ཝང་ཨེར་ཞའོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝང་ཨེར་ཞའོ།
ཝང་ཨེར་ཞའོ་ནི་སྤྱི་ལོ1929ལོར་ཧོ་པེ་ཞིང་ཆེན་ལེ་ཡོན་རྫོང་ནས་སྐྱེས་ཤིང་སྤྱི་ལོ1942ལོའི་ཟླ10པའི་ཚེས25ཉིན་སྐུ་གཤེགས། ཁོང་ནི་འཇར་འགོག་དཔའ་བོ་ཆུང་ཆུང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王二小
སྐྱེས་ལོ།
སྤྱི་ལོ1929ལོར་སྐྱེས།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧོ་པེ་ཞིང་ཆེན་ལེ་ཡོན་རྫོང་།
འདས་ལོ།
སྤྱི་ལོ1942ལོའི་ཟླ10བའི་ཚེས25ཉིན།
1 ​མི་ཚེའི་ལོ་རྒྱུས།

སྤྱི་ལོ1929ལོར། ཝང་ཨེར་ཞའོ་ནི་ལེ་ཡོན་རྫོང་ཧྲང་ཀྲོང་སྡེ་བའི་ཞིང་བ་དབུལ་བོ་ཞིག་གི་ཁྱིམ་དུ་སྐྱེས།

དགུང་ལོ11ལ་སླེབས་སྐབས་དྭ་ཕྲུག་ཏུ་གྱུར་ནས་ཕྱིར་བསྐྱོད་དེ་ཟས་མི་སློང་ཐབས་མེད་བྱུང་། ཕྱིས་སུ་ཁྲ་ཅན་ལིན་གྱི་ལྷོ་ཕྱོགས་བཅིངས་འགྲོལ་ས་ཁུལ་ལ་ཉེ་བ་ཐོས་རྗེས། ཁོ་བྲོས་ནས་ནན་མ་ཀྲོང་ས་ཁུལ་གྱི་ལང་ཡ་ཁོའུ་གྲོང་ཚོར་སླེབས། འཇར་འགོག་དམག་དམངས་དང་འབྲེལ་གཏུག་བྱེད་སྐབས་ཁོང་གིས་འཇར་འགོག་གི་གནས་ལུགས་རིམ་བཞིན་རྟོགས་པ་དང་འཇར་འགོག་གི་བྱིས་པའི་ཚོགས་པར་ཞུགས་པ་རེད། ལང་ཡ་ཁོའུ་ནི་ལྕགས་རི་རིང་པོའི་འགག་སའི་གྲོང་ཁྱེར་གལ་ཆེན་ཞིག་ཡིན་ལ། ལེ་ཡོན་ནས་ཧྥུ་ཕིན་དུ་སྐྱོད་པའི་འགྲིམ་འགྲུལ་གྱི་ལམ་གལ་ཆེན་ཞིག་ཀྱང་ཡིན་པས། དེ་ནི་འཇར་དམག་གིས་ཟིང་འཁྲུག་སློང་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་ཞིག་ཡིན། ཝང་ཨེར་ཞའོ་ཡིས་རྒྱུན་དུ་བ་གླང་བཞག་ནས་རི་ངོས་སུ་པ་ལུའུ་ཅུན་ལ་སོ་ལྟ་བྱེད་རོགས་བྱེད་པ་དང་། ཁོམ་པ་བཙལ་ནས་པ་ལུའུ་ཅུན་ལ་རྩྭ་འབྲེག་པ། དམག་ལྷམ་སྐྱེལ་བ། འཕྲིན་ཡིག་སྐྱེལ་བ་བཅས་བྱས་ཏེ། འཇར་འགོག་གི་ཆེད་དུ་བྱ་བ་མང་པོ་བསྒྲུབས།

2 གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས།

གློག་བརྙན། 《གླིང་རྫི་ཨེར་ཞའོ》 《ན་གཞོན་དཔའ་བོ》 《ཞི་པའེ་ཕའོ2》 《དཔའ་བོ་ཝང་ ཨེར་ཞའོ》  

གླུ་གཞས། 《གླིང་རྫི་ཨེར་ཞའོ་ཡི་བསྟོད་གླུ》 སྙན་ཚིག་རྩོམ་མཁན་ཧྥང་པིང་། གདངས་རྩོམ་པ་པོ་ལི་པའོ་ཧྥུའུ།

དཔེ་དེབ། 《ན་གཞོན་དཔའ་བོ་ཝང་ཨེར་ཞའོ》

རྩོམ་ཡིག 《སྟོན་ཁའི་དུས་སུ་ཕིན་ཧྲན་ཀུན་ལུང་ཀོའུ་རུ་བསྐྱོད་དེ་དཔའ་བོ་ཝང་ཨེར་ཞའོ་རྗེས་སུ་དྲན་པ》

3 མི་རབས་རྗེས་མར་བཞག་པའི་ཤུགས་རྐྱེན།  

“གླིང་རྫི་ཨེར་ཞའོ་ཡི་བསྟོད་གླུ”འདི་དར་ནས་ལོ70ལྷག་ཙམ་འདས་ཟིན་མོད། འོན་ཀྱང་གཞས་གཅིག་ཀྲུང་གོར་དུས་རབས་ཕྱེད་ཀ་ལྷག་གི་རིང་ལ་བརྒྱུད་གཏོང་བྱས།

ལེ་ཡིན་རྫོང་ཝང་ཨེར་ཞའོ་རྗེས་དྲན་ཁང་དུ་ཅིན་ཁྲ་ཡུས་དམག་ཁུལ་གྱི་སི་ལིང་ཡོན་གཞོན་པ་དམག་དཔོན་ཞའོ་ཁེས་ཕྱག་བྲིས་བསྩལ་པའི“འཇར་འགོག་ན་གཞོན་དཔའ་བོ་ཝང་ཨེར་ཞའོ་ཡི་རྗེས་དྲན་རྡོ་རིང”བཞེངས་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-20

གསར་སྤེལ་མཁན། :ལྷ་དབང་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།