བོད་ཕག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕག་རིགས་ཤིག་ཡིན་ཏེ། འཛམ་གླིང་སྟེང་དུ་གྲངས་ཀ་ཤིན་ཏུ་ཉུང་བའི་མཐོ་སྒང་གི་ཕག་རྒྱུད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
藏猪
ཁྱབ་ཡུལ།
མཚོ་བོད་མཐོ་སྒང་།
རིགས་དབྱེ།
ཕག
1 ངོ་སྤྲོད།

བོད་ཕག་ནི་མཚོ་བོད་མཐོ་སྒང་ནས་ཡོད་དེའི། དེ་ཁོངས་སུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་ཕག་དང་། སི་ཁྲོན་ཞིང་ཆེན་གྱི་རྔ་བ་དང་དཀར་མཛེས་ཀྱི་བོད་ཕག ཀན་སུའུ་ཞིང་ཆེན་གྱི་གཙོས་བོད་ཕག བོད་ལྗོངས་ཀྱི་ལྷོ་ཁ་དང་ཉིང་ཁྲི། ཆབ་མདོའི་བོད་ཕག་སོགས་འདུས་པ་དང་། འཛམ་གླིང་སྟེང་དུ་གྲངས་ཀ་ཤིན་ཏུ་ཉུང་བའི་མཐོ་སྒང་གི་ཕག་རྒྱུད་ཅིག་ཡིན།

2 ཁྱད་ཆོས།

བོད་ཕག་ནི་སྤུ་མདོག་མཐུག་ཅིང་མདོག་ནག་པ། ཟེ་རྔོག་རིང་ཞིང་ཚགས་སྟུག་པ། ལུས་གཟུགས་ཆུང་བ། རྣ་རིང་ཞིང་དྲང་ལ་སྙུང་དབྱིབས་མངོན་པ། དཔྲལ་བ་ཆུང་ཞིང་གཉེར་མ་ཉུང་བ། བྲང་ཁོག་ཕྲ་བ། ལུས་གཟུགས་ཐུང་བ། རྐེད་ཞེང་དྲང་བ་དང་གཞུའི་དབྱིབས་སུ་གྲུབ་པ། རྐང་ལག་བཞི་པོ་སྲ་ཞིང་མཁྲེགས་པ། རྨིག་པ་སྲ་ཞིང་བརྟན་པ། ནུ་ཏོག་སྤྱིར་བཏང་དུ་ཆ5ཡིན།

3 ​འཚོ་སྐྱོང་བྱེད་སྟངས།

ལོ་ཧྲིལ་བོར་སྒོ་ནས་འཚོ་སྐྱོང་བྱས་ན། ཟླ12འགོར་རྗེས་ཀྱི་ལུས་པོའི་ལྕི་ཚད་ནི་སྤྱི་རྒྱ20ནས25བར་དང་། ཟླ24འགོར་རྗེས་ཀྱི་ལྕི་ཚད་ནི་སྤྱི་རྒྱ35ནས40བར་ཡིན། ཕག་རིགས་འདིའི་རྒྱུད་འཕེལ་ནུས་ཤུགས་ཞན་ཞིང་འཚར་སྐྱེ་དུས་ཡུན་ཅུང་དལ་ཡང་། མཐོ་སྒང་གི་གནམ་གཤིས་འོག་ནས་འཚོ་སྐྱོང་བྱས་ཆོག་པར་མ་ཟད། ལོ་ཧྲིལ་བོར་སྒོ་ཕྱི་ནས་འཚོ་སྐྱོང་བྱས་ཆོག་པས་བདག་སྐྱོང་བྱེད་སླ་བ་ཡིན།


བརྡ་འགྲེལ་གདོང་འཛར།

བོད་ཕག ཁྱབ་ཡུལ། སྤུ་མདོག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-16

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།