ཞིམ་ཕག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞིམ་ཕག་ནི་ཀུའེ་ཀྲོའུ་ཞིང་ཆེན་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་སྣེ་མཚམས་ཀྱི་ཙི་ཅང་རྗོང་དང་སན་ཏའོ་རྫོང་། ཧེ་ཅང་རྫོང་། པ་མ་ཡའོ་རིགས་རང་སྐྱོང་རྫོང་སོགས་སུ་ཁྱབ་ཡོད་པ་དང་། ལུས་གཟུགས་ལྟར་དབྱེ་ན་རིགས་གཉིས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
香猪
ཁྱབ་ཡུལ།
ཀུའོ་ཀྲོའུ་ཞིང་ཆེན་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།
རིགས་དབྱེ།
ཕག
1 ངོ་སྤྲོད།

ཞིམ་ཕག་ནི་ཀུའེ་ཀྲོའུ་ཞིང་ཆེན་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་སྣེ་མཚམས་ཀྱི་ཙི་ཅང་རྗོང་དང་སན་ཏའོ་རྫོང་། ཧེ་ཅང་རྫོང་། པ་མ་ཡའོ་རིགས་རང་སྐྱོང་རྫོང་སོགས་སུ་ཁྱབ་ཡོད།

2 རིགས་དབྱེ།

ལུས་གཟུགས་ལྟར་དབྱེ་ན་རིགས་གཉིས་ཡོད་དེ། རིགས་གཅིག་ནི་ལུས་གཟུགས་ཅུང་ཆེ་ཞིང་རིང་བ། རྐང་ལག་བཞི་པོ་ཕྲ་ཞིང་ཐུང་ལ་མགོ་ཆེ་བ་དང་། ཁ་སྣ་སྦོམ་པ། རྣ་བ་ཅུང་ཆེ་ཞིང་ཐུར་དུ་འཕྱང་བ་སོགས་ཀྱི་ཁྱད་ཆོས་ཡོད། རིགས་གཞན་ཞིག་ཡོད་པ་ནི་ལུས་གཟུགས་ཅུང་ཆུང་ཞིང་ཐུང་བ། རྐེད་ཞེང་ཆེ་བ། གསུས་ཁོག་ཆེ་བ། མགོ་ཆུང་ཞིང་སྣ་ཕྲ་བ། རྣ་བ་ཆུང་ཞིང་ཡར་སྒྲེང་བ། རྐང་ལག་ཕྲ་བ་སོགས་ཀྱི་ཁྱད་ཆོས་ཡོད་པ་དང་། གྲངས་ཀའི་སྟེང་ནས་བཤད་ན་རྗེས་མ་ཅུང་མང་བ་དང་བརྒྱ་ཆའི70ཙམ་ཟིན།

3 ཁྱད་ཆོས།

ཞིམ་ཕག་གི་སྤྱིའི་ཁྱད་ཆོས་ནི་ལུས་གཟུགས་ཆུང་བ་དང་འཚར་སྐྱེ་དལ་བ། ཟླ་དྲུག་འགོར་ཡོད་པའི་ཕག་ཅིག་གི་མཐོ་ཚད་ནི་ལིས་སྨི40དང་། ལུས་པོའི་རིང་ཚད་ནི་ལིས་སྨི60ནས70བར་ཡིན་ལ། ལུས་པོའི་ལྕི་ཚད་ནི་སྤྱི་རྒྱ20ནས30བར་ཡིན། ཆ་སྙོམས་ཉིན་རེའི་སྐྱེ་འཕེལ་ཚད་གཞི་ཁེ120ནས150བར་ཡིན།

4 ​རྒྱུད་སྤེལ།

མཚན་མ་འཚར་ལོངས་འབྱུང་ཚད་མགྱོགས་པ་དང་སྤྱིར་བཏང་དུ་ཟླ3ནས་ཟླ4ལས་འགོར་གྱིན་མེད། ཕག་ཕྲུག་བཙས་པའི་གྲངས་ཀ་ཅུང་ཉུང་བ་དང་སྤྱིར་བཏང་དུ5ནས6མ་གཏོགས་མེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-16

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།