བཙན་ཤེད་ཀྱིས་ཁྲིད་པའི་ཉེས་ཅན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཙན་ཤེད་ཀྱིས་ཁྲིད་པའི་ཉེས་ཅན།
བཙན་ཤེད་ཀྱིས་ཁྲིད་པའི་ཉེས་ཅན་ཞེས་པ་ནི་ཀྲུང་གོའི་ཉེས་ཁྲིམས་ནང་གི་དམིགས་བསལ་དུ་ཡོད་པའི་བྱས་ཉེས་མཉམ་བསགས་བྱེད་མཁན་གྱི་རིགས་ཤིག་ཡིན། བཙན་ཤེད་ཀྱིས་བྱས་ཉེས་གསོག་པར་ཞུགས་པའི་མི་ཡིན། བྱས་ཉེས་མཉམ་བསགས་ཀྱི་བྱེད་སྒོའི་ནང་དུ་ཞུགས་ཡོད་མོད། འོན་ཀྱང་ཕྱི་ནས་ཡོང་བའི་ནུས་ཤུགས་ངེས་ཅན་ཞིག་ལ་བརྟེན་ནས་མི་ཞུགས་ཀ་མེད་བྱུང་བའམ། ཡང་ན་མགོ་སྐོར་ཐེབས་པའི་རྐྱེན་གྱིས་བྱས་ཉེས་གསོག་པར་ཞུགས་པ་མ་ཟད། བྱས་ཉེས་མཉམ་དུ་བསགས་པའི་ནང་དུ་ཐོན་པའི་ནུས་པ་ཆུང་བ་ཡིན། དེར་བརྟེན། བྱས་ཉེས་མཉམ་བསགས་བྱེད་མཁན་གྱི་ཁྲོད་དུ་བཙན་ཤེད་ཀྱིས་ཁྲིད་པའི་ཉེས་ཅན་ལ་འཁུར་དགོས་པའི་ཉེས་འགན་ནི་ཆུང་ཤོས་ཡིན། ཀྲུང་གོའི་ཉེས་ཁྲིམས་ནང་བཙན་ཤེད་ཀྱིས་ཁྲིད་པ་རྣམས་ལ་དེའི་བྱས་ཉེས་ཆེ་ཆུང་ལ་གཞིགས་ནས་ཉེས་ཆད་བཅའ་ཡང་དུ་གཏོང་བའམ་རྩ་ཡང་དུ་གཏོང་དགོས་པའི་གཏན་འབེབས་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
胁从犯
དབྱིན་ཡིག་གི་མིང་།
accessory and coerced offender
ཁོངས་གཏོགས།
ཉེས་བསགས།
ཁྱད་ཆོས།
བཙན་ཤེད་ཀྱིས་བྱས་ཉེས་གསོག་པར་ཞུགས་པའི་མི།
1 རིགས་དབྱེ།

བཙན་ཤེད་ཀྱིས་ཁྲིད་པའི་ཉེས་ཅན་ལ་བཙན་ཤེད་ཀྱིས་བྱས་ཉེས་གསོག་པར་ཞུགས་པ་ཁོ་ན་ཚུད་ཡོད་ཅིང་། དེའི་ནང་མགོ་སྐོར་འོག་ཚུད་ནས་བྱས་ཉེས་གསོག་པར་ཞུགས་པའི་གནས་ཚུལ་ཚུད་མེད།

བཙན་ཤེད་ཀྱིས་བྱས་ཉེས་གསོག་པར་ཞུགས་མཁན་ལ་བསམ་བློའི་རང་དབང་རྩ་བ་ནས་ཤོར་བ་མིན་པར། རང་མོས་དང་གདམ་ག་བྱེད་པའི་རང་དབང་དེ་ཙམ་མེད། དེ་འདྲ་མིན་ཚེ། བྱ་སྤྱོད་སྤེལ་མཁན་གྱི་ལུས་པོར་ཕྱིའི་དྲག་ཤུགས་ཀྱི་བཙན་ཤེད་ཕོག་ཚེ་བྱ་སྤྱོད་སྤེལ་རྒྱུའི་རང་དབང་རྦད་དེ་ཤོར་ནས་འགོག་ཐབས་བྲལ་བའི་རྐྱེན་ངན་ནམ་ཡང་ན་འཕྲལ་མྱུར་ཉེན་གཡོལ་བྱ་རྒྱུར་ངོས་འཛིན་བྱས་ཆོག་པ་ལས་ཉེས་འགན་འཁུར་མི་དགོས།

བཙན་ཤེད་མྱོང་མཁན་ལ“འཕེལ་རྒྱས”ཀྱི་ལྟ་ཚུལ་འཛིན་དགོས་པ་སྟེ། བཙན་ཤེད་དང་འདོད་པ་མེད་པའི་སྒོ་ནས་ཉེས་གསོག་བྱ་སྤྱོད་ནང་ཞུགས་འགོ་ཚུགས་དགོས་མོད། འོན་ཀྱང་ཕྱིས་སུ་ཁེ་བཟང་ཐོབ་པས། ཧ་ཅང་ཧུར་བརྩོན་དང་རང་མོས་ཀྱི་སྒོ་ནས་མུ་མཐུད་དེ་བྱས་ཉེས་གསོག་མཁན་རྣམས་ནི། སྔར་བཞིན་བཙན་ཤེད་ཀྱིས་བྱས་ཉེས་བསགས་པར་མི་བརྩི་བ་དང་། ཕྱོགས་བསྡུས་ཀྱིས་གྱོད་གཞི་ཧྲིལ་པོར་བལྟས་ན། རྗེས་འབྲངས་ཉེས་ཅན་དང་ཐ་ན་ཉེས་ཅན་གཙོ་བོའང་ཡིན་པའང་སྲིད་པ་རེད།

2 ངོས་འཛིན།

བཙན་ཤེད་ཀྱིས་ཁྲིད་པའི་ཉེས་ཅན་གྱི་ངོ་བོའི་ཁྱད་ཆོས་ནི་བྱས་ཉེས་མཉམ་བསགས་ནང་ཞུགས་པ་ནི་རང་གི་འདོད་བློ་དང་འགལ་བ་ཞིག་ཡིན། དེ་ཡང་གསལ་པོར་བཤད་ན་དེ་ཤེས་བཞིན་དུ་བྱས་ཉེས་བསགས་མེད་ཅིང་། དེ་ནི་མི་གཞན་གྱི་བསམ་བློའི་བཙན་ཤེད་དཔེར་ན་འཇིགས་སྐུལ་དང་གསང་དོན་ཐེར་འདོན་བྱེད་པ་སོགས་ཀྱི་གནས་ཚུལ་འོག་རང་འགུལ་མ་ཡིན་པར་བཟོས་པ་ཞིག་ཡིན།

གཤམ་གྱི་གནས་ཚུལ་འདི་དག་གི་འོག་ཏུ་བཙན་ཤེད་ཀྱིས་བྱས་ཉེས་བསགས་པར་ངོས་བཟུང་ན་མི་འཚམ།

1.བྱ་སྤྱོད་སྤེལ་མཁན་གྱི་གཟུགས་པོར་ཕྱིའི་སྟོབས་ཤུགས་ཀྱི་བཙན་ཤེད་ཕོག་སྟེ་འདོད་བློའི་རང་དབང་རྦད་དེ་ཤོར་བའི་གནས་ཚུལ་འོག་གི་བྱ་སྤྱོད་དེའི་བྱ་སྤྱོད་ཀྱིས་རང་སྣང་གི་བསམ་འདུན་མཚོན་མི་ཐུབ་པ་དང་། ཉེས་པ་ཡོད་མི་སྲིད། ཉེས་གསོག་གི་ཚད་ལ་སླེབས་མེད་པ་དང་། བཙན་ཤེད་འོག་ཚུད་པའི་ཉེས་གསོག་གི་ཤོད་སྲོལ་ཡང་མེད།

2.སྔོན་ལ་བཙན་ཤེད་ཀྱིས་དེར་ཞུགས་སུ་བཅུག་མོད། འོན་ཀྱང་རྗེས་སུ་གཞན་དབང་རང་འགུལ་དུ་གྱུར་ནས་བྱས་ཉེས་གསོག་མཁན་ལ་བཙན་ཤེད་ཀྱིས་ཁྲིད་པར་གཏན་འཁེལ་བྱེད་མི་འོས།

3.བྱས་ཉེས་མཉམ་བསགས་ནང་ཞུགས་རྒྱུའི་མགོ་སྐོར་ཐེབས་པའི་སྐྱེ་བོར་བཙན་ཤེད་ཀྱིས་ཁྲིད་པའི་ཉེས་ཅན་དུ་ངོས་འཛིན་བྱས་མི་ཆོག

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-29

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།