ཧྲེན་ཀྲེན་ཆུ་ཐོག་དགའ་ཚལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲེན་ཀྲེན་ཆུ་ཐོག་དགའ་ཚལ།
ཆུ་ཐོག་དགའ་ཚལ་དེ་ཧྲེན་ཀྲེན་གྲོང་ཁྱེར་ཧྲེན་ནན་ལམ་ཆེན་གྱི་ནུབ་མཚམས་ཤང་སྨི་མཚེའུ་སྤྲོ་གསེང་གྲོང་ཚོར་གནས་པ་དང་། ཤང་སྨི་མཚེའུ་སྤྲོ་གསེང་གྲོང་ཚོའི་རྣམ་གྲངས་ཀྱི་ཁོངས་གཏོགས་ཞིག་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བའི་དུས་འགོར་ལས་གཉེར་བྱེད་འགོ་ཚུགས། དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི9.2ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར་2.3བཏང་ནས་བསྐྲུན་ཞིང་། སྐབས་དེ་དུས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་ཆེས་ཆེ་ཤོས་དང་ཆེས་སྔོན་ཐོན་གྱི་ཆུ་ཐོག་རོལ་རྩེད་མཁར་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
深圳水上乐园
ཕྱི་ཡིག་གི་མིང་།
Shenzhen Water Park
ས་གནས།
ཧྲེན་ཀྲེན་གྲོང་ཁྱེར་ཧྲེན་ནན་ལམ་གྱི་ནུབ་མཚམས་ཤང་སྨི་མཚེའུ་སྤྲོ་གསེང་གྲོང་ཚོ།
རྒྱལ་ཁོངས།
ཀྲུང་གོ
གཞི་ཁྱོན།
སྨི་གྲུ་བཞི་མ་ཁྲི9.2
པ་སེའི་རིན་གོང་།
སྒོར70
སྒོ་འབྱེད་དུས་ཚོད།
10:00-21:00
1 ངོ་སྤྲོད་མདོར་བསྡུས། 

ཆུ་ཐོག་དགའ་ཚལ་དེ་ཧྲེན་ཀྲེན་གྲོང་ཁྱེར་ཧྲེན་ནན་ལམ་ཆེན་གྱི་ནུབ་མཚམས་ཤང་སྨི་མཚེའུ་སྤྲོ་གསེང་གྲོང་ཚོར་གནས་པ་དང་། ཤང་སྨི་མཚེའུ་སྤྲོ་གསེང་གྲོང་ཚོའི་རྣམ་གྲངས་ཀྱི་ཁོངས་གཏོགས་ཞིག་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བའི་དུས་འགོར་ལས་གཉེར་བྱེད་འགོ་ཚུགས། དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི9.2ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར་2.3བཏང་ནས་བསྐྲུན་ཞིང་། སྐབས་དེ་དུས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་ཆེས་ཆེ་ཤོས་དང་ཆེས་སྔོན་ཐོན་གྱི་ཆུ་ཐོག་རོལ་རྩེད་མཁར་ཞིག་ཡིན། 

ཆུ་ཐོག་དགའ་ཚལ་གྱི་མ་རྐང་འཇོག་མཁན་ནི་ཤང་སྨི་མཚེའུ་སྤྲོ་གསེང་གྲོང་ཚོ་ཚད་ཡོད་ཀུང་ཟིའི་མ་རྐང་འཇོག་མཁན་གཉིས་སྟེ། ཧྲེན་ཀྲེན་ཐུ་ཧྥ་ཚོགས་པ་དང་ཐེ་ཀའོ་ཀྲེན་ཏ་ཚོགས་པ་གཉིས་ཡིན། ཆུ་ཐོག་དགའ་ཚལ་གྱིས་ཨ་རི་དང་ཁ་ན་ཏ། སུའེ་ཏེན། འཇའ་པན་བཅས་ཀྱིས་ཐོན་སྐྱེད་བྱས་པའི་སྔོན་ཐོན་སྒྲིག་ཆས་དང་ལག་རྩལ་ནང་འདྲེན་བྱས་པར་མ་ཟད། རོལ་རྩེད་སྒྲིག་བཀོད་གཙོ་བོ་ལ་མྱུར་བགྲོད་འདྲེད་ལམ་དང་། གངས་རིའི་ཤུད་ལམ། རི་འཛེགས་འདྲེད་ལམ། ཚན་སྡེབ་འདྲེད་ལམ་དང་རླབས་སྐྲུན་རྫིང་བུ། རྐྱལ་མཆོང་རྫིང་བུ་སོགས་ཡོད་པས། ཧྲེན་ཀྲེན་གྱི་ཆུ་ཐོག་དགའ་ཚལ་ནི་ཡུལ་སྐོར་བའི་རྩེད་འཇོར་རོལ་སའི་གནས་མཆོག་ཅིག་རེད།

2 དགའ་ཚལ་གྱི་རྣམ་གྲངས།
2_1 མྱུར་བགྲོད་འདྲེད་ལམ། 

ཡུལ་སྐོར་བས18mབར་སྣང་ནས་ཐད་ཀར་ཤུད་ལམ་བརྒྱུད་དེ་ཆུ་ནང་དུ་དབབ་ཆོག་ལ། དེ་དང་འདྲ་བའི་མཐོ་ཚད་ནས་ཤུད་ལམ་གཞན་ཞིག་བརྒྱུད་དེ། མཛེས་སྡུག་ལྡན་པའི་མཁའ་དབྱིངས་ཀྱི་འཁྱོག་ཐིག་ཅིག་བཅད་ནས་ཆུ་ནང་དུ་འཛུལ་ཆོག

2_2 གངས་རིའི་འདྲེད་ལམ།

ལམ་བུ་བཞིའི་རིང་ཚད་ལ20mཡོད་པ་དང་། དབྱིབས་མི་འདྲ་བའི་གངས་རིའི་ཤུད་ལམ་ལས་ཁྱེད་ཉིད་ཚ་བ་ཆེ་བའི་སྐབས་གངས་འཁྱག་གི་བསིལ་གྲིབ་ཚོར་དུ་འཇུག་ཐུབ། 

2_3 ཚན་སྡེབ་འདྲེད་ལམ། 

མཐོ་ཚད་ལ6mདང12mགཉིས་ཡོད་པ་དང་། རིང་ཚད་མི་འདྲ་བའི་འདྲེད་ལམ་དང་བཀག་སྡོམ་ཅན་གྱི་འདྲེད་ལམ་རིགས་བཞི་ཡོད་ལ། མི་རྐྱང་འདྲེད་ལམ་ཡང་ཡོད། ཁྱིམ་ཚང་གཅིག་གིས་བཀོལ་སྤྱོད་བྱེད་པའི་ཁྱིམ་ཚང་རྣམ་པའི་འདྲེད་ལམ་ཡང་ཡོད།

2_4 རི་འཛེགས་འདྲེད་ལམ།

ཆེད་སྤྱོད་གཡེང་སྒོར་ལ་བསྡད་དེ་ཆུ་ཡི་སྒུལ་ཤུགས་ལ་བརྟེན་ནས་མཁའ་དབྱིངས་སུ་སྐོར་བ་རྒྱག་པ།

2_5 རླབས་བསྐྲུན་རྫིང་བུ།

རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4770ཡོད་པ་དེས་མཚོ་འགྲམ་གྱི་བཟོ་དབྱིབས་ཇུས་འགོད་ལ་ལད་མོ་བྱས་ཏེ། རླབས་ཕྲེང་མི་འདྲ་བ་བཞི་ཐོན་པ་དང་། རྦ་རླབས་འཕྱུར་ཚད1mལ་སླེབས་ཀྱིན་ཡོད། ཡུལ་སྐོར་བ་ཚོ་ཆུ་ནང་དུ་འཛུལ་ཏེ། དྲག་ཏུ་འཕྱུར་བའི་རྦ་རླབས་དང་འཐབ་ཆོག་པར་མ་ཟད། བྱེ་ཐང་རྐུབ་སྟེགས་ཐོག་ཉལ་ནས་ཉི་འོད་ལོངས་སུ་སྤྱད་ཀྱང་ཆོག

2_6 བྱིས་པའི་རོལ་རྩེད་རྫིང་བུ།

རྣམ་པ་སྣ་ཚོགས་ཀྱི་དགོད་བྲོའི་ལམ་གྱིས་བྱིས་པར་ངོ་མཚར་ཆེ་བའི་རྩེད་འཇོར་རོལ་དུ་འཇུག་པའི་རྫིང་བུ་ཞིག 

3 ས་གནས།

.png

ཧྲེན་ཀྲེན་གྲོང་ཁྱེར་ཧྲེན་ནན་ལམ་གྱི་ནུབ་མཚམས་ཤང་སྨི་མཚེའུ་སྤྲོ་གསེང་གྲོང་ཚོ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-29

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།