མུའུ་ལིན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མུའུ་ལིན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་སུ་ཞང་གྲོང་ཁྲིམས་འཛིན་ཁང8དང་། ཁྲོམ་གཞུང་ཁྲིམས་འཛིན་ཁང1 གཞུང་དཔང་ཁང1 བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས1 ཁྲིམས་རྩོད་པའི་ལས་དོན་ཁང1 གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་ཁང7བཅས་ཡོད། གཞན་ཡང་ཁྲིམས་འཛིན་སྲིད་འཛིན་ལས་དོན་མ་ལག་ནང་ད་དུང་གཞི་རིམ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང163དང་ལས་ཁུངས་ནང་ཁུལ་གྱི་འགན་ནུས་ཚན་ཁག5བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
穆棱市司法局
གནས་ཡུལ།
མུའུ་ལིན་གྲོང་ཁྱེར།
ངོ་བོ།
ཚོང་གཉེར་རང་བཞིན་མ་ཡིན་པ།
རིགས་དབྱེ།
རྩ་འཛུགས་ལས་ཁུངས།
1 ​འགན་ནུས་གཙོ་བོ།

(གཅིག)རྒྱལ་ཁབ་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་འཕེལ་རྒྱས་ཀྱི་འཆར་གཞི་གཏན་འབེབས་ཀྱིས་ཁྲིམས་ལུགས་དྲིལ་བསྒྲགས་དང་། ཁྲིམས་ལུགས་ཞབས་ཞུ། ཁྲིམས་ལུགས་འགན་སྲུང་སོགས་ཕྱོགས་ཀྱི་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱ་བའི་འགན་འཁུར་དགོས།

(གཉིས)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དང་། ཁྲིམས་ལུགས་དྲིལ་བསྒྲགས། ཁྲིམས་ལྟར་བཅོས་སྐྱོང་བཅས་ཀྱི་བྱ་བར་འགན་འཁུར་བ། མཛུབ་ཁྲིད་འགན་འཁུར་བཅས་འཁུར་དགོས། 

ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་ལས་ཀ་དང་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་ལས་ཀ གྲོང་ཁྱེར་ཁྲིམས་ལྟར་གྲོང་ཁྱེར་གྱི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་རྒྱུན་ལྡན་ལས་དོན་ལ་འགན་འཁུར་དགོས།

(གསུམ)གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་ལྟ་སྐུལ་དང་དོ་དམ་བྱེད་དགོས།

(བཞི)གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་ཀར་ལྟ་སྐུལ་དོ་དམ་བྱེད་རྒྱུར་མཛུབ་ཁྲིད་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཆད་འཁུར་ཡུན་གཙང་ནས་གློད་འགྲོལ་བྱུང་བའི་མི་སྣ་དང་ངལ་རྩོལ་སློབ་གཅུན་བྱེད་ཁོངས་ནས་གློད་པའི་མི་སྣའི་བཀོད་སྒྲིག་དང་རོགས་རམ་སློབ་གསོའི་ལས་ཀར་མཛུབ་ཁྲིད་བྱེད་དགོས།

(ལྔ)གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བཅའ་ཁྲིམས་ཞབས་ཞུའི་ཁྲོམ་རར་ལྟ་སྐུལ་དོ་དམ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པ་དང་གཞུང་དཔང་ལས་ཀར་མཛུབ་ཁྲིད་དོ་དམ་བྱེད་དགོས། 

(དྲུག)གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཁྲིམས་འཛིན་ཁང་ལ་མཛུབ་སྟོན་བྱས་ནས་མི་དམངས་འདུམ་འགྲིག་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་དོ་དམ་བྱེད་དགོས།

(བདུན)མི་དམངས་འཐུས་ཚོགས་དང་གྲོང་ཁྱེར་སྲིད་གཞུང་གི་མངགས་བཅོལ་ལྟར་ཁྲིམས་འཛིན་སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཟིན་འགོད་ལས་ཀ་དང་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཁྲིམས་བསྟར་ལྟ་སྐུལ་དང་ཞིབ་བཤེར་ལས་ཀའི་འགན་འཁུར་བ། གྲོང་ཁྱེར་དེ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཐད་ཀྱི་སྲིད་འཛིན་ཆད་གཅོད་དང་། སྲིད་འཛིན་བསྐྱར་གྲོས། ཁྲིམས་རར་ཞུགས་ནས་ཞུ་ལན་འདེབས་པ། རྒྱལ་ཁབ་ཀྱི་སྐྱིན་གསབ་བཅས་ཀྱི་ལས་ཀར་མཛུབ་ཁྲིད་བྱེད་དགོས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་དེ་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་དང་འབྲེལ་བ་ཡོད་པའི་ལས་དོན་གྱི་འགན་འཁུར་དགོས།

2 འགོ་ཁྲིད་ཀྱི་དཔུང་སྡེ། 

གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ཏང་ཙུའུ་ཡི་ཁོངས་མི4ཡོད། བྱ་བའི་ལས་བགོས་གནས་ཚུལ་ནི།

ཅུའུ་ཀྲང་ཀྲང་ཝུན་ཁྲེན་གྱིས་ཕྱོགས་ཡོངས་ཀྱི་ལས་ཀའི་འགན་འཁུར་དགོས། 

ཅུའུ་ཀྲང་གཞོན་པ་བློ་མཐུན་ཀྲའོ་ཆི་ཕུང་གིས་ཅུའུ་ཀྲང་ལ་གཞོགས་འདེགས་བྱས་ནས་ཕྱོགས་ཡོངས་ཀྱི་ལས་དོན་དམ་འཛིན་བྱས་ཏེ་གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་དང་། བཅའ་ཁྲིམས་ཞབས་ཞུའི་ཁྲོམ་རའི་དོ་དམ། དམིགས་ཚད་དོ་དམ། ཕྱོགས་བསྡུས་བརྟག་ཞིབ། ཡིག་ཚགས་ལས་དོན་བཅས་ཀྱི་ལས་བགོས་འགན་གཉེར་བྱེད་དགོས། 

ཅུའུ་ཀྲང་གཞོན་པ་བློ་མཐུན་ཝན་ཧྲི་ཅུན་གྱིས་ལས་བགོས་འགན་གཉེར་དཔུང་ཁག་འཛུགས་སྐྱོང་དང་། ཏང་དོན། ཕྱོགས་བསྡུས་བཅོས་སྐྱོང་། གཞུང་དཔང་ཁྲུའུ། ཁྲིམས་རྩོད་པའི་ལས་དོན་ཁང་། བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་བཅས་ཀྱི་ལས་དོན་བསྒྲུབ་དགོས།

ཅུའུ་ཀྲང་གཞོན་པ་བློ་མཐུན་ཀྲང་ཏ་ལིས་སྡེ་ཁུལ་གྱི་ཡོ་བསྲང་དང་། སློབ་གསོ་བཀོད་སྒྲིག ཡིག་བསྐུར་ངོ་བཅར། ཁྲིམས་ལུགས། བདེ་འཇགས། རོགས་སྐྱོར་ཁེ་ལས་ཀྱི་ལས་དོན་ལ་ལས་བགོས་འགན་གཉེར་བྱེད་དགོས།

3 ནང་བཙུགས་ལས་ཁུངས།
3_1 གྲོང་ཨུའི་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་གཞུང་ལས་ཁང་།

གྲོང་ཁྱེར་ཁྲིམས་ལྟར་ཁྲིམས་སྐྱོང་གྲོང་ཁྱེར་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དེ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་བཙུགས་ནས་ནང་ཁུལ་གྱི་སྒྲིག་གཞི་ལྟར་དོ་དམ་བྱེད་པ་དང་ལས་སྒོ་བལྟོས་བཅས་ཀྱིས་རང་ཚུགས་རྒྱུན་འཁྱོངས་བྱས་ཏེ་གྲོང་ཁྱེར་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་སྒོ་བྱང་ཕྱི་ཕྱོགས་སུ་འགེལ་དགོས། འགན་འཁྲི་གཙོ་བོ་ནི་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་ཀའི་འགན་འཁུར་བ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་དམངས་ཁྲོད་བཅའ་ཁྲིམས་ཀྱི་རྒྱུན་ཤེས་སློབ་གསོ་ཁྱབ་གདལ་གཏོང་བའི་ལས་དོན་སྤེལ་རྒྱུའི་སྒྲིག་འཛུགས་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱེད་པ། ཕྱི་ཕྱོགས་ལ་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་འགན་འཁུར་བ། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་རྒྱུན་ལྡན་གྱི་ལས་ཀ་སྒྲུབ་འགན་འཁུར་དགོས།

3_2 ནོར་དོན་སྒྲིག་ཆས་གཞུང་ལས་ཁང་།

ཁོངས་གཏོགས་ཡོངས་ཀྱི་ལས་སྒོའི་གྲོན་དངུལ་བེད་སྤྱོད་དང་དོ་དམ་བྱེད་འགན་འཁུར་ནས། ཅུའུ་ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི་སྲིད་འཛིན་དང་བྱ་ལས་ཀྱི་གྲོན་དངུལ་དང་སྔོན་རྩིས་སུ་མ་གཏོགས་པའི་གྲོན་དངུལ་དོ་དམ་དང་།  རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་དང་གཞི་རྩའི་འཛུགས་སྐྲུན་གྱི་མ་དངུལ་འཇོག་པའི་སྔོན་རྩིས་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ། ཅུའུ་ཀྱི་ཐད་གཏོགས་སྡེ་ཚན་གྱི་ནོར་དོན་ལས་ཀར་ལྟ་སྐུལ་དང་ཞིབ་བཤེར། ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི་རྩིས་བཤེར་ལས་དོན། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཉེན་རྟོག་པའི་གྱོན་ཆས་དང་ཆེད་ལས་དངོས་རྫས་ཀྱི་འཆར་གཞི་དང་། གཏོང་འགྲེམས། དོ་དམ་བཅས་ཀྱི་ལས་དོན་ལ་གཅིག་གྱུར་དོ་དམ་གྱིས་འགན་འཁུར་དགོས།  ཅུའུ་ལས་ཁུངས་ཀྱི་མཁོ་སྒྲུབ་ཞབས་ཞུ་དང་། འཚོ་བའི་ཕན་བདེ། བདེ་འཇགས་སྲུང་སྐྱོང་བཅས་ཀྱི་ལས་ཀ་བྱེད་འགན་འཁུར་དགོས།

3_3 གཞི་རིམ་ལས་དོན་གཞུང་ལས་ཁང་།

གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་གཞི་རིམ་ལས་ཀའི་ལོ་འཁོར་གྱི་ལས་ཀའི་འཆར་གཞི་བཟོ་བ་དང་དོན་འཁྱོལ་བྱེད་པ། ཁྲིམས་འཛིན་ཁང་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་དོ་དམ་དང་། ལྟ་སྐུལ། མཛུབ་སྟོན་བཅས་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་ལས་དོན་པ་དང་། ཁྲིམས་འཛིན་ལས་རོགས་པ། དེ་བཞིན་འབྲེལ་ཡོད་གཞི་རིམ་ཁྲིམས་འཛིན་སྲིད་འཛིན་ལས་དོན་བཅས་ལ་མཛུབ་ཁྲིད་བྱས་ནས། མི་དམངས་འདུམ་འགྲིག་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ལ་མཛུབ་ཁྲིད་བྱེད་པ། འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་ལག་ཏུ་བསྟར་པ། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་ཁང་འཛུགས་པ་དང་། བསྒྱུར་བ། ཐོ་ཁོངས་ནས་སུབ་པ་བཅས་ཀྱི་ལས་ཀར་ཞིབ་དཔྱད་ཆོག་མཆན་འགོད་འགན་འཁུར་གྱིས། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅའ་ཁྲིམས་ཞབས་ཞུ་སུའོ་ཡི་ལོ་འཁོར་ཞིབ་བཤེར་དང་། ཐོ་འགོད། དེ་བཞིན་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པའི་ལས་གཉེར་ཐོབ་ཐང་ལ་ཐོག་མའི་ཞིབ་བཤེར་གོང་ཞུ་བྱེད་པའི་ལས་ཀའི་འགན་འཁུར་དགོས། གཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུའི་ལས་དོན་པས་ལས་རིགས་ཀུན་སྤྱོད་དང་ལས་གཉེར་སྒྲིག་ཁྲིམས་ལས་འགལ་ནས་ཞུ་གཏུག་བྱུང་བའི་ཞིབ་བཤེར་ཐག་གཅོད་དང་ཆད་གཅོད་བསླབ་འདོམས་ཀྱི་ལས་དོན་བདག་སྤྲོད་བྱེད་འགན་འཁུར་བ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ནང་ཞུགས་པ། གྲོང་ཁྱེར་སྲིད་གཞུང་གི“འདུམ་སྒྲིག་དང་སྔོན་འགོག་གཞི་གཅིག་ཅན”གྱི་ལས་དོན་ནང་ཞུགས་ནས་ཤང་གྲོང་གི་ཁྲིམས་འཛིན་སུའོ་ཁག་ལ“འདུམ་སྒྲིག་དང་སྔོན་འགོག་གཞི་གཅིག་ཅན”གྱི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-28

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།