ཞ་ལི་རླངས་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞ་ལི་རླངས་འཁོར།
ཞ་ལི་ཀུང་ཟི་ནི་ཡར་སྔོན་གྱི་ཐེན་ཅིན་རླངས་འཁོར་ཞ་ལི་མ་རྐང་ཚད་ཡོད་ཀུང་ཟི་ཡིན་ཞིང་། སྤྱི་ལོ1997ལོའི་ཟླ8པའི་ཚེས་28ཉིན་བཙུགས་པ་དང་སྤྱི་ལོ1999ལོའི་ཟླ6པའི་ཚེས28ཉིན་ཧྲེན་ཀྲེན་དངུལ་འཛིན་ཉོ་ཚོང་ཁང་དུ་དྲ་ཐོག་ནས་རིན་གོང་གཏན་འཁེལ་གནང་སྟེ། འགྲེམས་སྤེལ་བྱས་པ་དང་ལོ་དེའི་ཟླ7པའི་ཚེས27ཉིན་ཧྲེན་ཀྲེན་དངུལ་འཛིན་ཉོ་ཚོང་ཁང་དུ་སྒོ་བྱང་བཀལ་ནས་ཁྲོམ་རར་བཏོན་པ་རེད། 
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏利
ཕྱི་ཡིག་གི་མིང་།
xiali
ཀུང་ཟིའི་མིང་།
ཐེན་ཅིན་དབྱི་ཆི་ཞ་ལི་རླངས་འཁོར་མ་རྐང་ཚད་ཡོད་ཀུང་ཟི།
རིགས་དབྱེ།
སྤྱི་དབང་ཁེ་ལས།
སྤྱི་ཁྱབ་པུའུ།
ཐེན་ཅིན།
བཙུགས་ལོ།
སྤྱི་ལོ1997ལོའི་ཟླ8པའི་ཚེས28ཉིན།
ལས་བཟོ་བ།
མི7862(སྤྱི་ལོ2010ལོར)
1 ངོ་སྤྲོད་མདོར་བསྡུས།

ཞ་ལི་ཀུང་ཟི་ནི་ཡར་སྔོན་གྱི་ཐེན་ཅིན་རླངས་འཁོར་ཞ་ལི་མ་རྐང་ཚད་ཡོད་ཀུང་ཟི་ཡིན་ཞིང་། སྤྱི་ལོ1997ལོའི་ཟླ8པའི་ཚེས་28ཉིན་བཙུགས་པ་དང་སྤྱི་ལོ1999ལོའི་ཟླ6པའི་ཚེས28ཉིན་ཧྲེན་ཀྲེན་དངུལ་འཛིན་ཉོ་ཚོང་ཁང་དུ་དྲ་ཐོག་ནས་རིན་གོང་གཏན་འཁེལ་གནང་སྟེ། འགྲེམས་སྤེལ་བྱས་པ་དང་ལོ་དེའི་ཟླ7པའི་ཚེས27ཉིན་ཧྲེན་ཀྲེན་དངུལ་འཛིན་ཉོ་ཚོང་ཁང་དུ་སྒོ་བྱང་བཀལ་ནས་ཁྲོམ་རར་བཏོན་པ་རེད།     

ཞ་ལི1999ཀྲུང་གོའི་མ་རྩའི་ཁྲོམ་རར་རྒྱལ་ཁའི་ངང་ཞུགས་ནས་རླངས་འཁོར་ཁྱབ་ཁོངས་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།     

སྤྱི་ལོ2002ལོའི་ཟླ6པའི་ཚེས14ཉིན།ཀྲུང་གོ་རླངས་འཁོར་ཚོགས་པ་དང་པོའི་ཚད་ཡོད་ཀུང་ཟི་དང་ཐེན་ཅིན་རླངས་འཁོར་བཟོ་ལས(ཚོགས་པ)ཚད་ཡོད་ཀུང་ཟི་གཉིས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་མཉམ་འབྲེལ་བསྐྱར་སྒྲིག་གི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། རླངས་འཁོར་ཚོགས་པ་གཅིག་ལ་ཀུང་ཟིའི་མ་རྐང50.98%རེ་ཡོད་ཅིང་། ཀུང་ཟིར་མ་རྐང་ཚོད་འཛིན་བྱེད་དབང་ཡོད། ཁེ་ལས་དེ་རླངས་འཁོར་དབྱི་ཆི་མ་ལག་ནང་དངོས་སུ་ཚུད་པའི་དབང་གིས་ཐེན་ཅིན་དབྱི་ཆི་རླངས་འཁོར་ཞ་ལི་རླངས་འཁོར་མ་རྐང་ཚད་ཡོད་ཀུང་ཟིའི་མིང་དེ་ལྟར་བཏགས་པ་རེད།     

འཁོར་ལོའི་རྟགས་ཀྱི་འཕྲེད་གཞུང་གསུམ་གྱི་འཁྱོག་ཐིག་ལ་གོ་དོན་གསུམ་ཡོད་དེ། རིམ་པ་དང་པོའི“ཐེན་ཅིན་རླངས་འཁོར་ཀུང་ཟི”ཡི“ཐེན”ཞེས་པའི་ཡི་གེའི་མཚོན་རྟགས་དང་། གཉིས་ནི་ཐིག་གསུམ་གྱིས་ཡི་འབྲུAཡི་རིས་དབྱིབས་གྲུབ་པས། ཐེན་རླངས་ཀྱིས་ཨང་དང་པོའི་ཐོན་རྫས་གསར་སྐྲུན་བྱེད་དགོས་པ་མཚོན་ཡོད། གསུམ་ནི་ལམ་ཐིག་གསུམ་ལས་གྲུབ་པའི་ཟམ་པ་ལངས་གཟུགས་སྣོལ་མ་ཞིག་ཡིན་པ་དེས“ཞ་ལི”རླངས་འཁོར་འགྲིམ་འགྲུལ་གྱི་གཞི་རྩ་དང་འགྲོ་ལམ་མང་པོའི་དབར་གནས་པ་གསལ་བཤད་བྱས་ཡོད། 

2 འཕེལ་རྒྱས་ཀྱི་བརྒྱུད་རིམ།     

སྤྱི་ལོ1986ལོར་ཐེན་ཅིན་རླངས་འཁོར་ཀུང་ཟི་དང་པོསCKDཡི་རྣམ་པའི་ཐོག་ནས་རླངས་འཁོར་ཆེ་གྲསCharadeནང་འདྲེན་བྱ་རྒྱུའི་ཐག་བཅད་པ་དང་མིང་ལ“ཞ་ལི”ཞེས་བཏགས།    

སྤྱི་ལོ1986ལོའི་ཟླ9བའི་ཟླ་མཇུག་ཏུ། CKDཡིས་ཐོན་སྐྱེད་བྱས་པའི་ཞ་ལི་ཐོག་མ་དེ་ཚོང་རར་བཏོན། སྐབས་དེར་རླངས་འཁོར་འདིའི་ཚབ་གྲངསTJ730ཡིན། 

རྗེས་སོར་ཐེན་ཅིན་གྱི་རླངས་འཁོར་བཟོ་གྲྭ་དང་པོའི་ཐོན་སྐྱེད་ནུས་པ་རྒྱུན་མ་ཆད་པར་ཆེ་རུ་ཕྱིན་ནས། སྤྱི་ལོ1993ལོའི་ལོ་མཇུག་ཏུ་སླེབས་སྐབས་ཐེན་ཅིན་གྱི་རླངས་འཁོར་བཟོ་གྲྭ་དང་པོ་ནས་ལོ་རེར་རླངས་འཁོར་ཁྲི5ཐོན་སྐྱེད་བྱེད་པའི་ནུས་པ་ལྡན་པར་གྱུར།

དུས་རབས་གོང་མའི་ལོ་རབས90བར་ཀྲུང་གོའི་དཔལ་འབྱོར་དང་གླ་གཏོང་རླངས་འཁོར་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས། ཞ་ལིས་འབར་སྣུམ་གྱི་དཔལ་འབྱོར་རང་བཞིན་དང་དེ་བཞིན་ཉམས་གསོའི་མ་གནས་དམའ་བ་དང་བལྟོས་བཅས་ཀྱི་རིན་གོང་དམའ་བའི་རིན་གོང་ལ་བརྟེན་ནས། ཀྲུང་གོའི་བྱང་ཕྱོགས་ས་ཁུལ་ཁག་གི་གླ་གཏོང་རླངས་འཁོར་ཁྲོམ་རའི་གཙོ་ཤུགས་དམག་ཏུ་གྱུར་ཡོད། 

3 ཀུང་ཟི།

ཐེན་ཅིན་དབྱི་ཆི་ནི་ཀྲུང་གོའི་དབྱི་ཆིའི་དཔལ་འབྱོར་རྣམ་པའི་རླངས་འཁོར་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་དཔལ་འབྱོར་རྣམ་པའི་རླངས་འཁོར་ཁེ་ལས་ཀྱི་སྔོན་བྱོན་པ་ཞིག་ཡིན་པའི་ངོས་ནས། ཐེན་ཅིན་དབྱི་ཆིས་ཐོག་མཐའ་བར་གསུམ་དུ“རླངས་འཁོར་ཆུང་གྲས་རྩེ་གྲ་དང་རླངས་འཁོར་ཆུང་གྲས་བཟོ་བ། འཆམ་མཐུན་ཁེ་ལས་སྐྲུན་པ”བཅས་ཁེ་ལས་ཀྱི་མ་འོངས་པའི་ཕུགས་མདུན་དུ་བརྩི་བཞིན་ཡོད། སྐབས་འདིའི་རླངས་འཁོར་འགྲེམས་སྟོན་ནང་ཐེན་ཅིན་དབྱི་ཆིས་རླངས་འཁོར་རིགས4འཁྱེར་འོངས་ནས་འགྲེམས་སྟོན་དུ་ཞུགས་པའི་ནང་ཞ་ལིN5དང་། ཝེ་ཙུའེV1 དེ་བཞིན་ཟུར་གཉིས་བཟོ་བཅོས་གནང་ཡོད་པའི་རླངས་འཁོར་རིགསTFC-C2དངTFC-H2བཅས་ཡོད། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཐེན་ཅིན་དབྱི་ཆི། ཞ་ལི། རླངས་འཁོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-29

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།