གཟུར་གཡོལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཟུར་གཡོལ།
གཟུར་གཡོལ་ནི་ཁྲིམས་འཛིན་མི་སྣ་གྱོད་དོན་འདིར་ཁེ་གྱོང་གི་འབྲེལ་བའམ་འབྲེལ་བ་གཞན་དག་ཡོད་པའི་དབང་གིས་གྱོད་དོན་འདིའི་མྱུལ་ཞིབ་དང་འདྲི་གཅོད་སོགས་ཀྱི་བྱ་འགུལ་དུ་མི་ཞུགས་པ་དང་། ཁྲིམས་འཛིན་མི་སྣ་དང་གྱོད་དོན་ནམ་གྱོད་དོན་གྱི་དོ་བདག་བར་དམིགས་བསལ་གྱི་འབྲེལ་བ་ངེས་ཅན་ཡོད་པའི་དབང་གིས་གྱོད་དོན་དེ་ཞིབ་གཅོད་བྱས་མི་ཆོག་པ་ལ་ཟེར། དེའི་དམིགས་ཡུལ་ནི་ཉེར་ཕྱོགས་གཡོ་ཟོལ་དང་ཕྱོགས་ཞེན་གྱི་ལྟ་ཚུལ་འབྱུང་བ་སྔོན་འགོག་བྱས་ཏེ་གྱོད་དོན་དྲང་བཞག་སྒོས་ཞིབ་གཅོད་བྱེད་པར་ཕན་པའི་ཆེད་དུ་ཡིན། འདྲི་གཅོད་པ་དང་ཞིབ་དཔྱོད་མི་སྣ། མྱུལ་ཞིབ་མི་སྣ་བཅས་དང་དེ་བཞིན་འབྲེལ་ཡོད་མི་སྣ་གཞན་དག་རང་ཉིད་དང་ཁེ་གྱོང་གི་འབྲེལ་བ་ཡོད་པའམ་ཡང་ན་འབྲེལ་བ་གཞན་དག་ཡོད་པའི་གྱོད་དོན་འདྲི་གཅོད་དང་ཞིབ་དཔྱོད། མྱུལ་ཞིབ་བཅས་བྱེད་པརཞུགས་མི་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
回避
ཕྱི་ཡིག་གི་མིང་།
avoid
དོན་སྙིང་།
ཉེ་ཕྱོགས་གཡོ་ཟོལ་དང་ཕྱོགས་ཞེན་གྱི་ལྟ་ཚུལ་འབྱུང་བ་སྔོན་འགོག་བྱས་ཏེ་གྱོད་དོན་དྲང་བཞག་སྒོས་ཞིབ་གཅོད་བྱེད་པ།
ཁོང་གཏོགས།
ཁྲིམས་ལུགས་བརྡ་ཆད།
སྤྱད་འཐུས་མི་སྣ།
འདྲི་གཅོད་མི་སྣ། ཞིབ་དཔྱོད་མི་སྣ་སོགས།
1 གོ་དོན།

གཟུར་གཡོལ་ནི་ཁྲིམས་འཛིན་མི་སྣ་གྱོད་དོན་འདིར་ཁེ་གྱོང་གི་འབྲེལ་བའམ་འབྲེལ་བ་གཞན་དག་ཡོད་པའི་དབང་གིས་གྱོད་དོན་འདིའི་མྱུལ་ཞིབ་དང་འདྲི་གཅོད་སོགས་ཀྱི་བྱ་འགུལ་དུ་མི་ཞུགས་པ་དང་། ཁྲིམས་འཛིན་མི་སྣ་དང་གྱོད་དོན་ནམ་གྱོད་དོན་གྱི་དོ་བདག་བར་དམིགས་བསལ་གྱི་འབྲེལ་བ་ངེས་ཅན་ཡོད་པའི་དབང་གིས་གྱོད་དོན་དེ་ཞིབ་གཅོད་བྱས་མི་ཆོག་པ་ལ་ཟེར། དེའི་དམིགས་ཡུལ་ནི་ཉེར་ཕྱོགས་གཡོ་ཟོལ་དང་ཕྱོགས་ཞེན་གྱི་ལྟ་ཚུལ་འབྱུང་བ་སྔོན་འགོག་བྱས་ཏེ་གྱོད་དོན་དྲང་བཞག་སྒོས་ཞིབ་གཅོད་བྱེད་པར་ཕན་པའི་ཆེད་དུ་ཡིན། འདྲི་གཅོད་པ་དང་ཞིབ་དཔྱོད་མི་སྣ། མྱུལ་ཞིབ་མི་སྣ་བཅས་དང་དེ་བཞིན་འབྲེལ་ཡོད་མི་སྣ་གཞན་དག་རང་ཉིད་དང་ཁེ་གྱོང་གི་འབྲེལ་བ་ཡོད་པའམ་ཡང་ན་འབྲེལ་བ་གཞན་དག་ཡོད་པའི་གྱོད་དོན་འདྲི་གཅོད་དང་ཞིབ་དཔྱོད། མྱུལ་ཞིབ་བཅས་བྱེད་པརཞུགས་མི་ཆོག

2 དོན་སྙིང་།

གཅིག ཉེས་དོན་གྱོད་གཞི་དོན་དངོས་དང་མཐུན་ཞིང་དྲང་གཞག་གི་སྒོ་ནས་ཐག་གཅོད་ཐུབ་པར་འགན་ལེན་ཏན་ཏིག་བྱེད་ཐུབ།

གཉིས། ཉེས་དོན་གཏུག་བཤེར་བྱེད་རིང་དོ་བདག་ལ་དྲང་གཞག་གི་ལྟ་སྟངས་འཛིན་ཐུབ་པ་འགན་ལེན་ཏན་ཏིག་བྱེད་ཐུབ།

གསུམ། བཅའ་ཁྲིམས་ལམ་ལུགས་དང་བཅའ་ཁྲིམས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དོ་བདག་དང་སྤྱི་ཚོགས་ཀྱིས་དྲང་གཞག་བྱེད་པར་ཡོངས་ཁྱབ་ཏུ་བརྩི་འཇོག་ཐོབ་པར་འགན་ལེན་ཏན་ཏིག་བྱེད་ཐུབ།

3 སྤྱད་འཐུས་མི་སྣ།
3_1 གཅིག འདྲི་གཅོད་མི་སྣ།

《ཆེས་མཐོའི་བཅའ་ཁྲིམས་ཀྱི་འགྲེལ་བཤད》ཀྱི་དོན་ཚན་སོ་གཉིས་པར་འདྲི་གཅོད་མི་སྣ་རུ་འབོད་པའི་ནང་དུ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་རྒན་གཞོན་དང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁྲིམས་རའི་འགོ་འཛིན་རྒན་གཞོན། འདྲི་གཅོད་མི་སྣ་བཅས་འདུས།

3_2 གཉིས། ཞིབ་དཔྱོད་མི་སྣ།

《ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་སྒྲིག་སྲོལ》གྱི་དོན་ཚན་སོ་གཉིས་པར་ཞིབ་དཔྱོད་མི་སྣ་རུ་འབོད་པའི་ནང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་རྒན་གཞོན་དང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་དཔྱོད་མི་སྣ། ཞིབ་དཔྱོད་རམ་འདེགས་པ་བཅས་འདུས།

3_3 གསུམ། མྱུལ་ཞིབ་མི་སྣ།

མྱུལ་ཞིབ་མི་སྣ་ཞེས་པ་ནི་སྤྱི་བདེ་ལས་ཁུངས་དང་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་དོན་ཞིབ་གཅོད་བྱེད་རིང་བཅའ་ཁྲིམས་གཞིར་བཟུང་ནས་ཆེད་དམིགས་ཀྱི་བརྟག་དཔྱད་ལས་ཀ་དང་འབྲེལ་ཡོད་ཀྱི་བཙན་ཤེད་བྱེད་ཐབས་སྤྱད་དེ་གྱོད་དོན་མྱུལ་ཞིབ་བྱེད་པའི་ལས་བྱེད་མི་སྣར་ཟེར།

3_4 བཞི། འབྲེལ་ཡོད་མི་སྣ།

མྱུལ་ཞིབ་དང་གཏུག་བཤེར། འདྲི་གཅོད་བཅས་ཀྱི་བྱེད་སྒོར་ཞུགས་པའི་ཟིན་ཐོ་འགོད་མཁན་དང་ཁྲིམས་རའི་དྲུང་ཡིག ལོ་ཙཱ་བ། གསལ་འབྱེད་པ། ཁྲིམས་འཛིན་ཉེན་རྟོག་པ་བཅས་ཡིན།

4 རིགས་དབྱེ།

གཟུར་གཡོལ་ལ་རང་འགུལ་གཟུར་གཡོལ་དང་རེ་ཞུའི་གཟུར་གཡོལ། བཀའ་བསྒྲགས་གཟུར་གཡོལ་བཅས་གསུམ་ཡོད།

5 གཟུར་གཡོལ་ལམ་ལུགས།

གཟུར་གཡོལ་ལམ་ལུགས་ནི་ཆིང་རྒྱལ་རབས་ཀྱི་ཚན་འབྱེད་རྒྱུགས་འདེམ་ལམ་ལུགས་སྐབས་རྒྱུགས་རའི་ནང་གི་དཔོན་པོས་གཡོ་ལས་བྱེད་པ་འགོག་པའི་ལམ་ལུགས་ཤིག་ཡིན། དེ་དུས་ཡུལ་རྒྱུགས་དང་ཚོགས་རྒྱུགས། ཕོ་བྲང་གི་རྒྱུགས་སོགས་སུ་རྒྱུགས་ལེན་དཔོན་སོགས་དོ་དམ་མི་སྣའི་གཉེན་ཉེ་བུ་ཕྲུག་རྣམས་རྒྱུགས་རར་འཛུལ་མི་ཆོག་པ་དེར་གཟུར་གཡོལ་ཟེར་ལ། དེ་ནི་གོང་མ་ཧྲུན་ཀྲིའི་སྐབས་ཀྱི་ལམ་ལུགས་ཡིན། ཡུན་ཀྲེང་གི་སྐབས་དཔོན་པོའི་སྲས་སོགས་གཟུར་གཡོལ་བྱེད་དགོས་པའི་བཀའ་ཕབ་པ་རྣམས་ནང་བློན་ཁང་དུ་བཅུག་ནས་རྒྱུགས་ལ་ཞུགས་པའམ་རྒྱུགས་རའི་ནང་ཡོལ་བ་འཐེན་ནས་བཞུགས་རྟགས་གཞན་ཞིག་བཀོད་སྒྲིག་བྱས་ཏེ་རྒྱུགས་ལ་ཞུགས་ཆོག་པ་བྱས་ཤིང་། བློན་ཆེན་གཞན་མངགས་ནས་རྒྱུགས་གཞི་ཕུད་པ་དང་རྒྱུགས་ ཤོག་ལ་ལྟ་རུ་བཅུག་པ་ཐང་སུང་གི་རྒྱུགས་གཞན་པ་དང་མཚུངས། གོང་མ་ཆན་ལུང་ཁྲི་ལོ་དགུ་བའི་རྗེས་སུ་སྔར་བཞིན་སྔོན་སྲོལ་ལྟར་གཟུར་གཡོལ་ལམ་ལུགས་རྒྱུན་བསྐྱངས་པ་སྟེ། རང་གི་རིགས་རྒྱུད་གཅིག་པའི་ནང་ཚུན་གྱི་ཨ་ནེ་དང་ནུ་མོའི་ཁྱོ་བོ་དང་བུ། རང་གི་མ་དང་ཆུང་མའི་ཕུ་ནུ་དང་ཚ་བོ་སོགས་རྒྱུགས་ལ་ཞུགས་མི་ཆོག་པ་དང་རྒྱུགས་ལེན་དཔོན་བྱས་མི་ཆོག

སྔར་དཔོན་རིགས་ཀྱིས་ཉེ་དགའ་ཕྱོགས་འཛིན་བྱེད་པ་སྔོན་འགོག་བྱེད་པའི་ལམ་ལུགས་མང་སྟེ། དཔེར་ན་དཔོན་པོ་སྤྱིར་བཏང་པ་རྣམས་ཀྱིས་རང་ཁོངས་སམ་ཕ་ཡུལ་གྱི་གོ་གནས་འཛིན་མི་ཆོག་པ་དང་། ས་ཁུལ་གཅིག་གམ་ལས་ཁུངས་གཅིག་ཏུ་ལས་ཀ་བྱེད་མཁན་གྱི་གཉེན་ཉེ་ཡིན་ན་གོ་གནས་ཅུང་དམའ་བའི་མི་དེ་གཟུར་གཡོལ་གྱིས་ལས་གནས་བསྒྱུར་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-31

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།