ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ།
སྤྱི་ལོ2020ལོའི་ཟླ5པའི་ཚེས22ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འགོ་ཚུགས་ཤིང་འཐུས་མི2956ཕེབས་ཡོད། ཉིན་དེའི་སྔ་དྲོའི་ཚོགས་འདུར་དངོས་སུ་འཐུས་མི2897ཞུགས་པ་དང་། འཐུས་མི59ཞུགས་མེད་པས་ཚོགས་འདུར་ཞུགས་མཁན་མི་གྲངས་དེ་ཁྲིམས་ཀྱི་གཏན་འཁེལ་མི་གྲངས་དང་མཐུན་ཡོད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་སྙན་སྒྲོན་དང་། འབྲེལ་ཡོད་སྔོན་རྩིས་དང་ཐག་གཅོད་གྲོས་གཞི་སོགས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། ཚོགས་ཆེན་ཐོག་འཐུས་མི་ཚོས་ཁྱོན་གྲོས་འགོ9180བཏོན་པ་དང་། ཚོགས་འདུ་གྲོལ་རྗེས་གཅིག་གྱུར་གྱིས་བརྒྱུད་སྤྲོད་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国第十三届全国人民代表大会第三次会议
ཚོགས་གནས།
པེ་ཅིང་།
ཚོགས་དུས།
སྤྱི་ལོ2020ལོའི་ཟླ5པའི་ཚེས22ཉིན།
མཇུག་སྒྲིལ་དུས་ཚོད།
སྤྱི་ལོ2020ལོའི་ཟླ5པའི་ཚེས28ཉིན།
1 ​ཚོགས་འདུའི་དུས་ཚོད།
1_1 ཚོགས་འདུ་ཕྱིར་འགྱངས།

སྤྱི་ལོ2019ལོའི་ཟླ12པའི་ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། གཏན་འབེབས་གཞིར་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་སྤྱི་ལོ2020ལོའི་ཟླ3པའི་ཚེས5ཉིན་པེ་ཅིང་དུ་འཚོགས།

སྤྱི་ལོ2020ལོའི་ཟླ2པའི་ཚེས17ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚོགས་འདུ་ཐེངས་ཞེ་བདུན་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་དང་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་། གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་དེ་ཟླ2པའི་ཚེས24ཉིན་པེ་ཅིང་དུ་འཚོག་རྒྱུའི་གྲོས་ཐག་བཅད་། ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་སྐོང་འཚོག་ཕྱིར་འགྱངས་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་མ་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིར་གྲོས་འགོ་བཏོན། 

སྤྱི་ལོ2020ལོའི་ཟླ2པའི་ཚེས24ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་མཇུག་འགྲིལ་ཚོགས་འདུ་ཚོགས་ཤིང་། གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོག་རྒྱུ་ནར་འགྱངས་བྱ་རྒྱུའི་སྐོར་གྱི་ཆོད་དོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། གཏན་འབེབས་ནང་ཁ་གསལ་བཏོན་དོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུ་ནར་འགྱངས་འོས་འཚམ་བྱས་པ་དང་། ཚོགས་འདུ་འཚོག་པའི་དུས་ཚོད་ཞིབ་ཕྲ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོགས་སུ་གཏན་འབེབས་བྱས། 

སྤྱི་ལོ2020ལོའི་ཟླ4པའི་ཚེས26ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་ཚོགས་པ་དང་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུའི་དུས་ཚོད་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡོན་ཀྲང་ཚོགས་འདུའི་གྲོས་གཞིར་གྲོས་ཞིབ་བྱས། 

སྤྱི་ལོ2020ལོའི་ཟླ5པའི་ཚེས21ཉིན(གཟའ་ཕུར་བུ)རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེན་མོའི་གསར་འགྱུར་ཡོངས་བསྒྲགས་ཐིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཚོགས་ཆེན་གྱི་མགྲིན་ཚབ་པས་ཚོགས་ཆེན་གྱི་གྲོས་རིམ་དང་མི་དམངས་འཐུས་ཚོགས་ལས་དོན་གྱི་འབྲེལ་ཡོད་གནད་དོན་ཐད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བརྒྱབ།

རིམས་ནད་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱས་ནས་སྤྱི་པའི་འཕྲོད་བསྟེན་དང་བདེ་ཐང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་ཆེད། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུས་དྲ་རྒྱའི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་སྤེལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྐབས་དེར་ཐད་གཏོང་བྱས།

1_2 དུས་ཚོད་གཏན་ཁེལ།

སྤྱི་ལོ2020ལོའི་ཟླ4པའི་ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ཁང་གི་ ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུའི་དུས་ཚོད་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།     རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་སྤྱི་ལོ2020ལོའི་ཟླ5པའི་ཚེས22ཉིན་པེ་ཅིང་དུ་ཚོགས། 

སྤྱི་ལོ2020ལོའི་ཟླ5པའི་ཚེས21ཉིན་གྱི་དགོང་མོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་ཆེན་གྱི་མགྲིན་ཚབ་པ་ཀྲང་ཡེ་སུའེ་ཡིས་ད་ཐེངས་ཀྱི་ཚོགས་ཆེན་དེ་ཚེས22ཉིན་གྱི་སྔ་དྲོར་འགོ་ཚུགས་ཤིང་ཚེས28ཉིན་གྱི་ཕྱི་དྲོར་མཇུག་སྒྲིལ། 

2 གྲོས་ཚོགས་གྲོས་རིམ།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ།

གཅིག སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་།

གཉིས། སྤྱི་ལོ2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྤྱི་ལོ2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་སྒྲོན་དང་། སྤྱི་ལོ2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་སྒྲོན། སྤྱི་ལོ2020རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་བཅས་ལ་ཞིབ་བཤེར་གནང་།

གསུམ། སྤྱི་ལོ2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན། སྤྱི་ལོ2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་གནང་།

བཞི 《དམངས་དོན་ཁྲིམས་གཞུང》གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་གནང་།

ལྔ 《ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་གནང་།

དྲུག རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་།

བདུན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གྲོས་ཞིབ་གནང་།

བདུན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གྲོས་ཞིབ་གནང་།

དགུ གཞན་དག

3 གྲོས་ཚོགས་ལས་ཁུངས།

ཀྲུའུ་ཞིའི་ཚོགས་པ།(མི174ཡོད)

ཏིང་ཀྲུང་ལི་དང་། ཏིང་ཞུའེ་ཞང་ནའེ་དབྱི་མུའུ•ཡ་སེན།(ཡུ་གུར་རིགས)ཡུས་ཝེ་གོ་ཝན་ཨེ་ཞང་། ཞི་ཅིན་ཕིང་། མཱ་ཝེ་མིང་། མཱ་ཧྥེང་།ཝང་ཏུང་མིང་། ཝང་ཏུང་ཧྥེང་། ཝང་ཀོང་ཡ། ཝང་ཆི་ཧྲན། ཝང་ཅན་ཅུན། ཝང་ཡན་མོང་།(ཏའེ་རིགས)ཝང་ཞན་ཁུའེ། ཝང་ཁྲེན། ཝང་དབྱིན་ཞང་།(བུད་མེད)ཀྲི་ཡུའེ་དབྱིན(བུད་མེད)ཡིའུ་ཆོན་ཅུན(བོད་རིགས)ཡེ་ཧྲི་ཝུན་(བུད་མེད) ཧྲི་ཏ་ཀང་། ཧྲི་ཡའོ་པིན། པད་མ་འཕྲིན་ལས།(བོད་རིགས) པའེ་ཁྲུན་ལི(མན་ཇུ་རིགས) ཚུང་པིན། ཧྥེང་ཧྲུའུ་ལིན( མན་ཇུ་རིགས)ཅི་ཏི་མ་ཅཱ།(དབྱི་རིགས) ཅི་པིང་ཞོན། ལུའི་ཧྲི་མིན། ཀྲུའུ་གོ་ཕིན།(བུད་མེད)ཞང་ཆའོ(མིའོ་རིགས)ལིའུ་དབྱི་ལིང་། ལིའུ་ཡོན་ཁུན(མིའོ་རིགས) ལིའུ་ཅིན་ཀུའེ། ཆི་ཡུའུ་ཅང་ལི(ཐུའུ་ཅ་རིགས) ཞུའུ་ཝེ་ཀང་། ཞུའུ་ལི་རུང་། ཞུའུ་ཉིང་ཧྲེང་། ཞུའུ་ཆི་ལིའང་། སུན་ཀྲི་ཀང་། སུའུ་ཀའར་པུའུ(དབྱི་རིགས)ཏུའུ་ཅ་ཧའོ། ཏུའུ་ཏེ་དབྱིན། ལི་ཧྥེ(ཏུང་རིགས) ལི་ཡུའུ་མེ(བུད་མེད) ཝུའུ་ཡུས་ལིང་། ཆིའུ་ཡུང་། ཧོ་ཅན་ཀྲུང་། ཧོ་དབྱི་ཐིན། ཙོའུ་ཞའོ་ཏུང་ཡིང་ཡུང་།ཝང་ཆི་ཏེ། ཝང་ཧུང་ཡན(བུད་མེད) ཧྲ་ཡུའུ(ཧུའེ་རིགས) ཧྲེན་ཁྲུན་ཡའོ། ཧྲེན་ཡུའེ་ཡུའེ(བུད་མེད) ཀྲང་ཡིའུ་ཞཱ། ཀྲང་ཧྲའོ་ཆིན། ཀྲང་ཧྲེང་མིན། ཀྲང་ཡེ་སེན། ཀྲང་ཀྲི་ཅུན(བུད་མེད) ཀྲང་ཁྲུན་ཞན། ལུའུ་ཏུང་ཧྥུ། ལུའོ་དབྱི(པུའུ་དབྱི་རིགས) ཀྲེང་ཅུན་ལི(ཡའོ་རིགས)ཀྲེང་ཁུའེ་ཁྲེང་པ་ཁེ་ཀྲུའུ(བོད་རིགས) ཀྲའོ་ལེ་ཅི། ཀྲའོ་ཞན་ཀེན། ཀྲའོ་ཧོ་མིན། ཧ་ཉི་པ་ཐི། ཧྲ་པུའུ་ཁེ(ཧ་སག་རིགས) ཏོན་ཁྲུན་ཧྭ་ཞིན་ཁྲུན་དབྱིན(བུད་མེད)ཡའོ་ཅན་ཉན། ལུའོ་ཧུའེ་ཉིང་། ཡོན་སི། ལི་ཀྲན་ཧྲུའུ། ཞཱ་ཝེ། ཞུའུ་ཡན་ཧའོ། ཞུའུ་ཧྲའོ་ཧྲི། ཞུའུ་ལིའུ་ཕིང་། དབྱིན་ཡུའུ(བུད་མེད)ཀའོ་ཧུང་ཝེ། ཀའོ་ཧུའུ་ཁྲེང་། ཀུའོ་ཧྲེང་། ཧོང་ཅིའུ་ཁུན། ཞེ་ཅིན་རུང་། ལིའུ་དབྱང་ཧྲེང་། འཇམ་དབྱངས་བཞད་པ་བློ་བཟང་འགྱུར་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ(བོད་རིགས) ཧོ་ཅེ། ཚའེ་ཏ་ཧྥེང་། ཚའེ་ཆི། ལིའོ་ཞའོ་ཅུན། ཐན་ཡའོ་ཙུང་། ཝེ་ཧོའུ་ཁའེ་སོགས་ཡོད།

དྲུང་ཡིག་ཆེན་མོ། ཝང་ཁྲེན།

4 གྲོས་བཅད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ཐོག་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ནང་རྐྱེན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཆོད་དོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་འདུའི་ཐོག་སྤྱི་ལོ2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྤྱི་ལོ2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་འདུའི་ཐོག་སྤྱི་ལོ2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། སྤྱི་ལོ2020ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་སྤྲད་།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཧྥེང་ཀྲུང་ཧྭ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་རེ་འདུན་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-30

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།