རྫས་ཡོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྫས་ཡོད་ཅེས་པ་ནི་རྫས་སུ་གྲུབ་པའི་དོན་ཏེ། དེ་ཡང་བྱེ་བྲག་སྨྲ་བས་འདོད་ཚུལ་ཞིག་སྟེ། ཆོས་ཐམས་ཅད་རྫས་སུ་གྲུབ་དགོས་ཏེ། གལ་སྲིད་ཆོས་རྣམས་རང་རང་གི་ངོ་བོ་རྫས་སུ་མ་གྲུབ་ན་འཇོག་མི་ཤེས་པས་ཐམས་ཅད་རྗས་སུ་གྲུབ་པར་འདོད། འོན་ཀྱང་མདོ་སེམས་དབུ་མ་རང་རྒྱུད་པ་རྣམས་ཀྱིས་དོན་བྱེད་ནུས་པ་ལས་གཞན་པའི་ཆོས་རྣམས་རྫས་སུ་གྲུབ་པར་ཁས་མི་ལེན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
实有
ཕྱི་ཡིག་གི་མིང་།
real exist
1 མཚན་ཉིད།

རྫས་སུ་གྲུབ་པ་དེ་རྫས་ཡོད་ཀྱི་མཚན་ཉིད།

2 མཚན་གཞི།

བུམ་པ་དང་ཀ་བ། ཁང་བ། དཔེ་ཆ་སོགས་རྫས་སུ་གྲུབ་པའི་དངོས་པོ་ལྟ་བུའོ། །

3 སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་བ།

རིགས་པས་གྲུབ་པའི་རྫས་ཡོད། བརྟན་པ་མི་འགྱུར་བའི་རྫས་ཡོད། དོན་བྱེད་ནུས་པའི་རྫས་ཡོད། རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་དང་བཞི་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-07

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།