ལི་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལི་རིགས།
ལི་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། ཀོང་ཏུང་ཞིང་ཆེན་གྱི་ཧའེ་ནན་ལི་རིགས་མིའོ་རིགས་རང་སྐྱོང་ཁུལ་དུ་འདུས་སྡོད་བྱས་ཡོད་པ་ལས་གཞན་ཧའེ་ནན་ཞིང་ཆེན་གྱི་རྫོང་ཁ་ཤས་སུའང་ཐོར་སྡོད་བྱས་ཡོད། བསྡོམས་པས་མི་གྲངས1463064ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黎族
ཕྱི་ཡིག་གི་མིང་།
the Li ethnicity
སྐད་ཡིག
ལི་རིགས་ཀྱི་སྐད་ཡིག་དང་རྒྱ་ཡིག
མི་གྲངས།
1463064(2010ལོར་སྡོམ་རྩིས་བྱས་པ)
སྡོད་གནས་གཙོ་ཆེ་བ།
ཧའེ་ནན་ཞིང་ཆེན་དང་ཀོང་ཏུང་ཞིང་ཆེན།
1 ​ངོ་སྤྲོད།

ལི་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། ཀོང་ཏུང་ཞིང་ཆེན་གྱི་ཧའེ་ནན་ལི་རིགས་མིའོ་རིགས་རང་སྐྱོང་ཁུལ་དུ་འདུས་སྡོད་བྱས་ཡོད་པ་ལས་.jpgགཞན་ཧའེ་ནན་ཞིང་ཆེན་གྱི་རྫོང་ཁ་ཤས་སུའང་ཐོར་སྡོད་བྱས་ཡོད། བསྡོམས་པས་མི་གྲངས1463064ལྷག་ཡོད་ཅིང་། རང་མི་རིགས་ཀྱི་སྐད་རིགས་ཡོད་ལ། 1957ལོར་ལ་ཏིང་ཡི་གེའི་གཟུགས་ལྟར་ཡི་གེ་གསར་བཟོ་བྱས་ཡོད།

2 ཡུལ་སྲོལ་གོམས་གཤིས།

བུད་མེད་རྣམས་གོ་ཡུ་བལྡད་པར་གཙོ་བོར་འཛིན་པར་དགའ་ལ། སྡོད་ཁང་མང་ཆེ་བ་སྟོར་གཟུགས་དབྱིབས་ཀྱི་རྩ་ཁང་ཡིན་ལ་འདམ་བག་སྨྱུག་.jpgཤིང་གིས་གྱང་ར་བྱས་ཡོད། ལི་རིགས་སྐྱེས་པ་ཚོས་ལུས་ལ་རི་མོ་འབྲི་ཞིང་སྐྱེས་མ་ཚོས་སོའི་ཐོག་ཏུ་ཚོན་འབྱུག་པའི་ལུགས་སྲོལ་ཡོད། ལུགས་སྲོལ་དེ་དེང་སང་ད་དུང་མ་ཉམས་པར་དར་འདུག ཁོ་ཚོ་གཉེན་སྒྲིག་བྱས་ནས་ཉིན་འགའ་འགོར་རྗེས་ཕྱིར་སྐྱེས་མའི་ཁྱིམ་ལ་འགྲོ་ཞིང་བྱིས་པ་ཆགས་ཚེ་ད་གཟོད་ཕྱིར་སྐྱེས་པའི་ཁྱིམ་དུ་ལོག་པ་རེད། ཁོ་ཚོའི་ཟས་རིགས་གང་ཡིན་ཡང་མེར་བསྲེགས་ནས་ཟ་ལ་རུས་གཅིག་པ་རྣམས་ལྷག་དུ་བསྡད་ཡོད། ལི་རིགས་ལ་སྨྱུག་ཤིང་བར་ནས་ལྡིང་རྩེད་བྱེད་པ་དང་ཤིང་བེ་ཏའི་ལོ་མས་བཟོས་པའི་ལྒང་ལི་འགྲན་པ་སོགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་བྱ་འགུལ་ཡོད། ལི་རིགས་མི་དམངས་ཀྱིས་ལོ་སར་སྐབས་ཟས་རིགས་ཕུན་སུམ་ཚོགས་པ་གྲ་སྒྲིག་བྱས་ཏེ་ཁྱིམ་གང་བོས་མཉམ་དུ་ཆང་འཐུང་བ་དང་གླུ་ལེན་པ། ན་གཞོན་ཚོས་ལྷན་དུ་རྩ་འཛུགས་བྱས་ནས་རི་དྭགས་རྔོན་རྩལ་འགྲན་སྡུར་བྱེད་པ་དང་། སྡེ་མི་ཡོངས་ལ་སྐྱིད་སྡུག་མཉམ་.jpgམྱོང་བྱེད་པའི་སྲོལ་བཟང་ཞིག་ཀྱང་ཆགས་ཡོད། ལི་རིགས་ཀྱི་སྐྱེས་མས་སྟོད་ཐུང་བྲང་གཤགས་ཅན་གྱི་སྒྲོག་མེད་སྟོད་ལྭ་དང་སྨད་གཡོག་གོན་ཞིང་། མེ་ཏོག་གཙགས་ཡོད་པའི་ལག་ཕྱིས་དང་རྣ་ལུང་། སྐེ་རྒྱན། ལག་གདུབ་སོགས་འདོགས་པར་དགའ། སྐྱེས་པ་ཚོས་སྟོད་ཐུང་གོང་མེད་ཅན་གོན་ལ་ས་ཆ་ཁ་ཤས་སུ་སྐྱེས་མ་དང་འདྲ་བར་རྣ་ལུང་ཡང་འདོགས། 

3 རིག་གནས།

ལི་རིགས་ཀྱི་རྩོམ་རིག་གཙོ་ཆེ་བ་ནི་ངག་ཐོག་རྩོམ་རིག་ཡིན་ལ། དེའི་ནང་ལྷ་སྒྲུང་དང་ཡུལ་གཞས་ཀྱིས་གོ་གནས་གལ་ཆེན་བཟུང་ཡོད་ཅིང་། དམངས་ཁྲོད་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། བརྩམས་ཆོས་དེ་རིགས་ལས་མི་རིགས་རང་ཉིད་ཀྱི་ཕུགས་འདུན་མཚོན་བྱེད་ཀྱི་དཔའ་བོའི་མི་སྣ་དང་མིས་རང་བྱུང་ཁམས་བསྒྱུར་བཀོད་བྱས་པའི་བརྒྱུད་རིམ། ལི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་མཚོན་ཡོད།

4 སྐད་ཡིག

ལི་སྐད་སྤྱོད་བཞིན་ཡོད་ལ། ས་ཁུལ་མི་འདྲ་ན་ཡུལ་སྐད་ཀྱང་མི་འདྲ་ལ་མི་རིགས་རང་ཉིད་ཀྱི་ཡི་གེ་མེད།

5 ཆོས་ལུགས།

ས་ཁུལ་མང་ཆེ་བས་མེས་པོར་དད་པ་གཙོ་བོར་འཛིན་ཞིང་། མེས་པོར་མཆོད་པ་ནི་ལི་རིགས་ཀྱི་ཆོས་ལུགས་ཀྱི་བྱ་འགུལ་གལ་ཆེན་ཞིག་ཡིན། ད་དུང་རང་བྱུང་ཁམས་ལ་.jpgདད་གུས་བྱེད་པའི་སྲོལ་ཀྱང་ཡོད། ས་ཁུལ་ཁ་ཤས་ཀྱིས་ད་དུང་གདོད་མའི་མཚོན་ཆོས་ཀྱི་རྗེས་ཤུལ་སྲུང་འཛིན་བྱས་ཡོད།

6 དུས་ཆེན།

ལུགས་རྙིང་ལོ་སར་དང་འདས་མཆོད་དུས་སྟོན། ལྔ་བའི་ཚེས་ལྔ། བརྒྱད་པའི་བཅོ་ལྔ་སོགས་ཡོད།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། ལི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-07

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།