རྨ་ལྷོ་སོག་རྫོང་བྱིས་གཉོར་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྨ་ལྷོ་སོག་རྫོང་བྱིས་གཉོར་ཁང་ནི་ལོ3ནས6བར་གྱི་བྱིས་པ་གཙོ་བོ་ཡིན་པའི་ཉིན་གང་ལམ་ལུགས་ཀྱི་གཞུང་སྒྲུབ་བྱིས་གཉོར་ཁང་ཐོག་མ་ཡིན་པ་དང་། སྤྱི་ལོ2010ལོའི་ཟླ8པར་རྫོང་ཆགས་སའི་གཡུ་སྒང་ཉིན་གྲོང་རྡལ་དུ་གནས་སྤར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南蒙古自治县幼儿园
ལ་ཏིང་གི་མིང་།
rm lho sog rdzong byis gnyor khang
བཙུགས་ལོ།
སྤྱི་ལོ1987ལོ།
རིགས་དབྱེ།
གཞུང་བཙུགས་བྱིས་གཉོར་ཁང་།
སློབ་གཉེར་སྡེ་ཁག
རྨ་ལྷོ་སོག་རྫོང་སློབ་གསོ་ཅུའུ།
གནས་ཡུལ།
རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་།
1 ​ངོ་སྤྲོད།

རྨ་ལྷོ་སོག་རྫོང་བྱིས་གཉོར་ཁང་ནི་ལོ3ནས6བར་གྱི་བྱིས་པ་གཙོ་བོ་ཡིན་པའི་ཉིན་གང་ལམ་ལུགས་ཀྱི་གཞུང་སྒྲུབ་བྱིས་གཉོར་ཁང་ཐོག་མ་ཡིན་པ་དང་། སྤྱི་ལོ2010ལོའི་ཟླ8པར་རྫོང་ཆགས་སའི་གཡུ་སྒང་ཉིན་གྲོང་རྡལ་དུ་གནས་སྤར་བ་ཡིན། ད་ལྟ་སློབ་གྲྭ་འདི་ལ་དགེ་བཟོ་བ39 (ཚབ་བྱེད་དགེ་རྒན་ཡང་འདུ)དང་བྱིས་པ537ཡོད། སློབ་སྒྲུབ་འཛིན་གྲྭ11ཡོད་དེ་དེའི་ཁྲོད་འཛིན་གྲྭ་ཆུང་བ3དང་མི་གྲངས138དང་། འཛིན་གྲྭ་འབྲིང་བ4ལ་མི་གྲངས177། འཛིན་གྲྭ་ཆེ་བ4ལ་མི་གྲངས222བཅས་ཡོད། སློབ་གྲྭའི་གཞི་ཁྱོན་ལ་རྨིད་གྲུ་བཞི་མ2730ཡོད་དེ་དེའི་ཁྲོད་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ1300ལྷག་ཡོད།

བྱིས་གཉོར་ཁང་གིས་ཏང་གི་སློབ་གསོའི་ལམ་ལུགས་རྒྱུན་འཁྱོངས་དང་། ཧུར་ཐག་གིས་སློབ་གསོའི་འཕེལ་ཕྱོགས་དང་བསྟུན་ནས། བྱིས་གཉོར་ཁང་རང་སྟེང་གི་ཁྱད་ཆོས་གཞིར་བཟུང་ནས། རྣམ་པ་གསར་བའི་སློབ་སྒྲུབ་འདུ་ཤེས་ཆགས་ཡོད་པ་དང་། དམངས་གཙོ་ཇུས་གཅོད་དང་ཚན་རིག་གི་དོ་དམ། འོས་མཐུན་གྱིས་སློབ་གསོའི་ཐོན་ཁུངས་བེད་སྤྱོད་བྱས་ཏེ། མུ་མཐུད་དུ་འཕེལ་རྒྱས་འགྲོ་བའི་ལམ་དུ་བསྐྱོད་པ་དང་། སློབ་གསོའི་ཕན་ནུས་ཀྱི་རང་བཞིན་ལ་མཐོང་ཆེན་བྱེད་པ་ཡིན། བྱིས་པ་གཙོ་བོར་འཛིན་པའི་སློབ་སྔོན་སློབ་གསོ་མྱོང་དུ་འཇུག་པའི་སློབ་སྒྲུབ་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་ཏེ། ཡོད་ཚད་བྱིས་པའི་ཆེད་དང་བྱིས་པ་ཆེད་དུ་ཡོད་ཚད་འབུལ་བའི་སློབ་སྒྲུབ་ཀྱི་སྙིང་བོ་དམིགས་ནས། བྱིས་པ་ཚོར་བདེ་སྐྱིད་ཀྱི་བྱིས་དུས་ཤིག་བསྐྲུན་རྒྱུ་དང་།  བློ་གཅིག་སེམས་གཅིག་གིས་བྱིས་པར་ཞབས་ཞུ་དང་སྤྱི་ཚོགས་ལ་ཞབས་ཞུ། ཁྱིམ་བདག་ལ་ཞབས་ཞུ་སྒྲུབ་པའི་དམིགས་ཡུལ་སྒོས། བྱིས་པའི་དེ་རིང་ལ་རྐང་ཚུགས་པ་དང་། སང་ཉིན་ལ་ཁ་ཕྱོགས་པ། མ་འོངས་བར་རྨང་འདིང་བ་བཅས་ལ་འབད་བརྩོན་ལྷོད་མེད་བྱ་བཞིན་མཆིས་སོ།།

བྱིས་གཉོར་ཁང་རང་གི་ཁྱད་ཆོས་ཀྱིས་ཁྱབ་ཁོངས་ཆེན་པོ་ལྔ་དང་རང་རྒྱལ་གྱི་གནའ་བོའི་རིག་གནས་ཀྱི་སློབ་གསོ་ཟུང་འབྲེལ། ཚན་རིག་བཀོལ་སྤྱོད། མཛེས་རིས་ལག་རྩལ་གསར་གཏོད་བཅས་ཀྱི་སློབ་གསོའི་ཐབས་ལམ་ལ་བརྟེན་ནས། བྱིས་པའི་སློབ་གསོ་དར་རྒྱས་སུ་བཏང་ཞིང་། སློབ་གསོའི་ཐད་གྲུབ་འབྲས་མི་དམན་པ་ལོན་ཡོད་དེ། སྤྱི་ལོ1998ལོར་རྨ་ལྷོ་སོག་རྫོང་གི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས“རྫོང་རིམ་པའི་དཔལ་ཡོན་སྡེ་ཁག”གི་མཚན་སྙན་གནང་། སྤྱི་ལོ2006ལོར“རྫོང་གསུམ་བརྒྱད་སྔོན་ཐོན་ཐུན་མོང”གི་མཚན་སྙན་ཐོབ། སྤྱི་ལོ2007ལོར“ཁུལ་ཡོངས་ཀྱི་ལྔ་བཞིའི་སྔོན་ཐོན་ཐོན་ཀྲི་པུའུ”དང“རྫོང་ལས་བཟོ་བའི་མཛའ་བཤེས”ཀྱི་མཚན་སྙན་ཐོབ། སྤྱི་ལོ2009ལོར“རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་སློབ་རའི་རིག་གནས་འཛུགས་སྐྲུན་གྱི་དམིགས་འབེན་དཔྱད་ཞིབ”ཁྲོད་ཨང་གསུམ་པའི་མཚན་སྙན་ཐོབ། སྤྱི་ལོ2010ལོའི་ཟླ10པར་མཚོ་སྔོན་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས“དཔལ་ཡོན་སྡེ་ཁག”ཏུ་བདམས་པ་དང་། སྤྱི་ལོ2011ལོར་ཏང་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པའི“བདུན་གཅིག”འཁྲབ་ཚན་རྩ་འཛུགས་ཀྱི་བྱ་དགའ་ཐོབ། སྤྱི་ལོ2012ལོའི་ཟླ12པར་རྫོང་སློབ་གསོ་སྡེ་ཁག་གི་བྱ་བའི་ཕྱོགས་བསྡུས་དཔྱད་ཞིབ་ཁྲོད་ཨང་དང་པོའི་གཟི་བརྗིད་མཚན་སྙན་ཐོབ།  སྤྱི་ལོ2013ལོའི་ཟླ9པར་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ཤེས་བྱའི་འགྲན་བསྡུར་གྱི་ཨང་དང་པོ་བཅས་ཐོབ།  སྤྱི་ལོ2015ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་སློབ་གསོ་སྡེ་ཁག་གི་ཕྱོགས་བསྡུས་ལྟ་སྐུལ་དཔྱད་བསྡུར་གྱི་ཨང་དང་པོ་བཅས་ཐོབ་པས། རྒྱ་ཆེ་བའི་ཁྱིམ་བདག་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཁས་ལེན་དང་གདེངས་འཇོག་ཡག་པོ་ཐོབ་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-04

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།