ཅིན་ཅི་ལུའུ་ཡུས་ས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིན་ཅི་ལུའུ་ཡུས་ས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ར་བ།
ཅིན་ཅི་ལུའུ་ཡུས་ས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ར་བ་ནི་ཅིན་ཅི་ལུའུ་ཡུས་ཞིང་ཆེན་བཞིའི་འབྲེལ་མཚམས་གྲོང་ཁྱེར་ཏེ་ཧུ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཧན་ཧྲན་ཆུས་ཡི་ལིང་ཡོན་ལམ་དུ་གནས་པ་དང་། སྤྱི་ལོ1946ལོའི་ཟླ3པར་རྨང་བཏིང་བ་དང་སྤྱི་ལོ1950ལོའི་ཟླ10པར་ཡོངས་སུ་འགྲུབ། བང་སོ་ར་བའི་རྒྱ་ཁྱོན་ལ་མུའུ320ཡོད་པ་དང་ལྷོ་བྱང་གཉིས་སུ་ཕྱེ་ཡོད། དེ་ནི་རང་རྒྱལ་གྱི་འཛུགས་སྐྲུན་སྔ་ཤོས་དང་གཞི་ཁྱོན་ཆེ་ཤོས། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པའི་ཕྱག་བྲིས་དང་རྡོ་རིང་ཡི་གེ་མང་ཤོས་ཀྱི་སྔོན་གཤེགས་དཔའ་བོའི་བང་སོ་ཞིག་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་བཟོ་སྐྲུན་དངོས་པོའི་གཙོ་གནད་སྲུང་སྐྱོང་སྡེ་ཚན་ཁག་དང་པོ་རུ་ཆོག་མཆན་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
晋冀鲁豫烈士陵园
ཕྱི་ཡིག་གི་མིང་།
JINJILUYU MARTYRS CEMETERY
རིམ་པ།
ཀྲུང་གོ་གསར་བ་བཙུགས་ཚུན་གྱི་གཞི་ཁྱོན་ཆེས་ཆེ་བའི་སྔོན་གཤེགས་དཔའ་བོའི་བང་སོ་ར་བ་ཐོག་མ།
འབྲེལ་ཡོད་ལྗོངས་ཁུལ།
ཅིན་ཅི་ལུའུ་ཡུས་མཐའ་ཁུལ་གྱི་སྲིད་གཞུང་གི་གནས་གཞི་རྙིང་བ། དམག་སྤྱིའི་སྒང་།
གནས་ཡུལ།
ཧུ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཧན་ཧྲན་ཆུས་ཡི་ལིང་ཡོན་ལམ།
གནམ་གྲུ་འབབ་ཐང་།
ཧན་ཏན་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་།
སྒོ་འབྱེད་དུས་ཚོད།
དབྱར། 6:00-18:30 དགུན། 6:30-18:00
དུར་འཇུག་བྱས་པའི་དམག་སྤྱི།
ཙུའོ་ཆོན། ཀྲང་ཀྲའོ་ཧྥེང་། ཧྥན་ཀུང་ཞན་སོགས་མི་ཉིས་བརྒྱ་ཡོད།
ལྗོངས་ཁུལ་གྱི་རིམ་པ།
AAAAརིམ་པ།
འགྲུབ་ལོ།
སྤྱི་ལོ1950ལོའི་ཟླ10པ།
སྒོ་འཛིན་རིན་གོང་།
རིན་མེད།
རྒྱ་ཁྱོན།
མུའུ320
ལྗོངས་ཁུལ་གྲགས་ཅན།
སྔོན་གཤེགས་དཔའ་བོའི་དྲན་གསོའི་མཆོད་རྟེན་དང་མི་དམངས་དཔའ་བོའི་དྲན་གསོའི་བང་སོ། འགྲེམས་སྟོན་ཁང་། བཞི་བརྒྱད་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་། དམག་སྤྱི་ཙུའོ་ཆོན་གྱི་བང་སོ། དམག་སྤྱི་ཙུའོ་ཆོན་གྱི་དྲན་གསོ་ཁང་སོགས།
1 ​བང་སོ་ར་བ་ངོ་སྤྲོད།

ཅིན་ཅི་ལུའུ་ཡུས་ས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ར་བ་ནི་ཏང་གི་ཚོགས་ཆེན་བདུན་པའི་དགོངས་དོན་གཞིར་བཟུང་ནས་རང་སྲོག་བློས་བཏང་བའི་ཅིན་ཅི་ལུའུ་ཡུས་ས་ཁུལ་གསུམ་གྱི་འབྲེལ་མཚམས་ས་ཁུལ་དུ་ཡོད་པའི་པ་ལུའུ་ཅུན་གྱི་སྤྱི་ཁྱབ་པུའུ་ཡི་གཡུལ་སའི་བཀོད་འདོམས་ཁང་དང་ཆབ་སྲིད་པུའུ། ཧྲི་ཤོག་བརྒྱ་དང་ཉེར་དགུ་པ། ཅིན་ཅི་ལུའུ་ཡུས་དམག་ཁུལ་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་དྲན་གསོ་ཞུ་ཆེད།  སྤྱི་ལོ1946ལོའི་ཟླ3པར་ཅིན་ཅི་ལུའུ་ཡུས་མཐའ་ཁུལ་གྱི་གྲོས་ཚོགས་ཀྱིས་གྲོས་ཐག་བཅད་དེ་བསྐྲུན་པ་ཞིག་ཡིན་ཞིང་སྤྱི་ལོ1950ལོའི་ཟླ10བར་ཡོངས་སུ་འགྲུབ། དེ་ནི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་བསྐྲུན་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་བརྗེའི་དྲན་གསོའི་འཛུགས་སྐྲུན་ཆེན་པོ་ཐོག་མ་དེ་ཡིན་པ་མ་ཟད། རང་རྒྱལ་གྱི་འཛུགས་སྐྲུན་ཅུང་སྔ་བ་དང་གཞི་ཁྱོན་ཅུང་ཆེ་བ། འཛུགས་སྐྲུན་སྒྱུ་རྩལ་ཅུང་མཐོ་བ། ཁོར་ཡུག་ཅུང་མཛེས་པ་བཅས་ཀྱི་རྒྱལ་ཡོངས་ཀྱི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁུལ་གྲགས་ཅན་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་འཛུགས་སྐྲུན་དངོས་པོ་སྲུང་སྐྱོང་སྡེ་ཚན་དང་། རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི། རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བརྒྱ་ཡི་གྲས་ཡང་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་བཟོ་སྐྲུན་དངོས་པོའི་གཙོ་གནད་སྲུང་སྐྱོང་སྡེ་ཚན་ཁག་དང་པོ་རུ་ཆོག་མཆན་བཀོད་ཡོད།  

2 བཟོ་སྐྲུན་གྱི་གནས་ཚུལ།

ཅིན་ཅི་ལུའུ་ཡུས་ས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ར་བ་དེ་ལྷོ་བྱང་གཉིས་སུ་དབྱེ་བ་དང་རྒྱ་ཁྱོན་ལ་མུའུ320ཡོད། བང་སོ་ར་བ་བྱང་མར་སྐྱེད་ཚལ་འཛུགས་སྐྲུན་གཙོ་བོར་བྱས་ཡོད་ལ། བང་སོ་ར་བ་བྱང་མའི་སྒོ་ཆེན་གྱི་འཕྲེད་བཅད་ཀྱི་སྟེང་དུ་ཀྲུའུ་ཏེས་བྲིས་པའི་ཅིན་ཅི་ལུའུ་ཡུས་སྔོན་གཤེགས་དཔའ་བོའི་བང་སོ་ར་བ”ཞེས་པའི་ཡིག་འབྲུ་བརྒྱད་ཡོད་ལ། སྒོའི་གཞོགས་གཉིས་སུ་ཀྲུའུ་ཞི་མའོ་ཙེ་ཏུང་གི་ཕྱག་བྲིས་བརྐོས་ཡོད། ར་བའི་ནང་སྔོན་གཤེགས་དཔའ་བོའི་དྲན་གསོའི་མཆོད་རྟེན་དང་མི་དམངས་དཔའ་བོའི་དྲན་གསོའི་བང་སོ། འགྲེམས་སྟོན་ཁང་། བཞི་བརྒྱད་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་། དམག་སྤྱི་ཙུའོ་ཆོན་གྱི་བང་སོ། དམག་སྤྱི་ཙུའོ་ཆོན་གྱི་དྲན་གསོ་ཁང་སོགས་དྲན་གསོའི་བཟོ་སྐྲུན་ཡོད་ལ། སྔོན་གཤེགས་དཔའ་བོའི་དྲན་གསོའི་མཆོད་རྟེན་གྱི་མཐོ་ཚད་ལ་སྨི24ཡོད་པ་དང་། མཆོད་རྟེན་གྱི་རྩེ་མོའི་འོད་ཟེར་ཕྱོགས་བཞིར་འཕྲོ་བའི་སྐར་མ་རྩེ་ལྔ་དམར་པོ་དེས་ཀྲུང་གོའི་གསར་བརྗེའི་རླབས་ཆེན་རྒྱལ་ཁ་མཚོན་གྱིན་ཡོད། སྔོན་གཤེགས་དཔའ་བོའི་དྲན་གསོའི་མཆོད་རྟེན་གྱི་བྱང་ཕྱོགས་སུ་མི་དམངས་དཔའ་བོའི་དྲན་གསོའི་བང་སོ་ཡོད་པ་དང་། དེ་ནི་ཅིན་ཅི་ལུའུ་ཡུས་མཐའ་ཁུལ་དུ་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚང་མར་དྲན་གསོ་ཞུ་ཆེད་བསྐྲུན་པ་ཡིན་ལ། དེ་རུ་ཐོན་རིམ་པ་ཡན་གྱི་སྔོན་གཤེགས་དཔའ་བོ317གྱི་མིང་བཀོད་པའི་མིང་ཐོ་བཤམས་ཡོད་པ་རེད། བང་སོའི་ཁ་སྤྲོད་ནི་དམག་སྤྱི་ཙུའོ་ཆོན་གྱི་དྲན་གསོ་ཁང་ཡིན་པ་དང་། འགྲེམས་ཁང་ནང་དུ་དམག་དཔོན་ཙུའོ་ཆོན་གྱི་སྐུ་བརྙན་དང་ཤུལ་བཞག་དངོས་རྫས་བཤམས་ཡོད། བང་སོ་ར་བའི་བྱང་ཤར་རྒྱུད་ནི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ཡིན་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོ་ཁག་ཅིག་གི་སྐུ་བརྙན་དང་ཤུལ་བཞག་དངོས་རྫས་བཤམས་ཡོད། ནུབ་བྱང་རྒྱུད་ནི་ལིའུ་པོ་ཁྲེང་གི་ཁ་བྱང་ཕྱག་བྲིས་གནང་བའི་བཤམས་སྟོན་ཁང་དང“བཞི་བརྒྱད”སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ཡིན། བང་སོ་ར་བ་ལྷོ་མ་ནི“ཅིན་ཅི་ལུའུ་ཡུས་དམག་ཁུལ་གྱི་མི་དམངས་བཅིངས་འགྲོལ་དམག་གི་སྔོན་གཤེགས་དཔའ་བོའི་སྤྱི་བའི་བང་སོ”ཡིན་པ་དང་། མདུན་དུ་དྲན་གསོ་ཁང་དང་དྲན་གསོའི་རྡོ་རིང་ཡོད་པ་དང་། རྒྱབ་ཕྱོགས་ཀྱི་བང་སོ་རུ་པ་ལུའུ་ཅུན་མདུན་ཕྱོགས་སྤྱི་ཁྱབ་པུའུ་དང་ཧྲི129པ། ཅིན་ཅི་ལུའུ་ཡུས་དམག་ཁུལ་གྱི་ཐོན་རིམ་པ་ཡན་གྱི་ལས་བྱེད་པ་དང་མཐའ་ཁུལ་གྱི་དཔའ་བོ་གྲགས་ཅན། དམག་འཐབ་དཔའ་བོ200ལྷག་ཙམ་དུར་འཇུག་བྱས་ཡོད་ལ། སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་གི་འགྲེམས་སྟོན་ནང་དོན་ནི“ཅིན་ཅི་ལུའུ་ཡུས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་འགྲེམས་སྟོན” ཡིན།

3 དོན་རྐྱེན་གལ་ཆེན།

སྤྱི་ལོ1947ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་སི་ལིན་དང་རྗེས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་ཀྲུའུ་ཏེ་ཧྲན་ཏུང་ནུབ་བྱང་དུ་དམག་འཐབ་ལ་བཀོད་འདོམས་གནང་བར་ཕེབས་ནས་ཧན་ཏན་གྱི་བང་སོ་ར་བར་བཞུགས།

སྤྱི་ལོ1950ལོའི་ཟླ10ཚེས21ཉིན་དམག་དཔོན་ཆེན་མོ་ཙུའོ་ཆོན་དང་སྔོན་གཤེགས་དཔའ་བོ་རྣམས་དུར་འཇུག་བྱས་ཤིང་། ཅིན་ཅི་ལུའུ་ཡུས་སྔོན་གཤེགས་དཔའ་བོའི་བང་སོ་ར་བའི་ལེགས་འགྲུབ་མཛད་སྒོ་འཚོགས།

སྤྱི་ལོ1952ལོའི་ཟླ11ཚེས1ཉིན་ཀྲུའུ་ཞི་མའོ་ཙེ་ཏུང་ཅིན་ཅི་ལུའུ་ཡུས་སྔོན་གཤེགས་དཔའ་བོའི་བང་སོ་ར་བར་ཕེབས།

སྤྱི་ལོ1959ལོའི་ཟླ6པའི་ཚེས4ཉིན་ཙུང་ལི་ཀྲོའུ་ཨེན་ལའེ་ཅིན་ཅི་ལུའུ་ཡུས་སྔོན་གཤེགས་དཔའ་བོའི་བང་སོ་ར་བར་ཕེབས།

སྤྱི་ལོ1961ལོའི་ཟླ9ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྗེས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་འགན་ཁུར་བའི་བློ་མཐུན་ཀུའོ་མོ་རུའོ་བང་སོ་ར་བར་ཕེབས།

སྤྱི་ལོ1983ལོའི་ཟླ8ཚེས15ཉིན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཨུ་ཡོན་ཀྲང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཨུ་ཡོན་ཀྲང་ལི་ཕིང་བང་སོ་ར་བར་ཕེབས།

སྤྱི་ལོ1990ལོའི་ཟླ2ཚེས16ཉིན་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྗེས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཨུ་ཡོན་ཀྲང་གི་འགན་ཁུར་བའི་ཆའོ་ཧྲི་བང་སོ་ར་བར་ཕེབས།

སྤྱི་ལོ1991ལོའི་ཟླ9ཚེས19ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅང་ཙེ་མིན་བང་སོ་ར་བར་ཕེབས།

སྤྱི་ལོ1996ལོའི་ཟླ3ཚེས2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཨུ་ཡོན་ཀྲང་ཝུའུ་པང་ཀུའོ་བང་སོ་ར་བར་ཕེབས།

4 འགྲིམ་འགྲུལ་ཆ་འཕྲིན།

ཧན་ཏན་གྲོང་ཁྱེར་ནང་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་ཨང་རྟགས3པ་དང9 13 23 28 202ལ་བསྡད་ན་བང་སོ་ར་བར་འབྱོར་ཐུབ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-26

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།