རུ་ནེ་ཝའི་རླངས་འཁོར་འགྲེམས་སྟོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རུ་ནེ་ཝའི་རླངས་འཁོར་འགྲེམས་སྟོན།
རུ་ནེ་ཝའི་རླངས་འཁོར་འགྲེམས་སྟོན་སྤྱི་ལོ1924ལོར་བཙུགས་པ་དང་། ཡོ་རོབ་ཀྱི་ལོ་འཁོར་རེར་ཐེངས་གཅིག་ལ་སྒྲུབ་པའི་རླངས་འཁོར་འགྲེམས་སྟོན་ཆེ་ཤོས་འབའ་ཞིག་རེད། ལོ་རེའི་ཟླ3པར་སྒྲུབ་ཅིང་རླངས་འཁོར་ཚོང་པ་ཆེ་གྲས་ཁག་གིས་ཐོན་རྫས་གསར་བ་འདོན་ཐེངས་ཐོག་མའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། རྟག་ཏུ“རྒྱལ་སྤྱིའི་རླངས་འཁོར་འཕེལ་ཕྱོགས་ཀྱི་ཕྱོགས་སྟོན་རྟགས”ཞེས་བརྗོད་སྲོལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
日内瓦国际汽车展览会
ཕྱི་ཡིག་གི་མིང་།
GenevaInter-national Motor Show
སྟོན་ཐེངས།
ལོ་རེར་ཐེངས་གཅིག
འགྲེམས་སྟོན་ས་གནས།
སུའེ་ཙེར་རུ་ནེ་ཝ།
1 ངོ་སྤྲོད་མདོར་བསྡུས། 

རུ་ནེ་ཝའི་རླངས་འཁོར་འགྲེམས་སྟོན་སྤྱི་ལོ1924ལོར་བཙུགས་པ་དང་། ཡོ་རོབ་ཀྱི་ལོ་འཁོར་རེར་ཐེངས་གཅིག་ལ་སྒྲུབ་པའི་རླངས་འཁོར་འགྲེམས་སྟོན་ཆེ་ཤོས་འབའ་ཞིག་རེད། ལོ་རེའི་ཟླ3པར་སྒྲུབ་ཅིང་རླངས་འཁོར་ཚོང་པ་ཆེ་གྲས་ཁག་གིས་ཐོན་རྫས་གསར་བ་འདོན་ཐེངས་ཐོག་མའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། རྟག་ཏུ“རྒྱལ་སྤྱིའི་རླངས་འཁོར་འཕེལ་ཕྱོགས་ཀྱི་ཕྱོགས་སྟོན་རྟགས”ཞེས་བརྗོད་སྲོལ་ཡོད། རུ་ནེ་ཝའི་རླངས་འཁོར་འགྲེམས་སྟོན་དེ་འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་7ལྷག་ཙམ་ཡོད་པའི་ཁང་པའི་ནང་གི་འགྲེམས་ཁང་དུ་སྒྲུབ་ཅིང་། དེའི་རྒྱ་ཁྱོན་ཆེ་རྒྱུ་མེད་ནའང་རྒྱས་སྤྲོས་རླངས་འཁོར་རྩེ་གྲས་ཐོན་སྐྱེད་བྱེད་མཁན་ནམ་འཛམ་གླིང་སྟེང་གི་མིང་དུ་གྲགས་པའི་རླངས་འཁོར་ཐོན་སྐྱེད་བཟོ་གྲྭས་ངེས་པར་དུ་བརྩོན་ལེན་བྱེད་སའི་གནས་འགངས་ཆེན་ཞིག་ཡིན། རླངས་འཁོར་འགྲེམས་སྟོན་བྱེད་སྐབས་རུ་ནེ་ཝའི་གསོལ་མགྲོན་ཁང་ཆེ་ཆུང་ཚང་མར་འགྲུལ་བས་ཁེངས་ཤིང་། མི་མང་པོ་ཞིག་ལའོ་སང་དང་སུའུ་ལི་ཧྲི། པོར་ཉི་སོགས་གྲོང་ཁྱེར་དང་ཐ་ན་ཧྥ་རན་སིར་མི་སྡོད་ཀ་མེད་བྱུང་ཡོད།

2 རླངས་འཁོར་འགྲེམས་སྟོན་གྱི་འབྱུང་ཁུངས།     

རུ་ནེ་ཝའི་རླངས་འཁོར་འགྲེམས་སྟོན་ནི་སྤྱི་ལོ1905ལོའི“རྒྱལ་ཁབ་ཀྱི་རླངས་འཁོར་དང་རྐང་འཁོར”འགྲེམས་སྟོན་ནས་བྱུང་བ་དང་། སྐབས་དེར་རླངས་འཁོར་བཟོ་ལས་ཀྱི་ལོ་རྒྱུས་ཐོག་གི་ནང་འབར་འཕྲུལ་འཁོར་གལ་ཆེན་དང་དེ་བཞིན་སྒུལ་ཤུགས་ལྡན་པའི་རླངས་འཁོར་འགྲེམས་སྟོན་བྱས་ཤིང་། རླངས་འཁོར་འགྲེམས་སྟོན་དེས་གོ་ལ་ཧྲིལ་པོར་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་བཟུང་ཡོད་པས། རླངས་འཁོར་བཟོ་ཚོང་མཁན་དག་གིས་འགྲེམས་སྟོན་སྟེགས་བུ་འདི་བེད་སྤྱད་དེ། རང་ཀུང་ཟིའི་ཞིབ་འཇུག་གསར་སྤེལ་གྱི་ཚན་རྩལ་གསར་ཤོས་དང་རིམ་འདས་རླངས་འཁོར། དོན་སྤྱིའི་རླངས་འཁོར་སོགས་ཡོངས་བསྒྲགས་ངང་སྤེལ་ནས་རྒྱལ་ཡོངས་ཀྱི་མིག་དབང་འཕྲོག་པར་བརྩོན་ལེན་བྱེད་ཀྱིན་ཡོད། 

སྤྱི་ལོ1924ལོར་དངོས་སུ་གསར་འཛུགས་བྱེད་སྐབས་རྒྱལ་སྤྱིའི་རང་བཞིན་གྱི་རླངས་འཁོར་འགྲེམས་སྟོན200བྱུང་ཡོད། སྤྱི་ལོ1982ལོ་ནས་བཟུང་སྲིད་གཞུང་གིས་བཙུགས་པའིOrgexpoཐེབས་རྩ་ཚོགས་པས་རུ་ནེ་ཝའི་རླངས་འཁོར་འགྲེམས་སྟོན་གཙོ་གཉེར་བྱས་པ་རེད། 

སྤྱི་ལོ1931ལོ་ནས་བཟུང་། འགྲེམས་ཚོགས་ལོ་རེའི་ཟླ3པར་སུའེ་ཙེར་གྱི་རུ་ནེ་ཝའི་པ་ལའེ་སི་པའོ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་བསྒྲུབ་པ་དང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི7ཡོད། འགྲེམས་སྟོན་ཚོགས་འདུ་ནི་ཡོ་རོབ་ཀྱིས་ལོ་རེར་སྒྲུབ་པའི་རླངས་འཁོར་འགྲེམས་སྟོན་འབའ་ཞིག་ཡིན། 

3 གདེང་འཇོག

རུ་ནེ་ཝའི་རླངས་འཁོར་འགྲེམས་སྟོན་ཚད་རིམ་པ་མཐོ་བར་མ་ཟད། ཆུ་ཚད་ཀྱང་མཐོ་བ་དང་། དེ་བས་གལ་ཆེ་བ་ཞིག་ནི་རླངས་འཁོར་འགྲེམས་སྟོན་ཧ་ཅང་དྲང་གཞག་ཡིན་པས་མཐོང་ཆུང་དམའ་འབེབས་སོགས་གང་ཡང་མེད། སྤྱིར་བཏང་གི་རྒྱལ་སྤྱིའི་རླངས་འཁོར་འགྲེམས་སྟོན་ལ“རྒྱལ་སྤྱི”ཞེས་བརྗོད་ནའང་། འགྲེམས་ཁང་གི་རྒྱ་ཁྱོན་དང་འཐུས་ཚང་བའི་སྒྲིག་བཀོད་ཀྱི་ཆུ་ཚད་ཐོག་ནས་མགྲོན་བདག་རྒྱལ་ཁབ་ལ་ཕྱོགས་པ་དང་། མགྲོན་བདག་རྒྱལ་ཁབ་ཀྱི་རླངས་འཁོར་བཟོ་གྲྭ་དང་ཚོང་པས་འགྲེམས་སྟོན་ཁང1ནས2བཟུང་ཡོད། འོན་ཀྱང་རུ་ནེ་ཝའི་རླངས་འཁོར་འགྲེམས་སྟོན་ཐོག་མི་རྣམས་ཀྱིས་དམིགས་བསལ་གྱི་གཟིགས་སྐྱོང་དེའི་རིགས་མཐོང་རྒྱུ་མེད། དེའི་རྒྱུ་མཚན་ནི་སུའེ་ཙེར་རྒྱལ་ཁབ་བར་གནས་རྒྱལ་ཁབ་ཞིག་ཡིན་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཆེ་གྲས་ཁག་གི་སྤྱི་ཁྱབ་པུའུ་ཚང་མ་རུ་ནེ་ཝར་འཛོམས་ཡོད་པས་ཡིན། གང་ལྟར་ཀྱང་རླངས་འཁོར་ཆེ་གྲས་སམ་ཡང་ན་བཟོ་སྐྲུན་ཚོང་པ་ཆུང་གྲས་གང་ཡིན་རུང་། ཚང་མས་རེ་ནེ་ཝའི་རླངས་འཁོར་འགྲེམས་སྟོན་ཐོག་གནས་ཤིག་རྙེད་ཐུབ་ཡོད་པ་དང་ཐ་ན་རླངས་འཁོར་འགྲེམས་སྟོན་སྣ་ཚོགས་ཀྱི་དཔྱད་གཞི་ཡང་དབྱིན་ཡིག་དང་ཧྥ་རན་སེ། འཇར་མན་གྱི་སྐད་སོགས་ཀྱི་པར་གཞི་འགའ་ཤས་སུ་དཔེ་ཡོད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-29

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།