རྒྱགས་པ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རྒྱགས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཚད་མ་རིག་པའི་བརྡ་ཆད། )

རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་མཁས་མཆོག་ཡེ་ཤེས་རྒྱལ་མཚན་གྱི་སེམས་སེམས་བྱུང་གི་སྡོམ་ཚིག་ཏུ། ཁྲོ་དང་འཁོན་འཛིན་འཆབ་པ་དང་། །འཚིག་པ་ཕྲག་དོག་སེར་སྣ་སྒྱུ། །གཡོ་རྒྱགས་རྣམ་འཚེ་ངོ་ཚ་མེད། ། ཁྲེལ་མེད་རྨུགས་དང་རྒོད་པ་དང་། །མ་དད་ལེ་ལོ་བག་མེད་དང་། །བརྗེད་ངེས་ཤེས་བཞིན་མིན་པ་དང་། །རྣམ་གཡེང་དང་ནི་ཉི་ཤུའོ། ། ཞེས་ཉེ་ཉོན་ཉི་ཤུར་དབྱེ་བའི་ནང་གསེས་ཤིག་སྟེ། ཚེ་རིང་བ་དང་ནད་མེད་པ་ལང་ཚོ་རྒྱས་པ་ལོངས་སྤྱོད་འཛོམས་པ་སོགས་ལ་དམིགས་ནས་སེམས་ཁེངས་ཤིང་དགའ་བའི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་གོ །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཕྱི་ཡིག་གི་མིང་།
haughtiness
1 མཚན་ཉིད།

རྒྱགས་པ་གང་ཞེ་ན། ནད་མེད་པ་དང་ལང་ཚོ་ལ་བབ་པ་ལ་བརྟེན་ཅིང་ཚེ་རིང་བའི་མཚན་མ་དང་། ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་གང་ཡང་རུང་བ་མཐོང་ནས། འདོད་ཆགས་ཀྱི་ཆར་གཏོགས་པའི་དགའ་བ་དང་། ཡིད་བདེ་བ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། ། ཞེས་དང་། ཡང་ན། ཕུན་སུམ་ཚོགས་པའི་ཁྱད་པར་གང་རུང་ལ་དམིགས་ནས་ཡིད་དགའ་ཞིང་བདེ་བས་སེམས་ཁེངས་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ་རྒྱགས་པའི་མཚན་ཉིད།

2 མཚན་གཞི།

རང་གི་ལང་ཚོ་དང་ཡོན་ཏན་སོགས་གང་རུང་ལ་དམིགས་ནས་སེམས་ཁེངས་ཤིང་རྒྱགས་པ་ལྟ་བུའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-17

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།