བསོད་ནམས་བསྟན་འཛིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསོད་ནམས་བསྟན་འཛིན།
ཁོང་ནི་མཚོ་སྔོན་ཁྲི་ཀ་ནས་ཡིན་པ་དང་། སྤྱི་ལོ1971ལོའི་ཟླ9བར་སྐྱེས། སྤྱི་ལོ1989ལོའི་ཟླ7པར་བྱ་བར་ཞུགས། སྤྱི་ལོ1993ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། སྲིད་འཛིན་དོ་དམ་ཆེད་ལས་བཅས་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
索南丹增
སྐྱེས་ཡུལ།
མཚ་སྔོན་ཁྲི་ཀ
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1971ལོའི་ཟླ9བ།
མི་རིགས།
བོད་རིགས།
དད་མོས།
གུང་ཁྲན་ཏང་།
1 ངོ་སྤྲོད།

ཁོང་ནི་མཚོ་སྔོན་ཁྲི་ཀ་ནས་ཡིན་པ་དང་། སྤྱི་ལོ1971ལོའི་ཟླ9པར་སྐྱེས། སྤྱི་ལོ1989ལོའི་ཟླ7པར་བྱ་བར་ཞུགས། སྤྱི་ལོ1993ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། སྲིད་འཛིན་དོ་དམ་ཆེད་ལས་བཅས་ཡིན།

ད་ལྟ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཡིན།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1986ལོའི་ཟླ9བ་ནས་སྤྱི་ལོ1989ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭར་སློབ་སྦྱོང་བྱས།

སྤྱི་ལོ1989ལོའི་ཟླ7པ་ནས་སྤྱི་ལོ1998ལོའི་ཟླ6པའི་བར། གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཨུའི་ལས་བྱེད་པ་དང་ཐད་གཏོགས་ལས་ཁུངས་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས།

(སྤྱི་ལོ1993ལོའི་ཟླ9བ་ནས་སྤྱི་ལོ1995ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་ཆེད་སྦྱོང་འཛིན་གྲྭའི་དྲུང་ཡིག་ཆེད་ལས་ལ་སློབ་སྦྱོང་བྱས)

སྤྱི་ལོ1998ལོའི་ཟླ6པ་ནས་སྤྱི་ལོ1999ལོའི་ཟླ8པའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཕྱུགས་ལས་ཅུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་གྱི་འགན་བཞེས།

སྤྱི་ལོ1999ལོའི་ཟླ8པ་ནས་སྤྱི་ལོ2000ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་དྲུང་ཡིག་དང་ཁོའོ་ཀྲང་གཞོན་པའི་འགན་བཞེས།(ཁོའོ་རིམ་པ་རྒན་པ)

སྤྱི་ལོ2000ལོའི་ཟླ12པ་ནས་སྤྱི་ལོ2001ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ5བ་ནས་སྤྱི་ལོ2006ལོའི་ཟླ8པའི་བར།  མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་གི་རྫོང་དཔོན་གཞོན་པའི་འགན་བཞེས།

(སྤྱི་ལོ2004ལོའི་ཟླ8པ་ནས་སྤྱི་ལོ2005ལོའི་ཟླ8པའི་བར། མཚོ་སྔོན་ཞིང་ཆེན་ནགས་ལས་ཅུའུ་ཤིང་ལས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས)

སྤྱི་ལོ2006ལོའི་ཟླ8པ་ནས་སྤྱི་ལོ2007ལོའི་ཟླ1པོའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་བཞེས།

(སྤྱི་ལོ2006ལོའི་ཟླ9བ་ནས་སྤྱི་ལོ2006ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་འབྲིང་རིམ་གཞོན་ནུ་འཛིན་གྲྭར་སློབ་སྦྱོང་བྱས)

སྤྱི་ལོ2007ལོའི་ཟླ1པོ་ནས་སྤྱི་ལོ2009ལོའི་ཟླ8པའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུ་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའི་འགན་བཞེས།

(སྤྱི་ལོ2006ལོའི་ཟླ9བ་ནས་སྤྱི་ལོ2006ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་འབྲིང་རིམ་གཞོན་ནུ་འཛིན་གྲྭར་སློབ་སྦྱོང་བྱས)

སྤྱི་ལོ2009ལོའི་ཟླ8པ་ནས་སྤྱི་ལོ2011ལོའི་ཟླ10བའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་དྲུང་ཆེ་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།།

སྤྱི་ལོ2011ལོའི་ཟླ10བ་ནས་སྤྱི་ལོ2016ལོའི་ཟླ10བའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་ཁུལ་ཏང་ཨུའི་རྒྱུན་ཨུ་དང་དྲུང་ཆེའི་འགན་བཞེས།

(སྤྱི་ལོ2012ལོའི་ཟླ9བ་ནས་སྤྱི་ལོ2015ལོའི་ཟླ9བའི་བར། མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མ་པུའུ་ཡི་སྲིད་འཛིན་དོ་དམ་ཆེད་ལས་ལ་སློབ་སྦྱོང་བྱས)

སྤྱི་ལོ2016ལོའི་ཟླ10བ་ནས་སྤྱི་ལོ2017ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ5བ་ནས་སྤྱི་ལོ2017ལོའི་ཟླ8པའི་བར། མཚོ་སྔོན་ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུ་དང་། མཚོ་བྱང་ཁུལ་ཏང་ཨུའི་རྒྱུན། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ8པ་ནས་སྤྱི་ལོ2021ལོའི་ཟླ1པོའི་བར། མཚོ་སྔོན་ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུ་དང་དྲུང་ཆེའི་འགན་བཞེས། (སྤྱི་ལོ2018ལོའི་ཟླ9པ་ནས་སྤྱི་ལོ2019ལོའི་ཟླ1པོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་ནུ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ2021ལོའི་ཟླ1པོ་ནས་སྤྱི་ལོ2021ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2021ལོའི་ཟླ3པ་ནས་ད་ལྟའི་བར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གྱི་འགན་བཞེས།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2021ལོའི་ཟླ4བའི་ཚེས26ཉིན་ཡུལ་ཤུལ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་བསོད་ནམས་བསྟན་འཛིན(བོད་རིགས)ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་ལ་འདེམས་བསྐོ་བྱས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-30

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།