་ཟེར། དེ་ལྟར་བདུད་རྒན་བཏུལ་ཅིང་ཡུལ་ཁམས་བདེ་ལ་བཀོད་རྗེས། ཁོང་གི་ཚ་བོ་སྣང་ངུ་གཡུ་སྟག་ལ་ས་དམར་སྐེས་ཀྱི་རི་ཆུ་ནགས་གསུམ་དང་རུ་སྡེ་མ་ལུས་པ་སྤྲད་གནང་མཛད་དེ་གླིང་གི་དཔའ་རྟུལ་དང་མ་སྲུ་མང་བོས་བདག་འཛིན་བརྒྱབ་པ་ཡིན་ཟེར། སྐྱ་རྐོའི་ལུང་བར་ཡོད་པའི་བྲག་རྡོའི་གཟུགས་སུ་གྲུབ་ཡོད་པ་དེ་དང་། གེ་སར་རྒྱལ་པོའི་རལ་གྲི། རྟ་ར། རྟ་རྫིའི་ཉལ་ཁང་། འབྲུག་མོའི་ཆུ་སྟེགས་དང་ཐགས་ཤིང་། ཁྱི་དང་ལ་སོགས་ཀྱི་གཟུགས་འདྲ་བའི་བྲག་རྡོ་ཡོད་ལ། རྔ་ལོ་མ་ཞེས་པ་རུ་གླིང་གི་རྒྱ་སྒོ་དང་། གླིང་གི་མཆོད་ཁང་། རྡོ་རྒན་ལུང་བ་ན་འཛམ་གླིང་གེ་སར་རྒྱལ་པོའི་རྟ་རྗེས་དང་། གླིང་གི་ཆོས་བརྩིགས་སམ་བྲག་ཆོས་ཁྲི་ཡོད་པར་མ་ཟད། གླིང་དཀར་སྟོད་ཀྱི་སྒོ་ཟོག་མ་མོ་ངང་རིལ་མའི་ལུག་གཏེར་སོགས་ཀྱང་ཡོད་དེ། མདོར་ན་གནས་མཆོག་འདི་ནི་སྣང་ངུ་གཡུ་སྟག་གིས་བདག་བཟུང་མཛད་པའི་ཡུལ་ཡིན་པས་སྣང་ངུ་གཡུ་སྟག་གི་ཡུལ་ཞེས་ཐོགས་པ་ཡིན་ནོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-25

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།