མཚན་ཉིད་རིག་པ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

མཚན་ཉིད་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བརྡ་འགྲེལ་གྱི་དོན་གཞན་འགོད་རོགས།)

མཚན་ཉིད་རིག་པ།
མཚན་ཉིད་རིག་པ་ནི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན་ཞིང་། སློབ་ཡུན་ལོ་བཞི་ཡིན་པ་དང་མཚན་ཉིད་རིག་པའི་ཤེས་རམས་པའི་བསླབ་གནས་སྤྲོད་ཀྱིན་ཡོད། མཚན་ཉིད་རིག་པ་ནི་ཚན་རིག་བྱེ་བྲག་པ་རྣམས་རྨང་གཞི་བྱས་ཤིང་། འཛམ་གླིང་ཡོངས་ཀྱི་ཡོངས་ཁྱབ་ཆོས་ཉིད་ཞིབ་འཇུག་བྱ་ཡུལ་དུ་བཟུང་ཡོད་པ་མ་ཟད། ཆེད་ལས་དེས་དམིགས་ཡུལ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་རིམ་ཁག་སྲིད་ཇུས་ཞིབ་འཇུག་སྡེ་ཚན་དང་། དོ་དམ་སྡེ་ཚན། དྲིལ་བསྒྲགས་སྡེ་ཚན་བཅས་ཀྱིས་སྤྱི་ཚོགས་ལས་དོན་སྒྲིག་གཞི་སྣ་ཚོགས་ལ་བརྟེན་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་མཚན་ཉིད་རིག་པའི་བྱང་ཚད་དང་། སློབ་ཁྲིད་ཆུ་ཚད། ཞིབ་འཇུག་ནུས་པ་བཅས་ཅུང་མཐོ་བའི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哲学
ཆེད་ལས་ཚབ་ཨང་།
Philosophy
ཆེད་ལས་ཚབ་ཨང་།
010101
ཆེད་ལས་རིམ་པ།
དངོས་་གཞི།
ཆེད་ལས་རིགས་དབྱེ།
མཚན་ཉིད་རིག་པའི་རིགས།
སློབ་ཡུན།
ལོ4
1 འཕེལ་རིམ།

སྤྱི་ལོ1912ལོར་པེ་ཅིང་སློབ་ཆེན་དུ་མཚན་ཉིད་རིག་པའི་སྒོ་མོ་བཙུགས། འདི་ནི་ཀྲུང་གོའི་ཆེས་སྔ་བའི་མཚན་ཉིད་རིག་པའི་སྡེ་ཁག་ཡིན།

སྤྱི་ལོ1915ལོར་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་དང་སྤྱི་ལོ1919ལོའི་ལྔ་བཞིའི་ལས་འགུལ་ནས་ལོ་རབས་ཉི་ཤུ་སུམ་ཅུའི་བར་ཀྲུང་གོར་དེང་རབས་ཀྱི་དོན་སྙིང་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་མ་ལག་ཆགས་པ་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་ལས་ཁུངས་སོ་སོར་བཙུགས་པ་དེས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་སློབ་ཁྲིད་དང་ཞིབ་འཇུག་མ་ལག་རིམ་བཞིན་གྲུབ། དཔེར་ན། སྤྱི་ལོ1950ལོར་བཙུགས་པའི་ཀྲུང་གོའི་མི་དམངས་སློབ་ཆེན་དང་། སྤྱི་ལོ1955ལོར་བཙུགས་པའི་ཀྲུང་གོའི་ཚན་རིག་ཁང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་སོགས་ལྟ་བུ་ཡིན། 

སྤྱི་ལོ1963ལོའི་ཟླ10པར། རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་དང་སློབ་གསོ་པུའུ་ཡིས་བཟོ་བཅོས་བརྒྱབ་རྗེས་ཀྱི《མཐོ་རིམ་སློབ་གྲྭའི་སྤྱི་སྤྱོད་ཆེད་ལས་དཀར་ཆག》ཁྱབ་བསྒྲགས་བྱས་པ་དང་། མཚན་ཉིད་རིག་པའི་ཆེད་ལས་དེ་རིག་གནས་ཚན་ཁག་གི་ཁོངས་སུ་གཏོགས་པ་དང་། ཆེད་ལས་ཚབ་ཨང 060011ཡིན། 

སྤྱི་ལོ1989ལོར། དེ་སྔོན་རྒྱལ་ཁབ་སློབ་གསོའི་ཨུ་ཡོན་ལྷན་ཁང་གིས《མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་བཀོད་སྒྲིག་བྱེད་པའི་གནས་སྐབས་ལག་བསྟར་གཏན་འབེབས》པར་འགྲེམས་སྤེལ་བྱས་ནས་མཚན་ཉིད་རིག་པའི་ཆེད་ལས་སྤྱི་ཚོགས་ཚན་རིག་རིགས་སུ་བཞག

དུས་རབས20པའི་ལོ་རབས90པའི་དུས་འགོར་སྤྱི་ཚོགས་ཀྱིས་མཚན་ཉིད་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དགོས་མཁོ་དང་འཚམ་པའི་ཆེད་དུ། མཐོ་རིམ་སློབ་གྲྭ་སོ་སོས་མཚན་ཉིད་རིག་པའི་བསླབ་ཚན་མ་ལག་ལེགས་སྒྲིག་དང་བསྒྱུར་བཅོས་བྱས། 

སྤྱི་ལོ1998ལོར་སློབ་གསོ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི《མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག》ནང་མཚན་ཉིད་རིག་པ010101དང་མི་ཆོས་རིག་པའི010103ཆེད་ལས་གཉིས་མཚན་ཉིད་རིག་པའི་ཆེད་ལས་སུ་ལེགས་སྒྲིག་བྱས་པ་དང་ཆེད་ལས་ཀྱི་ཚབ་རྟགས010101ཡིན་པ་དེ་མཚན་ཉིད་རིག་པའི་རིགས་སུ་གཏོགས། 

སྤྱི་ལོ2020ལོའི་པར་གཞིའི《མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག》ནང་མཚན་ཉིད་རིག་པའི་ཆེད་ལས་སྔར་བཞིན་མཚན་ཉིད་རིག་པའི་རིགས་སུ་གཏོགས་པ་དང་ཆེད་ལས་ཀྱི་ཚབ་ཨང་སྔར་བཞིན010101ཡིན།

2 གསོ་སྐྱོང་དམིགས་འབེན། 

མཚན་ཉིད་རིག་པའི་ཆེད་ལས་སློབ་གསོ་སློབ་ཁྲིད་བྱེད་པར་མར་ཁེ་སིའི་རིང་ལུགས་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས། མཚན་ཉིད་རིག་པའི་བསམ་གཞིགས་ཀྱི་ངོས་འཛིན་དང་དངོས་ཡོད་གནད་དོན་དབྱེ་ཞིབ་བྱེད་ཐུབ་པའི་ནུས་པ་ལྡན། མི་ཆོས་ཀྱི་རྨང་གཞི་དང་རང་བྱུང་ཚན་རིག་གི་བྱང་ཚད་ཡང་ལྡན།

3 གསོ་སྐྱོང་ཚད་གཞི
3_1 སློབ་ཡུན།

སློབ་ཡུན་ནི་ལོ་བཞི་ཡིན་པ་དང་། ཆེད་ལས་གཞུང་ལུགས་བསླབ་ཚན་གྱི་སློབ་སྐར་རྩ་དོན་ཐོག་སློབ་སྐར60ལས་མི་ཉུང་བ་དང་། སློབ་སྐར་བསྡོམས་འབོར་དེ་མཐོ་སློབ་ཁག་གི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས། མཚན་ཉིད་རིག་པའི་ཆེད་ལས་ཀྱི་གསོ་སྐྱོང་ཇུས་གཞིའི་ནང་གཏན་ལ་ཕབ་པའི་བསླབ་ཚན་དང་སློབ་སྐར་བླང་བྱ་ལེགས་འགྲུབ་བྱེད་རྒྱུ་དང་། དཔྱད་ཞིབ་ཚད་ལོན་ན་སློབ་གྲྭ་ཐོན་ཆོག གཏན་འཁེལ་བྱས་པའི་ཆ་རྐྱེན་དང་མཐུན་ན་མཚན་ཉིད་རིག་པའི་ཤེས་རམས་པའི་བསླབ་གནས་སྤྲད་ཆོག

3_2 ཤེས་བྱའི་རེ་འདུན

སློབ་མས་མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་། ཀྲུང་གོའི་མཚན་ཉིད་རིག་པ། ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་ལོ་རྒྱུས་དང་རིགས་པའི་གཞུང་ལུགས་རྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས།

སློབ་མས་མཚན་ཉིད་རིག་པའི་ཆེད་ལས་ཀྱི་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་པ་དང་། ཀྲུང་གོའི་རྒྱལ་ཁབ་ཕྱི་ནང་གི་མཚན་ཉིད་རིག་པའི་ཆེད་ལས་ཀྱི་འབྲེལ་ཡོད་རིགས་པའི་གཞུང་ལུགས་ཀྱི་མདུན་གྲལ་དང་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དགོས་ཤིང་། འབྲེལ་ཡོད་ཀྱི་མི་ཆོས་རིག་ཚན་དང་། སྤྱི་ཚོགས་ཚན་རིག རང་བྱུང་ཚན་རིག་བཅས་ཀྱི་ཤེས་བྱ་ལྡན་དགོས།

3_3 ནུས་པའི་རེ་འདུན།

སློབ་མར་སྤྱིར་ན་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་མཚན་ཉིད་རིག་པའི་ཆེད་ལས་ཤེས་བྱ་སློབ་སྦྱོང་བྱེད་པའི་ནུས་པ་ལྡན་དགོས། སྦྱངས་པའི་མཚན་ཉིད་རིག་པའི་རིགས་པའི་གཞུང་ལུགས་དང་བསམ་གཞིགས་བྱེད་ཐབས་དེ་གནད་དོན་བྱེ་བྲག་པ་ཐག་གཅོད་བྱེད་པར་སྤྱོད་པའི་ལག་ལེན་གྱི་ནུས་པ་ལྡན་པ། མཚན་ཉིད་རིག་པའི་བསམ་གཞིགས་བྱེད་སྟངས་ལ་བརྟེན་ནས་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་ཐུབ་པའི་གསར་གཏོད་ནུས་པ་ལྡན་པ། ཆེད་ལས་ཀྱི་ཚད་ལྡན་ཡིག་ཆ་ལྟ་ཀློག་བྱེད་ནུས་དང་བརྗོད་ནུས་ཅུང་ཆེན་པོ་ལྡན་དགོས།

3_4 བསླབ་ཚན་མ་ལག

མཚན་ཉིད་རིག་པའི་ཆེད་ལས་ཀྱི་བསླབ་ཚན་མ་ལག་ནང་སྤྱི་པའི་རྨང་གཞིའི་རིགས་ཀྱི་བསླབ་ཚན་དང་། ཀུན་ཤེས་རིགས་ཀྱི་བསླབ་ཚན། ཆེད་ལས་རིགས་པའི་གཞུང་ལུགས་ཀྱི་བསླབ་ཚན། ལག་ལེན་སློབ་ཁྲིད་ཀྱི་ལྷུ་ཚིགས། སློབ་ཐོན་དཔྱད་རྩོམ་བཅས་ཚུད་ཡོད།

བསླབ་ཚན་མ་ལག་ཁྲོད་གསར་གཏོད་ལས་གཏོད་རིགས་ཀྱི་བསླབ་ཚན་ཚུད་དགོས་པ་དང་། སློབ་མས་གསར་གཏོད་རང་བཞིན་གྱི་སློབ་སྦྱོང་དང་རང་བརྟེན་སློབ་སྦྱོང་བྱེད་པར་སྐུལ་མ་གཏོང་བ། གསར་གཏོད་ལས་གཏོད་རིགས་ཀྱི་བསླབ་ཚན་དེ་སློབ་སྐར་མ་ལག་ནང་འཇུག་ཆོག་པ། ཞིབ་ཕྲའི་སློབ་སྐར་བསྡུར་ཚད་དེ་མཐོ་སློབ་ཁག་གིས་རང་གིས་གཏན་འབེབས་བྱས་པ་ཡིན།

4 གཞུང་ལུགས་བསླབ་ཚན།
4_1 སྤྱི་པའི་རྨང་གཞི་རིགས་ཀྱི་བསླབ་ཚན།

སྤྱི་པའི་རྨང་གཞི་རིགས་ཀྱི་བསླབ་ཚན་ལ་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་བསླབ་ཚན་དང་། ཆ་འཕྲིན་ལག་རྩལ་གྱི་བསླབ་ཚན། སློབ་ཆེན་གྱི་ཕྱི་རྒྱལ་སྐད་ཡིག་གི་བསླབ་ཚན། སྤྱི་པའི་ལུས་རྩལ་གྱི་བསླབ་ཚན། དམག་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བསླབ་ཚན་སོགས་ཚུད་ཡོད།

སྤྱི་པའི་རྨང་གཞི་རིགས་ཀྱི་བསླབ་ཚན་གྱི་ནང་དོན་ནི་སློབ་གསོ་པུའུ་ཡི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

4_2 ཀུན་ཤེས་རིགས་ཀྱི་བསླབ་ཚན།

ཀུན་ཤེས་རིགས་ཀྱི་བསླབ་ཚན་ནང་འབྲེལ་ཡོད་ཀྱི་མི་ཆོས་རིག་ཚན་དང་། སྤྱི་ཚོགས་ཚན་རིག རང་བྱུང་ཚན་རིག་སོགས་ཚུད་ཡོད།

4_3 ཆེད་ལས་རིགས་གཞུང་བསླབ་ཚན།

ཆེད་ལས་གཞུང་ལུགས་ཀྱི་བསླབ་ཚན་དེ་ཆེད་ལས་རྨང་གཞིའི་གཙོ་རྐང་རིགས་ཀྱི་བསླབ་ཚན་དང་ཆེད་ལས་ཁ་ཕྱོགས་རིགས་ཀྱི་བསླབ་ཚན་གཉིས་སུ་དབྱེ་ཡོད།

ཆེད་ལས་རྨང་གཞི་ནི་རིགས་ཀྱི་བསླབ་ཚན་གཙོ་བོ་ཡིན་པ་སྟེ། ཚང་མས་ངེས་པར་དུ་སྦྱོང་དགོས་པའི་བསླབ་ཚན་ཡིན་པ་དང་།“3+X”དཔེ་དབྱིབས་སྤྱད་པ་སྟེ། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་། ཀྲུང་གོའི་མཚན་ཉིད་རིག་པ། ཕྱི་རྒྱལ་གྱི་མཚན་ཉིད་རིག་པ་བཅས་ཁྱབ་ཁོངས་གསུམ་གྱི་བསླབ་ཚན་དང་དེ་བཞིན་འབྲེལ་ཡོད་ཆེད་ལས་ཀྱི་རྨང་གཞིའི་གཙོ་རྐང་རིགས་གཞན་དག་གི་བསླབ་ཚན་ཡིན། མཐོ་རིམ་སློབ་གྲྭ་ཁག་གིས་རང་ངོས་ཀྱི་ངེས་གནས་དང་སློབ་གཉེར་ཁྱད་ཆོས་ལ་གཞིགས་ནས་མཚན་ཉིད་རིག་པའི་ཆེད་ལས་ཀྱི་རྨང་གཞིའི་གཙོ་རྐང་རིགས་ཀྱི་བསླབ་ཚན་བཀོད་སྒྲིག་བྱེད་དགོས།

ཆེད་ལས་ཁ་ཕྱོགས་རིགས་ཀྱི་བསླབ་ཚན་ནི་འདེམས་སྦྱོང་བསླབ་ཚན་ཡིན། བསླབ་ཚན་བཀོད་སྒྲིག་བྱེད་སྐབས་གསུང་རབ་ལྟ་ཀློག་དང་། གནད་དོན་གྱི་ཁྲིད་ཕྱོགས། རིག་ཚན་ལས་བརྒལ་བའི་ཞིབ་འཇུག་བཅས་ལ་དོ་སྣང་བྱེད་དགོས། ཆེད་ལས་ལས་བརྒལ་བའི་བསླབ་ཚན་སྣོལ་སྡེབ་བྱེད་པར་བསྔགས་སྐུལ་བྱེད་དགོས། བསླབ་ཚན་གྱིས་སློབ་མས་ཤེས་བྱར་བརྟེན་ནས་དབྱེ་ཞིབ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་གསོ་སྐྱོང་བྱེད་པར་དོ་སྣང་བྱས་ཏེ།  སྣ་མང་གི་རྒྱུགས་ལེན་རྣམ་པ་འཚོལ་ཞིབ་བྱེད་དགོས།

5 དགེ་རྒན་གྱི་སློབ་ཁྲིད་བླང་བྱ།

(1)ཆེད་ལས་བསླབ་ཚན་དགེ་རྒན་གྱིས་སློབ་མར་ཆེད་ལས་ཀྱི་གསུང་རབ་དང་འབྲེལ་ཡོད་ཚད་ལྡན་ཡིག་ཆ་ཀློག་པར་ཁྲིད་སྟོན་བྱས་ཏེ་སློབ་མའི་མཚན་ཉིད་རིག་པའི་གནད་དོན་གྱི་འདུ་ཤེས་དང་ཞིབ་འཇུག་ནུས་པ་གསོ་སྐྱོང་བྱེད་པར་ཁྲིད་སྟོན་བྱེད་དགོས།

(2)བློ་སྒོ་འབྱེད་ཐབས་དང་། གྲོས་བསྡུར་བྱེད་སྟངས་བཅས་ཀྱི་སློབ་ཁྲིད་ཧུར་ཐག་བྱེད་དགོས། 

(3)རྒྱལ་སྤྱིའི་མདུན་གྲལ་རིག་གཞུང་འཕེལ་རྒྱས་དང་། ཞིབ་འཇུག་གི་གྲུབ་འབྲས་གསར་པ། ཚན་ཞིབ་ཉམས་མྱོང་བཅས་སློབ་ཁྲིད་བྱེད་པར་ཧུར་ཐག་བྱེད་དགོས།

(4)སློབ་མའི་མཐའ་དཔྱོད་རང་བཞིན་དང་གསར་གཏོད་རང་བཞིན་གྱི་བསམ་གཞིགས་གསོ་སྐྱོང་བྱེད་པར་དོ་སྣང་བྱས་ཏེ། སློབ་མའི་གསར་གཏོད་ལས་གཏོད་ཀྱི་རིག་པ་སྐུལ་སློང་བྱེད་དགོས།

6 སློབ་ཁྲིད་སྒྲིག་བཀོད།

མཐོ་རིམ་སློབ་གྲྭ་དང་སློབ་གྲྭ་ཆེན་མོ་དང་ཚན་ཁག་ཁག་གིས་སློབ་ཁྲིད་ལ་དགོས་ངེས་ཀྱི་སྒྲིག་ཆས་དང་སྒྲིག་ཆས་འདོན་སྤྲོད་བྱེད་དགོས་པ་པ་དང་། དེའི་ནང་དགོས་ངེས་ཀྱི་སློབ་ཁྲིད་བྱེད་གནས་དང་། སློབ་ཁྲིད་སྒྲིག་ཆས། དེ་བཞིན་ཆེད་ལས་སློབ་ཁྲིད་ཀྱི་རམ་འདེགས་མི་སྣ་གྲངས་འབོར་ངེས་ཅན་བཀོད་སྒྲིག་བྱེད་པ་སོགས་ཚུད་དགོས།

7 སློབ་ཁྲིད་གྲོན་དངུལ།

མཐོ་རིམ་སློབ་གྲྭ་ཁག་གིས་མཚན་ཉིད་རིག་པའི་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལ་ལོ་རེར་སློབ་གྲྭ་གཞན་དག་གི་རིག་གནས་ཚན་ཁག་གི་ཆེད་ལས་འགྲོ་གྲོན་ཆ་སྙོམས་གྲངས་འབོར་ལས་མི་ཉུང་བ་ཞིག་མཁོ་འདོན་བྱེད་པའི་འགན་ལེན་བྱེད་དགོས་པ་མ་ཟད། ལོ་རེ་བཞིན་འཕར་ཚད་ཡོད་པར་བྱེད་དགོས།

8 སྤུས་ཚད་དོ་དམ།
8_1 སྤུས་ཚད་དོ་དམ་མ་ལག

སློབ་ཆེན་ཁག་གིས་སློབ་གསོ་པུའུ་ཡི་འབྲེལ་ཡོད་གཏན་འབེབས་དང་རང་ངོས་ཀྱི་དོན་དངོས་གཞིར་བཟུང་ཆེད་ལས་སློབ་ཁྲིད་ཀྱི་སྤུས་ཚད་འགན་ལེན་དང་། ལྟ་སྐུལ་ཚོད་འཛིན། དཔྱད་དཔོག་བཅས་ཀྱི་བྱ་ཐབས་དང་ལག་བསྟར་ཞིབ་སྲོལ་བཟོ་དགོས། ཆེད་ལས་ཀྱི་ངེས་གནས་དང་། སློབ་གཉེར་བསམ་ཕྱོགས། ཤེས་ལྡན་མི་སྣ་གསོ་སྐྱོང་གི་དམིགས་ཚད། བསླབ་ཚན་བཀོད་སྒྲིག སྤྱི་དམངས་ཀྱི་ལྟ་སྐུལ། སློབ་ཁྲིད་སྤུས་ཚད་ལྟ་སྐུལ་ཚོད་འཛིན་སྒྲིག་གཞི། འགན་འཁྲི་འཁུར་མཁན། སློབ་ཁྲིད་བརྒྱུད་རིམ། སློབ་ཁྲིད་འགྲོ་གྲོན། སྒྲིག་བཀོད་འཛུགས་སྐྲུན། སློབ་ཁྲིད་བསྒྱུར་བཅོས་དང་ཞིབ་འཇུག སློབ་ཁྲིད་འཆར་གཞི་བཟོ་བཅོས། ལག་ལེན་སློབ་ཁྲིད་ལྷུ་ཚིགས་སོགས་ཕྱོགས་མང་དང་རིམ་པ་དབྱེ་བའི་སྤུས་ཚད་དོ་དམ་མ་ལག་འཛུགས་དགོས།

མཐོ་རིམ་སློབ་གྲྭ་ཁག་གིས་དུས་བཀག་ལྟར་ཕྱོགས་ཡོངས་ནས་སློབ་ཁྲིད་སྤུས་ཚད་ཞིབ་བཤེར་དང་དཔྱད་དཔོག་བྱེད་དགོས།

8_2 སྤུས་ཚད་དོ་དམ་བྱེད་ཐབས།

རྒྱུན་ལྡན་གྱི་དོ་དམ། སློབ་གླིང་དང་ཚན་ཁག་དེ་གའི་སློབ་ཁྲིད་འགན་འཁུར་བས་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་སྤུས་ཚད་འགན་ལེན་རྣམ་གྲངས་ལག་བསྟར་བྱས་ཚུལ་ལ་རྒྱུན་གཏན་གྱི་དོ་དམ་བྱེད་དགོས་པ་དང་། ཆེད་མི་གཏན་འཁེལ་བྱས་ནས་སློབ་ཁྲིད་འཁོར་སྐྱོད་དང་སྤུས་ཚད་ལ་དོ་དམ་བྱེད་དགོས།

དུས་བཅད་དོ་དམ། སློབ་གྲྭ་དང་སློབ་གླིང་དང་ཚན་ཁག་གིས་དུས་བཅད་ལྟར་དོ་དམ་ཞིབ་དཔྱད་དང་སློབ་ཁྲིད་བྱ་བའི་ཆུ་ཚད་དཔྱད་དཔོག ཆེད་ལས་དཔྱད་དཔོག་གམ་ཡང་ན་ཆེད་དམིགས་དཔྱད་འཇོག་བཅས་རྩ་འཛུགས་བྱེད་དགོས།

བརྒྱུད་རིམ་དོ་དམ། སློབ་གླིང་དང་ཚན་ཁག་གི་འགན་འཁུར་བས་སློབ་ཁྲིད་ལ་ཉན་པའི་ལམ་ལུགས་དང་། ཆེད་མཁས་པ་ལྟ་སྐུལ་མཛུབ་ཁྲིད་ལམ་ལུགས། ལས་རིགས་གཅིག་པའི་དཔྱད་མོལ་ལམ་ལུགས། སློབ་མའི་དཔྱད་བསྡུར་སློབ་གསོའི་ལམ་ལུགས་བཅས་འཛུགས་པ་དང་ལག་བསྟར་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རིག་གནས། མཚན་ཉིད། མཚན་ཉིད་རིགཔ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-26

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།