ཧོ་ཀྲེ་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་ཀྲེ་རིགས།
ཧོ་ཀྲེ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ཧེ་ལུང་ཅང་ཞིང་ཆེན་གྱི་རའོ་ཧྲི་དང་ཧྥུ་ཡོན་རྫོང་གཉིས་སུ་ཁྱབ་སྡོད་བྱས་ཡོད་ལ། བསྡོམས་པས་མི་གྲངས5354ལས་མེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赫哲族
ཕྱི་ཡིག་གི་མིང་།
Hezhen,Nanai
སྐད་ཡིག
ཧོ་ཀྲེའི་སྐད་དང་རྒྱ་སྐད་རྒྱ་ཡིག
མི་གྲངས།
5354(2010ལོར་སྡོམ་རྩིས་བྱས་པ)
ཆོས་ལུགས།
ས་མཎ་ཆོས་ལུགས།
སྡོད་གནས་གཙོ་ཆེ་བ།
ཧེ་ལུང་ཅང་ཞིང་ཆེན།
1 ​ངོ་སྤྲོད།

ཧོ་ཀྲེ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ཧེ་ལུང་ཅང་ཞིང་ཆེན་གྱི་རའོ་ཧྲི་དང་ཧྥུ་ཡོན་རྫོང་གཉིས་སུ་ཁྱབ་སྡོད་བྱས་ཡོད་ལ། བསྡོམས་པས་.jpgམི་གྲངས5354ལས་མེད། ཧོ་ཀྲེ་རིགས་ནི་མེས་པོ་ནས་བཟུང་ཧེ་ལུང་ཅང་གཙང་བོ་དང་སུང་ཧྭ་ཅང་གཙང་བོ། ཝོ་སུའུ་ལི་ཅང་གཙང་བོ་བཅས་ཀྱི་འབབ་རྒྱུན་དུ་འཚོ་སྡོད་བྱས་ཡོད།

2 ཡུལ་སྲོལ་གོམས་གཤིས།

ཧོ་ཀྲེ་རིགས་ཀྱིས་དབྱར་ཁར་ཉ་འཛིན་པ་དང་དགུན་ཁར་ཨོག་དཀར་འཛིན་པ་དང་། དུས་མཚུངས་སུ་འདེབས་འཛུགས་ལས་རིགས་དང་ལས་སྣོན་ལས་རིགས་ཀྱང་སྤེལ་བཞིན་ཡོད་ལ། སྐྱེས་པ་རྣམས་ཀྱིས་གཅན་གཟན་གྱི་པགས་པའི་རིགས་ལས་བཟོས་པའི་ལྭ་རིང་གྱོན་པ་དང་སྐྱེས་མ་རྣམས་ཀྱིས་ཉ་ཤུན་དང་རི་དྭགས་ཤ་བའི་པགས་པས་བཟོས་པའི་ལྭ་རིང་གྱོན།.jpg བཅིང་འགྲོལ་བྱས་རྗེས་སྐྱེས་ཕོ་མོའི་གྱོན་ཆས་ནི་ས་དེ་གའི་རྒྱ་རིགས་དང་ཁྱད་པར་མེད། ཧོ་ཀྲེ་རིགས་ཀྱི་ཟ་མ་གཙོ་བོ་ནི་ཉ་ཡིན་ལ། ཁོ་ཚོས་མགྲོན་པོ་བསླེབས་པ་ན་ཉ་ཤས་སྣེ་ལེན་བྱེད་པ་ནི་མགྲོན་པོར་ཆེས་བཀུར་བཟོས་བྱེད་པའི་མཚོན་བྱེད་ཅིག་ཡིན། གཉེན་སྟོན་གྱི་གོམས་སྲོལ་ལ་མན་ཇུ་རིགས་དང་རྒྱ་རིགས་ཀྱི་ཤན་ཞུགས་ཏེ། བཟའ་ཟླ་མང་ཆེ་ཤོས་གཞན་གྱིས་ངོ་སྤྲོད་བྱེད་པ་དང་ཕ་མས་གཏན་ཁེལ་བྱེད་པ་ཡིན།

3 རིག་གནས།

ཧོ་ཀྲེ་རིགས་ལ་དམངས་ཁྲོད་རྩོམ་རིག་ཕུན་སུམ་ཚོགས་པ་ཡོད་དེ། 《ཡེ་མ་ཁན》ཞེས་པ་ནི་ཧོ་ཀྲེ་རིགས་ཀྱི་དམངས་ཁྲོད་ངག་ཐོག་རྩོམ་རིགས་གི་རྣམ་པ་ཞིག་ཡིན་ལ། .jpgརྩོམ་རིག་གི་རྣམ་པ་དེར་རང་རྒྱལ་བོད་རིགས་ཀྱི《གེ་སར་སྒྲུང》དང་ཕལ་ཆེར་གཅིག་མཚུངས་ཡིན་པ་དང་། རྩོམ་རིག་ཐད་རིན་ཐང་གལ་ཆེན་ལྡན་པར་མ་ཟད། ལོ་རྒྱུས་རིག་པ་དང་མི་རིགས་རིག་པ། སྤྱི་ཚོགས་རིག་པ། སྐད་རིགས་རིག་པ་བཅས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན།

4 སྐད་ཡིག

ཧོ་ཀྲེ་སྐད་བཤད་པ་དང་ཡི་གེ་མེད་པར་རྒྱ་ཡིག་གཅིག་གྱུར་ཏུ་སྤྱོད་བཞིན་ཡོད།

5 ཆོས་ལུགས་དད་མོས།

ས་མཎ་ཆོས་ལུགས་ལ་དད་ཅིང་། བྱ་དངོས་ཀུན་ལ་རྣམ་ཤེས་ལྡན་པར་ཡིད་ཆེས་བྱེད་པ་ཡིན།.jpg

6 དུས་ཆེན།

ཧོ་ཀྲེ་རིགས་ཀྱི་དུས་ཆེན་གཙོ་བོ་ནི་ལོ་སར་ཡིན། རྩྭའི་ལྒང་ལི་འཛིན་པ་ནི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་གཙོ་བོ་ཞིག་ཡིན་ཏེ་དེ་ནི་ཉ་འཛིན་པ་ནས་དར་བ་ཞིག་རེད། 


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། ཧོ་ཀྲེ་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-09

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།