འབྲུག་མོའི་སྦྲ་གུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབྲུག་མོའི་སྦྲ་གུར་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་མངའ་ཁོངས་ཀྱི་དེའུ་འབུར་གཉིས་ཀྱི་མིང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
珠姆札格尔
ལ་ཏིང་གི་མིང་།
’brug mo’i sbra gur
རིགས་དབྱེ།
ཤུལ་རྟེན་ངག་རྒྱུན།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ།
གནས་ཡུལ།
གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་མངའ་ཁོངས་ན་ཡོད།
1 ངོ་སྤྲོད།

འབྲུག་མོའི་སྦྲ་གུར་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་མངའ་ཁོངས་ཀྱི་དེའུ་འབུར་གཉིས་ཀྱི་མིང་ཡིན། ངག་རྒྱུན་ལ། འཛམ་གླིང་གེ་སར་རྒྱལ་པོ་བདུད་འདུལ་དུ་ཕེབས་རྗེས། སེང་ལྕམ་འབྲུག་མོས་ཁོང་གི་སྐུ་རྗེས་གཅོད་ཆེད་གནས་འདིར་བསླེབས་ཚེ། ཆུ་ཆེན་ཞིག་ལ་ཐུག་ནས་འགྲོ་མ་ཐུབ་པའི་ཁར། ཉི་མའང་གློ་བུར་དུ་ནུབ་ནས་འཇིགས་སྐྲག་དང་བཅས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་དེར། ཨ་ནེ་གོང་སྨན་རྒྱལ་མོས་རྫུ་འཕྲུལ་གྱིས་ཟས་གོས་གཉིས་འཛོམས་ཀྱི་སྤྲུལ་བའི་སྦྲ་གུར་གཉིས་ཕིབས་པའི་ནང་འབྲུག་མོ་ཞག་འགར་བཞུགས་པར་གྲགས། ད་ལྟ་གནས་འདིར་དེའུ་འབུར་གཉིས་ཡོད་པ་ནི།ཨ་ནེ་གོང་སྨན་རྒྱལ་མོས་འབྲུག་མོའི་དོན་དུ་སྤྲུལ་སྒྱུར་གནང་པའི་སྦྲ་གུར་དེ་གཉིས་ཀྱི་རྣམ་པ་འགྱུར་བ་ལས་གྲུབ་པར་བཤད་པས་མིང་ཡང་དེ་སྐད་དུ་ཐོགས།

《གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས》ལྟར་ན།  སེང་ཆེན་རྒྱལ་པོ་མ་ཨ་ནེ་གོང་སྨན་རྒྱལ་མོའི་ལུང་བསྟན་ལྟར་མ་རུངས་ནག་པོ་བདུད་འདུལ་བར་ཆས། སྐྱ་ལོའི་སེང་ལྕམ་འབྲུག་མོས་རྟ་ནག་རྒོད་མ་བློ་ཁྲིད་ལ་ཞོན་ཏེ་རྗེས་དེད་ནས་མཚོ་ལུང་མཚོ་བདུན་ཞེས་པའི་ཤར་མདུན་དུ་རྒྱལ་པོར་མཇལ་ཏེ་ཞག་བཞུགས་མཛད། ཨ་ནེ་གོང་སྨན་རྒྱལ་མོས་འཛམ་གླིང་ལ་འབྲུག་མོ་གཉིད་སོང་དུས་འབྲོ་དགོས་པའི་ལུང་བསྟན་པ་ལྟར་འབྲུག་མོ་གཉིད་པ་དང་མྱུར་དུ་བཞེངས་ལམ་དུ་ཆས།

ཕྱི་ཉིན་འབྲུག་མོ་གཉིད་ལས་སད་དེ་ལྟ་དུས། མི་འདུག་པས་སྐྱོ་བ་ཆེན་པོས་འཕྲལ་དུ་རྒོད་མ་བློ་ཁྲིད་ལ་ཞོན་ནས་རྗེས་བསྙེགས་ཀྱང་ཨ་ནེ་གོང་སྨན་རྒྱལ་མོས་སྤྲུལ་བའི་ཆུ་བོ་ཆེན་པོ་ཞིག་གིས་བཀག་པས་ཕྱིར་མི་ལོག་ཀ་མེད་བྱུང་། འབྲུག་མོ་གཅིག་པུ་མཚོ་ལུང་མཚོ་བདུན་གྱི་ཤར་མདུན་གྱི་རྫ་ལུང་དེར་བསླེབས་སྐབས་ས་རུབ། གོང་སྨན་རྒྱལ་མོས་སེང་ལྕམ་འབྲུག་མོ་ལ་སྐྲག་འཇིགས་བསལ་ཕྱིར་མདུན་དུ་ཟས་གོས་གཉིས་འཛོམས་ཀྱི་སྦྲ་གུར་གཉིས་སྤྲུལ། འབྲུག་མོ་ཅུང་ཙམ་དགའ་སྟེ་ཞག་བཞུགས་གནང་བས། འབྲུག་མོའི་སྦྲ་གུར་ཞེས་པའི་མིང་ཡང་ཐོགས་སྐད། 

བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། གྲོག་རོང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-30

གསར་སྤེལ་མཁན། :གཡུ་འབྲུག

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།