ཨོ་ལོན་ཁྲུན་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨོ་ལོན་ཁྲུན་རིགས།
ཨོ་ལོན་ཁྲུན་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ནང་སོག་རང་སྐྱོང་ལྗོངས་དང་ཧེ་ལུང་ཅང་ཞིང་ཆེན་བར་གྱི་ཞིན་ཨན་ལིན་ཆེ་ཆུང་གི་གནས་གཉིས་སུ་ཐོར་སྡོད་བྱས་ཡོད་ལ། བསྡོམས་པས་མི་གྲངས 8659ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鄂伦春族
ཕྱི་ཡིག་གི་མིང་།
Oroqen people
སྐད་ཡིག
ཨུ་ལོན་ཁྲུན་སྐད་དང་རྒྱ་ཡིག
མི་གྲངས།
8659(2010ལོར་སྡོམ་རྩིས་བྱས་པ)
སྡོད་གནས་གཙོ་ཆེ་བ།
ནང་སོག་རང་སྐྱོང་ལྗོངས་དང་ཧེ་ལུང་ཅང་ཞིང་ཆེན།
1 ངོ་སྤྲོད།

ཨོ་ལོན་ཁྲུན་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གཙོ་བོ་ནང་སོག་རང་སྐྱོང་ལྗོངས་དང་ཧེ་ལུང་ཅང་ཞིང་ཆེན་བར་གྱི་ཞིན་ཨན་ལིན་ཆེ་ཆུང་གི་.jpgགནས་གཉིས་སུ་ཐོར་སྡོད་བྱས་ཡོད་ལ། བསྡོམས་པས་མི་གྲངས 8659ལྷག་ཡོད། ཨོ་ལོན་ཁྲུན་སྐད་བཤད་བཞིན་ཡོད་པ་དང་ཡི་གེ་མེད། སྤྱིར་བཏང་དུ་རྒྱ་ཡིག་སྤྱོད་བཞིན་ཡོད་ལ། ད་དུང་ཨོ་ལུན་ཁྲུན་རིགས་ཁ་ཤས་ཀྱིས་སོག་ཡིག་སྤྱོད་བཞིན་ཡོད།

2 ཡུལ་སྲོལ་གོམས་གཤིས།

ཨོ་ལོན་ཁྲུན་གྱི་སྐྱེས་པ་ཕོ་མོ་ཀུན་གྱིས་སློག་པ་གྱོན་པ་དང་། ཕུར་ཁ་དང་གོང་ཁ་རྣམས་མཛེས་རིས་རྣམ་པར་བཀྲ་བའི་གོས་ཀྱིས་གཡོགས་ཡོད། མགོར་ཀོ་ཞྭ་དང་རྐང་.jpgབར་འཇུར་རྟ་ཡུ་རིང་གྱོན་ཡོད་པ་རེད། བཅིངས་འགྲོལ་རྗེས་སུ་གྱོན་གོས་ལ་འགྱུར་ལྡོག་བྱུང་ནས་ཕལ་ཆེར་རྒྱ་རིགས་དང་གཅིག་འདྲ་ཡིན། ཁོ་ཚོའི་ཟས་གཙོ་བོ་གཅན་གཟན་གྱི་ཤ་ཡིན་པ་ལས་གཞན། འདབ་ཆགས་ཀྱི་ཤ་དང་ཉ་ཤ་སོགས་ཀྱང་ཟ་བར་དགའ། གཉེན་སྒྲིག་བྱེད་སྐབས་ངེས་པར་དུ་ཐོག་མར་གཉེན་སློང་བ་དང་དེ་ནས་གཉེན་ཉེའི་ངོས་འཛིན་པ། ལེགས་སྐྱེས་འབུལ་བ། གཉེན་བསུ་བྱེད་པ་བཅས་རིམ་པ་གཙོ་བོ་བཞི་བརྒྱུད་དགོས། མདའ་འཕེན་པ་ནི་ཨོ་ལོན་ཁྲུན་རིགས་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ཞིག་ཡིན།

3 རིག་གནས།

ཨོ་ལོན་ཁྲུན་གྱི་རྩོམ་རིག་གཙོ་བོ་ནི་ངག་ཐོག་གི་རྩོམ་རིག་ཡིན་ཞིང་། ལྷ་སྒྲུང《ཨེན་ཏུའུ་ལེ་ཡིས་ཨོ་ལོན་ཁྲུན་གསར་གཏོད་བྱས་པ》ཞེས་པ་དང་། ངག་རྒྱུན《ཞིན་ཨན་ལིན་དང་ཀན་ཧོ་ཆུ་བོའི་ངག་རྒྱུན》དམངས་ཁྲོད་གཏམ་རྒྱུད《ཆི་ཐ་ཡ་ཡི་གཙུག་སྒྲོ་ནག་པོ》ཞེས་པ་སོགས་ཀྱིས་མི་རིགས་རང་གི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རྣམ་པ། ཐོན་སྐྱེད་བྱེད་ལུགས། ཡུལ་སྲོལ་གོམས་.jpgའདྲིས་སོགས་མཚོན་པས། ནང་དོན་བབ་ཆགས་ཤིང་གཏིང་ཟབ་ལ། མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡིན། ཨོ་ལོན་ཁྲུན་རིགས་ལ་རྒན་བཀུར་ཆུང་བྱམས་དང་མགྲོན་པོར་བརྩི་བཀུར་བྱེད་པའི་སྲོལ་བཟང་བོ་ཞིག་ཡོད། མགྲོན་པོ་ཁྱིམ་དུ་སླེབས་པ་ན་ཟས་གང་བཟང་གིས་སྣེ་ལེན་བྱེད་པར་མ་ཟད། གྱེས་ཁའང་དྲན་རྟེན་དུ་ལེགས་སྐྱེས་འབུལ་བ་ཡིན།

4 ཆོས་ལུགས།

ལྷ་མང་གི་ས་མཎ་ཆོས་ལུགས་ལ་དད་པ་དང་ད་དུང་མེས་པོར་དད་གུས་ཀྱང་ཆེན་པོ་བྱེད།.jpg

5 དུས་ཆེན།

གཙོ་བོ་ལུགས་རྙིང་ལོ་སར་ཡིན་ལ། ལྔ་བའི་ཚེས་ལྔ་དང་བརྒྱད་པའི་བཅོ་ལྔ་ཡང་རོལ་སྲོལ་ཡོད།.jpg


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-16

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།