ཧེ་ཧུ་གྲོང་ཁྱེར་ཨའེ་ཧུའེ་ཆུས་མི་དམངས་ཁྲིམས་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧེ་ཧུ་གྲོང་ཁྱེར་ཨའེ་ཧུའེ་ཆུས་མི་དམངས་ཁྲིམས་ཁང་།
ཧེ་ཧུ་གྲོང་ཁྱེར་ཨའེ་ཧུའེ་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོའི་ཟླ6པར་བཙུགས་པ་དང་། དེ་སྔོན་གྱི་མིང་ལ་ཧེ་ཧུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ཟེར་བ་དང་། ཁྲིམས་ཁང་གི་གཞུང་ལས་ཐོག་ཁང་ནི་ཨའེ་ཧུའེ་ཆུས་རིག་གནས་ཁྲོམ་ལམ་ཨང182པརགནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑河市爱辉区人民法院
བཙུགས་ལོ།
སྤྱི་ལོ1949ལོར་བཙུགས།
ངོ་བོ།
སྲིད་གཞུང་གི་ལས་དོན་སྡེ་ཚན།
འབྲེལ་གཏུག་ཨང་གྲངས།
0456-8296266
སྦྲག་སྲིད་ཨང་རྟགས།
164399
གནས་ཡུལ།
ཧེ་ཧུ་གྲོང་ཁྱེར་ཨའེ་ཧུའེ་ཆུས།
1 ངོ་སྤྲོ་མདོར་བསྡུས།

ཧེ་ཧུ་གྲོང་ཁྱེར་ཨའེ་ཧུའེ་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོའི་ཟླ6པར་བཙུགས་པ་དང་། དེ་སྔོན་གྱི་མིང་ལ་ཧེ་ཧུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ཟེར་བ་དང་། ཁྲིམས་ཁང་གི་གཞུང་ལས་ཐོག་ཁང་ནི་ཨའེ་ཧུའེ་ཆུས་རིག་གནས་ཁྲོམ་ལམ་ཨང182པརགནས་ཡོད། ཁྲིམས་ཁང་ཧྲིལ་བོར་ལས་མི78ཡོད་པའི་ནང་ཁྲིམས་དཔོན36ཡོད་པ་དང་ལས་མིའི་ཆ་སྙོམས་ཀྱི་ལོ་ཚད47ཡིན་པ་དང་སློབ་ཆེན་དངོས་གཞིའི་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་ལས་མིའི100%བཟུང་ཡོད། ལས་དོན་མི་སྣ་གཞན42ཡོད་པ་དང་ཆ་སྙོམས་ཀྱི་ལོ་ཚད35ཡིན་པ་དང་དངོས་གཞི་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་ལས་མིའི83%བཟུང་ཡོད།

2 སྒྲིག་གཞིའི་སྒྲིག་བཀོད།

ཨའེ་ཧུའེ་ཆུས་མི་དམངས་ཁྲིམས་ཁང་ལ་ད་ལྟ་གྱོད་དོན་ཐོ་འགོད་ཁང་དང་། ཉེས་དོན་འདྲི་གཅོད་ཁྲིམས་ཁང་། དམངས་དོན་འདྲི་གཅོད་ཁྲིམས་ཁང་། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། འདྲི་གཅོད་ཁང་། ལག་བསྟར་ཅུའུ། གཞུང་ལས་ཁང་། ཆབ་སྲིད་ལས་དོན་ཁང་། ཞིབ་འཇུག་ཁང་། ཞིབ་གཅོད་དོ་དམ་གཞུང་དོན་ཁང་། ལྟ་ཞིབ་ཁང་། ཡིག་བསྐུར་ངོ་བཅར་དོན་གཅོད་ཁང་། ཨའེ་ཧུའེ་ཁྲིམས་ར། བདེ་སྐྱིད་ཁྲིམས་ར། ཧན་ཏ་ཁྲིམས་ར་བཅས་བཙུགས་ཡོད།

3 གཟི་བརྗིད་མཚན་སྙན།

ཧེ་ཧུ་གྲོང་ཁྱེར་ཨའེ་ཧུའེ་ཆུས་མི་དམངས་ཁྲིམས་ཁང་ནི་ཞིང་ཆེན་ཁྲིམས་ཁང་གི་ཁྲིམས་དཔོན་སྲིད་གཙང་འཛུགས་སྐྱོང་འདུ་འགོད་དཔེ་སྟོན་ཚན་པ་ཁག་དང་པོ་ཡིན་པ་དང་། “རྒྱལ་ཡོངས་ཀྱི་རྒྱལ་སྲུང་ཁེ་ཕན་དང་དམག་མི་དང་དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ལས་དོན་གྱི་སྔོན་ཐོན་ཚན་པ”དང་། “རྒྱལ་ཡོངས་རྒན་རྒོན་གྱི་ཁེ་དབང་སྲུང་སྐྱོང་དཔེ་སྟོན་ལས་གནས”དང་། “ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྔོན་ཐོན་སྡེ་ཚན”དང་། “ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྔོན་ཐོན་མཉམ་སྡེབ”དང་།“ཞིང་ཆེན་རིམ་པའི་དཔལ་ཡོན་ཚན་པ།”“ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་རིག་གནས་འཛུགས་སྐྱོང་དཔེ་སྟོན་སྡེ་ཚན།”“ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཁྲིམས་འཛིན་ཡོངས་བསྒྲགས་དཔེ་སྟོན་སྡེ་ཚན”སོགས་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། ཆུས་རིམ་པའི་གཟི་བརྗིད་མཚན་སྙན100ལྷག་ཐོབ་མྱོང་།

སྤྱི་ལོ2019ལོའི་ཟླ་དང་པོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཧེ་ཧུ་གྲོང་ཁྱེར་ཨའེ་ཧུའེ་ཆུས་མི་དམངས་ཁྲིམས་ཁང་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང”གི་གཟི་བརྗིད་མཚན་སྙན་སྤྲད།  

སྤྱི་ལོ2020ལོའི་ཟླ་དང་པོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཧེ་ཧུ་གྲོང་ཁྱེར་ཨའེ་ཧུའེ་ཆུས་མི་དམངས་ཁྲིམས་ཁང་ཨའེ་ཧུའེ་མི་དམངས་ཁྲིམས་རའི“རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་སྤྲད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-07

གསར་སྤེལ་མཁན། :ལྷ་དབང་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།