ཏུང་ཞང་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏུང་ཞང་རིགས།
ཏུང་ཞང་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ཀན་སུའུ་ཞང་ཆེན་ཉིན་ཞ་ཧུའེ་རིགས་རང་སྐྱོང་ཁུལ་དུ་འདུད་སྡོད་བྱས་ཡོད་ཅིང་། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དང་། ཉིན་ཞ་ཧུའེ་རིགས་རང་སྐྱོང་ཁུལ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ཁུལ་བཅས་སུའང་ཐ་ཐོར་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东乡族
སྐད་ཡིག
ཏུང་ཞང་སྐད་དང་རྒྱ་ཡིག
ཆོས་ལུགས་དད་མོས།
དབྱི་སི་ལན་ཆོས་ལུགས།
མི་གྲངས།
621500(2010ལོར་སྡོམ་རྩིས་བྱས་པ)
སྡོད་གནས་གཙོ་ཆེ་བ།
ཀན་སུའུ་ཞིང་ཆེན་དང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས།
1 ངོ་སྤྲོད།

ཏུང་ཞང་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན་ལ། གཙོ་བོ་ཀན་སུའུ་ཞང་ཆེན་ཉིན་ཞ་ཧུའེ་རིགས་རང་སྐྱོང་ཁུལ་དུ་འདུད་སྡོད་བྱས་ཡོད་ཅིང་། .jpgཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དང་། ཉིན་ཞ་ཧུའེ་རིགས་རང་སྐྱོང་ཁུལ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ཁུལ་བཅས་སུའང་ཐ་ཐོར་དུ་གནས་ཡོད། མི་རིགས་དེ་གཙོ་བོ་ཧོ་ཀྲིག(ད་ལྟའི་ཀན་སུའུ་ལིན་ཞ་ས་ཁུལ)ཏུང་ཞང་ས་ཀུལ་དུ་འདུས་སྡོད་བྱས་ཡོད་པས་མིང་ལ་ཏུང་ཞང་རིགས་ཞེས་བཏགས། བསྡོམས་པས་མི་གྲངས621000ལྷག་ཡོད་ལ། ཏུང་ཞང་སྐད་རིགས་བཀོལ་བ་ལས་མི་རིགས་རང་ལ་ཡི་གེ་མེད་ཅིང་། ཡོངས་ཁྱང་ཏུ་རྒྱ་ཡིག་བཀོལ་བཞིན་ཡོད།

2 ཡུལ་སྲོལ་གོམས་གཤིས།

མི་རིགས་དེའི་སྐྱེས་པ་ཚོས་གཞུང་གཤགས་སྟོད་ཐུང་གོན་པ་དང་། གོང་གོར་ཁན་སྦྱར་གོན་ཞིང་། མགོར་ཞྭ་རིལ་དཀར་བོ་གོན་པ་རེད། སྐྱེས་མ་ཚོས་གཡས་གཤགས་ལྭ་རིང་གོན་པ་དང་། གཞོན་ནུ་མ་ཚོས་ཕུར་ཁར་མེ་ཏོག་གཙགས་ཡོད་པ་དང་ཕྱི་ལ་ཁན་སྦྱར་གོན་ཞིང་། མགོར་ཞྭ་གོར་གོན་པ་དང་ཞྭ་ཀླད་ནི་ལྗང་ཁུའམ་སྔོན་པོ་ཡིན། ཞྭ་འདབས་སུ་མདོགས་དམར་བོ.jpgའམ་ལྗང་ཁུའི་ལྟེབ་རིས་ཡོད་ཅིང་། ལོགས་གཉིས་སུ་མདོག་ལྡན་སྐུད་སྣེ་གཉིས་བསྣར་ནས་སྐུད་སྣེའི་སྟེང་ལ་ཕྲེང་རྡོག་བརྒྱུས་ཡོད། ཏུང་ཞང་རིགས་མགྲོན་པོར་ཧ་ཅང་དགའ། ཁྱིམ་བདག་གིས་སྐུ་མགྲོན་ལ་སྣེ་ལེན་བྱེད་ན། སྤྱིར་བཏང་དུ་མགྲོན་པོ་དང་མཉམ་ཟ་མཉམ་འཐུང་མི་བྱེད་པར། མགྲོན་པོའི་འགྲམ་དུ་ལངས་ནས་སྣེ་ལེན་ཁོ་ན་བྱེད། དེ་ཡིས་མགྲོན་པོར་བརྩི་བཀུར་གང་ལེགས་བྱེད་པའི་རྣམ་པ་མཚོན་ནོ།། ཏུང་ཞང་རིགས་ཀྱི་སྲོལ་རྒྱུན་གཉེན་སྒྲིག་གི་ཁྲོད་དུ“སྙེས་འབོག་རྩེ་བ”ཞེས་པའི་ལུགས་སྲོལ་ཞིག་ཡོད་དེ། གཉེན་སྒྲིག་གི་ཉིན་དེར་མག་གསར་གྱིས་མནའ་མ་རང་ཁྱིམ་དུ་འཁྲིད་པ་དང་། སྡེ་བའི་ཕོ་མོ་རྒན་གཞོན་ཚང་མ་མནའ་མའི་ལག་བདེ་མིན་ལ་བལྟ་རུ་ཡོང་བ་ཡིན་པས། སྙེས་འབོག་སྟེང་གི་རི་མོའི་བཟང་ངན་དེར་ཧ་ཅང་ཡིད་འཇོག་བྱེད་པ་རེད། གལ་ཏེ་རི་མོ་ལེགས་ན་ཚང་མས་གླུ་བླངས་ནས་མནའ་མར་བསྟོད་བསྔགས་བྱེད་དོ།།

3 རིག་གནས།

ཏུང་ལང་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་ངག་ཐོག་གི་རྩོམ་རིག་ཡིན། དོན་བརྗོད་སྙན་རྩོམ་རིང་མོ《མུས་ལ་ནག་ཆུང》དང《རྒུན་འབྲུམ་བུ་མོ》སོགས་ཀྱིས་ན་གཞོན་ཕོ་མོའི་བརྩེ་དུངས་མཚོན་ཤིང་། གཏམ་རྒྱུད་ཀྱི་བྱུང་རིམ་གྱིས་མིའི་ཡིད་སེམས་དབང་མེད་དུ་འཕྲོག་ནུས། ཁྱད་པར་དུ་ཏུང་ཞང་རིགས་ཀྱི“གཞས”ནི་ངལ་རྩོལ་མི་དམངས་ཚོས་ཆེས་དགའ་བོ་བྱེད་པའི་སྒྱུ་རྩལ་གྱི་མེ་ཏོག་ཆུན་པོ་ཞིག་ཡིན།

4 དུས་ཆེན།

སྨྱུང་གྲོལ་དུས་སྟོན་དང་ཁུར་པན་དུས་སྟོན། ལྷ་རབས་དུས་སྟོན་སོགས་སྲོལ་རྒྱུན་དུས་ཆེན་ནི་ཧུའེ་རིགས་དང་གཅིག་མཚུངས་ཡིན་ལ། ཁོ་ཚོའི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ལ་རྡོ་འཕེན་འགྲན་སྡུར་དང་ཤེད་ཀྱིས་ལྕགས་རིལ་འདེགས་པ་སོགས་ཡོད།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། ཏུང་ཞང་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-16

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།