ཀྱལ་ཕུག་པདྨའི་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྱལ་ཕུག་པདྨའི་རྫོང་ནི་འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ37གྱི་མཚམས་ན་ཡོད། གནས་འདི་དང་དུང་དཀར་ཉི་མའི་རྫོང་དང་། ཁུ་བྱུག་སྔོན་མོའི་རྫོང་གསུམ་ནི་རྫོང་ཆེན་གསུམ་དུ་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
加普班玛宗
ལ་ཏིང་གི་མིང་།
kyal phug pad+ma'I rdzong
རིགས་དབྱེ།
གནས་འགངས་ཆེན།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་།
གནས་ཡུལ།
འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ37གྱི་མཚམས་ན་ཡོད།
1 ངོ་སྤྲོད།

ཀྱལ་ཕུག་པདྨའི་རྫོང་ནི་འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ37གྱི་མཚམས་ན་ཡོད། གནས་འདི་དང་དུང་དཀར་ཉི་མའི་རྫོང་དང་། ཁུ་བྱུག་སྔོན་མོའི་རྫོང་གསུམ་ནི་རྫོང་ཆེན་གསུམ་དུ་གྲགས། ངག་རྒྱུན་ལ། གནས་འདི་ནི་གླིང་གི་དཔའ་ཆེན་ཚ་ཞང་འདན་མ་བྱང་ཁྲའི་བཞུགས་གནས་ཡིན་པར་བཤད་ལ། ཀྱང་ཕུག་མཚམས་ཁང་དུ་གྲགས་པའི་སྒྲུབ་ཕུག་གྲགས་ཅན་དེའང་གནས་འདི་ན་ཡོད། འདི་ནི་སྐྱབས་མགོན་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་མཆོག་གིས་དུས་ཡུན་རིང་བོར་སྒྲུབ་པ་ཉམས་ལེན་མཛད་པའི་གནས་ཡིན་ལ། ས་འདིར་ཀྱལ་རྟ་སྟུག་པོས་ཁེབས་ཡོད་ལ། ཀྱལ་ཕུག་མཚམས་ཁང་བཞུགས་སའི་གནས་ཡུལ་ནི་མེ་ཏོག་པདྨའི་དབྱིབས་སུ་འདུག་པས་གནས་མཆོག་འདིའི་མཚན་ལའང་དེ་སྐད་དུ་ཐོགས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-25

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།