རྣམ་འཕྲུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

༡ མིག་སོགས་དབང་པོར་ནད་དང་རྫས་སོགས་ཀྱིས་ཤན་ཞུགས་པའི་འཕྲུལ་སྣང་སྒྱུ་མའི་རྣམ་འཕྲུལ་སྟོན་པ། ༢ སྔགས་སོགས་ཀྱི་ལས་ཀྱི་བསྟན་བཅོས་སྣ་ཚོགས་སུ་བསྟན་པའི་སྤྲུལ་སྒྱུར་གྱི་མིང་།
1 ལོ་ཙཱ།

རྒྱ་ཡིག 变化

དབྱིན་ཡིག emanation

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①མིག་སོགས་དབང་བོར་ནད་དང་རྫས་སོགས་ཀྱིས་ཤན་ཞུགས་པའི་འཕྲུལ་སྟོན་པ། མིག་རྣམ་པར་འཕྲུལ་བ་ཞེས་པ་ལྟ་བུ། ②ལྷ་སྒྲུང་ནང་དུ་བཤད་པའི་སྤྲུལ་སྒྱུར་སྣ་ཚོགས་ཀྱི་མིང་།

2.བརྡ་དག་མིང་ཚིག་གསལ་བ་ལས།  སྤྲུལ་བའི་རྣམ་པ།  神变( 佛)。变化相。

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  སྤྲུལ་པ།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  སྤྲུལ་པ། 变化。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①མིག་སོགས་དབང་པོར་ནད་དང་རྫས་སོགས་ཀྱིས་ཤན་ཞུགས་པའི་འཕྲུལ་སྣང་སྒྱུ་མའི་རྣམ་འཕྲུལ་སྟོན་པ་སྟེ། དཔེར་ན། མིག་རྣམ་པར་འཕྲུལ་བ་ཞེས་པ་ལྟ་བུ། ②ཆོས་ལུགས། སྔགས་སོགས་ཀྱི་ལས་ཀྱི་བསྟན་བཅོས་སྣ་ཚོགས་སུ་བསྟན་པའི་སྤྲུལ་སྒྱུར་གྱི་མིང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-30

གསར་སྤེལ་མཁན། :བྱ་མདོ་ཀླུ་མོ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།