མན་ཇུ་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མན་ཇུ་རིགས།
མན་ཇུ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ལིའོ་ཉིང་དང་ཅི་ལིན། ཧེ་ལུང་ཅང་བཅས་ཞིང་ཆེན་གསུམ་དུ་འདུས་སྡོད་བྱས་ཡོད་ཅིང་། བསྡོམས་པས་མི་གྲངས10380000ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
满族
སྐད་ཡིག
རྒྱ་སྐད་དང་རྒྱ་ཡིག
མི་གྲངས།
10387958(2010ལོར་སྡོམ་རྩིས་བྱས་པ)
སྡོད་གནས་གཙོ་ཆེ་བ།
ལིའོ་ཉིང་ཞིང་ཆེན་དང་། ཅི་ལིན་ཞིང་ཆེན། ཧེལུང་ཅང་ཞིང་ཆེན། ཧོ་པེ་ཞིང་ཆེན། པེ་ཅིན་གྲོང་ཁྱེར། ནང་སོག་རང་སྐྱོང་ལྗོངས་བཅས།
1 ངོ་སྤྲོད།

མན་ཇུ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ལིའོ་ཉིང་དང་ཅི་ལིན། ཧེ་ལུང་ཅང་བཅས་ཞིང་ཆེན་གསུམ་དུ་འདུས་སྡོད་བྱས་ཡོད་ཅིང་། .jpgདེ་ལས་ལིའོ་ཉིང་དུ་སྡོད་པའི་མན་ཇུ་རིགས་ཧ་ཅང་མང་ལ། གཞན་ད་དུང་ཧོ་པེ་དང་ཞིན་ཅང་། ཀན་སུའུ། ཉིང་ཞ། ཧྲན་ཏུང་སོགས་ཞིང་ཆེན་དང་པེ་ཅིན། ཁྲིན་ཏུའུ། ཞི་ཨན། ཀོང་ཀྲིག་སོགས་གྲོང་ཁྱེར་དུ་ཡང་ཐོར་སྡོད་བྱས་ཡོད། བསྡོམས་པས་མི་གྲངས10380000ལྷག་ཡོད་པ་དང་། ཁོ་ཚོར་རང་གི་ཡི་གེ་ཡོད་མོད། དེང་སང་རྒྱ་ཡིག་བཀོལ་སྤྱོད་བྱེད་བཞིན་ཡོད།

2 ཡུལ་སྲོལ་གོམས་གཤིས།

སྔོན་ཆད་མན་ཇུ་པས་རལ་བ་རིང་བོ་འཇོག་པ་དང་མགོ་ལ་ཞྭ་ནག་སྒོར་སྒོར་གོན། སྐྱེས་མ་ཚོས་མཚལ་ཕྱུ་གོན་པ་དང་མདོག་ལྡན་གོས་རིགས་ཀྱི་སྟོད་ཐུང་གོན། བཅིངས་འགྲོལ་བཏང་བའི་རྗེས་སུ་མན་ཇུ་དང་རྒྱ་རིགས་བར་གྱི་འབྲེལ་བ་ཇེ་དམ་དུ་སོང་བས་རྒྱན་གོས་ཀྱང་རྒྱ་རིགས་དང་ཕལ་ཆེར་འདྲ། འོན་ཀྱང་མན་ཇུའི་མཚལ་ཕྱུ་དུས་རིམ་ཇི་འདྲ་མང་བོ་བརྒྱུད་ནའང་གྲངས་ཉུང་མི་རིགས་གཞན་པའི་སྐྱེས་མ་ཚོ་ཧ་ཅང་དགའ་བའི་གྱོན་ཆས་སུ་གྱུར་ཡོད། མན་ཇུ་རིགས་ནི་པོ་པོ(མན་ཇུའི་སྐད་དེ་ཟས་རིགས་ཤིག)ཟ་བར་ཧ་ཅང་དགའ།.jpg ཁོ་ཚོས་དུས་ཚིགས་དང་བསྟུན་ནས་པོ་པོ་གཡོ་སྐོལ་བྱེད་ལ་དེ་ལས་གཞན་ཕག་ཤ་ཟ་བར་ཡང་ཧ་ཅང་དགའ། ཁོ་ཚོས་ཁྱི་ཤ་མི་ཟ་ཞིང་ཁྱི་ལྤགས་ཀྱིས་བཟོས་པའི་གྱོན་ཆས་རིགས་གཏན་ནས་མི་གོན། མན་ཇུ་རིགས་ཀྱིས་ཧོར་ཟླ་དང་པོའི་ཚེས་བརྒྱད་ནི་ཤཱཀྱ་མུ་ནེ་སངས་རྒྱས་པའི་ཉིན་མོ་ཡིན་པར་བཤད་པས། སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་ཚང་མས་ཆོས་འདོན་མཛད་སྒོ་བསྡུས་ནས་སིལ་ཏོག་རིགས་ཀྱི་མཆོད་པ་འབུལ། མན་ཇུ་རིགས་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ནི་ཁ་བའི་ནང་འགྲོ་བ་དང་། དར་ཤུད། འཇུ་རེས། རི་དྭགས་རྔོན་པ་སོགས་ཡོད།

3 རིག་གནས།

མན་ཇུ་རིགས་ཀྱི་རྩོམ་རིག་ནི་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་གཉིས་ལས་གྲུབ། རྩོམ་རིག་ནང་དུ་ལྷ་སྒྲུང་དང་གཏམ་རྒྱུད། ངག་རྒྱུན། དམངས་གླུ། .jpgགཞས་གཏམ་སོགས་འདུས་ཡོད། གཞས་གཏམ་རིང་བོ《ཉིས་ཧྲན་ས་མན་གྱི་རྟོགས་བརྗོད》ལ་རིན་ཐང་ངེས་ཅན་ཞིག་ལྡན་ལ། དེ་ནི་མན་ཇུ་ཡི་རིགས་ཀྱི“ལོ་རྒྱུས་སྙན་ངག”ཅེས་བརྗོད། སྙན་ངག་མཁན་གུའུ་ཁྲུང་ནི་ཆིང་རྒྱལ་རབས་སྐབས་སུ་སྙན་ཚིག་མཁས་ཅན་མ་ཞེས་མིང་གྲགས་ཆེ་ལ། དེང་རབས་ཀྱི་སྒྲུང་གཏམ་མཁན་དང་། ཟློས་གར་མཁན་ལའོ་ཧྲེ་ནི“མི་དམངས་སྒྱུ་རྩལ་པ”ཞེས་གཟེངས་བསྟོད་ཐོབ་ཡོད། ཁོང་གི《ཇ་ཁང》དང《རྔ་མོང་ཞང་ཙི》སོགས་ལ་མང་ཚོགས་རྣམས་ཧ་ཅང་དགའ།

4 སྐད་ཡིག

རང་ཉིད་ཀྱི་སྐད་དང་ཡི་གེ་ཡོད་ལ། མན་ཇུའི་སྐད་ནི་ཨ་ཨེར་ཐའེ་ཡི་སྐད་ཁོངས་སུ་གཏོགས་ཤིང་མན་དབྱི་ཐུང་ཀུའུ་སི་ཡུས་རིགས་ནི་མན་ཇུ་རིགས་ཀྱི་ཡན་ལག་ཅིག་ཡིན། ད་སྔ། མན་ཇུ་རིགས་མང་ཆེ་བས་རྒྱ་སྐད་དང་རྒྱ་ཡིག་སྤྱོད་བཞིན་ཡོད།

5 ཆོས་ལུགས།

སྔོན་ཆད་ལྷ་མང་ཆོས་ལུགས་ཀྱི་ས་མན་ཆོས་ལ་དད་པ་བྱས་མྱོང་།.jpg

6 དུས་ཆེན།

ལུགས་རྙིང་ལོ་སར་དང་ལོ་སར་ཚེས་བཅོ་ལྔ། ཟླ་གཉིས་པའི་ཚེས་གཉིས། ལྔ་བའི་ཚེས་ལྔའི་དུས་ཆེན། བརྒྱད་པའི་བཅོ་ལྔ་སོགས་ཡོད།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། མན་ཇུ་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-07

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།