རྗེས་འབྲངས་ཉེས་ཅན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྗེས་འབྲངས་ཉེས་ཅན།
རྗེས་འབྲངས་ཉེས་ཅན་ནི་ཉེས་ཅན་གཙོ་བོར་བལྟས་ཏེ་བཤད་པ་ཞིག་ཡིན་ལ། བྱས་ཉེས་མཉམ་བསགས་ཀྱི་རིགས་ཅིག་ཡིན། དེ་ནི་མཉམ་བསགས་ཉེས་དོན་ཁྲོད་ཕལ་བའམ་རོགས་འདེགས་ཀྱི་ནུས་པ་ཐོན་པའི་ཉེས་ཅན་ལ་ཟེར། གཞོགས་འདེགས་ཀྱི་ནུས་པ་ཐོན་པ་ཞེས་པ་ནི་བྱས་ཉེས་གསོག་པར་ཕན་ཡོད་ཀྱི་ཆ་རྐྱེན་བསྐྲུན་པ་དཔེར་ན།གྲོས་འགོ་འདོན་པ་དང་།ལག་ཆ་འདོན་པ།འགོག་རྐྱེན་སེལ་བ་སོགས་ལ་ཟེར། ནུས་པ་ཕལ་པ་ཐོན་པ།དེ་ནི་ཉེས་ཅན་གཙོ་བོའི་བཀོད་འདོམས་འོག་ཞིབ་ཕྲའི་ཉེས་གསོག་གི་བྱ་སྤྱོད་གང་རུང་ཞིག་སྤེལ་བའམ་ཡང་ན་སྤྱིར་བཏང་གི་ཐུན་མོང་ཉེས་གསོག་ཁྲོད་དུ་ཉེས་ཚབས་ཆུང་བའི་ཉེས་གསོག་གི་བྱ་སྤྱོད་གང་རུང་ཞིག་སྤེལ་བའི་རིགས་ལ་ཟེར། ཀྲུང་གོའི་ཉེས་ཁྲིམས་ཀྱི་གཏན་འབེབས་ལྟར་ན། བྱས་ཉེས་བསགས་རྗེས་ཀྱི་རོགས་རམ་བྱ་སྤྱོད་ལ་སྔོན་ལ་ཁ་མཐུན་བྱས་པའི་རིགས་ལ་བྱས་ཉེས་མཉམ་བསགས་བྱེད་མཁན་ལ་བརྩིས་ནས་ཉེས་ཆད་གཅོད་རྒྱུ་དང་། རྗེས་འབྲངས་ཉེས་ཅན་ལ་ཡང་བཟོས་ཀྱི་ཉེས་ཆད་དང་ཉེས་ཆད་ཇེ་ཡང་དུ་གཏོང་བའམ་རྩ་ཡང་དུ་གཏོང་དགོས། རྒྱལ་ཕྱིའི་མཁས་དབང་ལ་རྗེས་འབྲངས་ཉེས་ཅན་ལ་རོགས་རམ་བྱེད་མཁན་ཡང་ཡོད་པ་སྟེ། མི་གཞན་གྱིས་བྱས་ཉེས་སྔ་ཕྱི་ངམ་བྱ་སྤྱོད་སྤེལ་སྐབས་ཉེས་གསོག་བྱེད་རོགས་བྱེད་མཁན་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
从犯
དབྱིན་ཡིག་གི་མིང་།
accessory
ཁྱབ་ཁོངས།
ཁྲིམས་ལུགས།
འགྲེལ་བ།
བྱས་ཉེས་མཉམ་བསགས་ཁྲོད་དུ་ནུས་པ་ཕལ་པ་འདོན་པའི་ཉེས་ཅན།
ནང་དོན་གཏོགས་ཁོངས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ལས།
1 རིགས་དབྱེ།

རང་རྒྱལ་ཉེས་ཁྲིམས་ཀྱི་གཏན་འབེབས་འདིར་གཞིགས་ན་རྗེས་འབྲངས་ཉེས་ཅན་ལ་གཤམ་གསལ་གནས་ཚུལ་རིགས་གཉིས་སུ་དབྱེ་ཆོག་པ་སྟེ།

1.བྱས་ཉེས་མཉམ་དུ་གསོག་སྐབས་ནུས་པ་ཕལ་པ་འདོན་མཁན་གྱི་ཉེས་ཅན། དེ་ནི་ནུས་པ་ཕལ་པ་འདོན་མཁན་གྱི་ཉེས་ཅན་ངོ་མ་ལ་ཟེར། ནུས་པ་ཕལ་པ་ཐོན་མཁན་གྱི་ཉེས་ཅན་ངོ་མ་ཞེས་པ་ནི་ནུས་པ་གཙོ་བོ་ཐོན་མཁན་གྱི་ཉེས་ཅན་དངོས་ལ་བལྟོས་ནས་བཤད་པ་ཞིག་ཡིན། མ་གཞི་ཐད་ཀར་ཉེས་གསོག་གི་གྲུབ་ཆ་གཙོ་བོའི་བྱ་སྤྱོད་ནང་ཞུགས་ཡོད་མོད། འོན་ཀྱང་དེས་ཐོན་པའི་ནུས་པ་ལ་བསྡུར་ཞིབ་བྱས་ན་སྔར་བཞིན་ཉེས་ཅན་ཕལ་པ་ཡིན། བྱས་ཉེས་མཉམ་བསགས་ཀྱི་ཁྲོད་དུ་ནུས་པ་ཕལ་པ་ཐོན་གྱི་ཡོད་ཅིང་། དེ་ནི་སྤྱིར་བཏང་བྱས་ན་ཉེས་གསོག་བྱ་སྤྱོད་སྤེལ་བར་ཐད་ཀར་ཞུགས་ཡོད་མོད། འོན་ཀྱང་ཉེས་གསོག་གི་བྱེད་སྒོ་ཧྲིལ་པོའི་ནང་དུ་ནུས་པ་ཕལ་པ་ཐོན་གྱི་ཡོད། དཔེར་ན། ཉེས་གསོག་ཚོགས་པའི་ནང་ཉེས་ཅན་གཙོ་བོར་ཉན་ནས་ཉེས་གསོག་གི་བྱེད་སྒོ་འགའ་ཤས་ནང་ཞུགས་པ་དང་། ཡང་ན་སྤྱིར་བཏང་གི་བྱས་ཉེས་མཉམ་དུ་བསགས་པའི་ནང་ནས་ཉེས་གསོག་གི་བྱེད་སྒོ་ཁག་གཅིག་སྤེལ་ཡོད། སྤྱིར་བཏང་། ནུས་པ་ཕལ་པ་ཐོན་མཁན་ཉེས་ཅན་ངོ་མའི་ཞིབ་ཕྲའི་ཉེས་པ་ཅུང་ཡང་བ་དང་། ཉེས་ཚབས་ཅུང་ཆུང་བས་ཐད་ཀར་ངན་འབྲས་ཚབས་ཆེན་བཟོས་མེད།

2. བྱས་ཉེས་མཉམ་དུ་གསོག་སྐབས་རམ་འདེགས་ཀྱི་ནུས་པ་ཐོན་པའི་ཉེས་ཅན་ཞེས་པ་ནི་ཉེས་ཅན་ལ་རོགས་རམ་བྱས་པར་ཟེར། རོགས་རམ་བྱས་པའི་ཉེས་ཅན་ཞེས་པ་ནི་ལྟོས་བཅས་ཀྱི་ཉེས་ཅན་ངོ་མ་ལ་ཟེར། བྱས་ཉེས་ངོ་མ་གསོག་པར་སྟབས་བདེའི་ཆ་རྐྱེན་སྐྲུན་པའི་ཉེས་ཅན་ལ་ཟེར། བྱས་ཉེས་མཉམ་དུ་གསོག་སྐབས་རམ་འདེགས་ཀྱི་ནུས་པ་ཐོན་པ་ཞེས་པ་ནི་སྤྱིར་བཏང་ཐོག་བྱས་ཉེས་མཉམ་དུ་གསོག་རྒྱུར་སྟབས་བདེ་སྐྲུན་ཆེད་ཕན་ཡོད་ཀྱི་ཆ་རྐྱེན་སྐྲུན་པ་དང་འགོག་རྐྱེན་སེལ་བ་སོགས་ལ་ཟེར། དཔེར་ན། ཉེས་གསོག་ཡོ་བྱད་མཁོ་འདོན་དང་། གནོད་འཚེ་ཕོག་མཁན་གྱི་འགྲོ་སྡོད་ལ་ལྐོག་བལྟ་བྱེད་པ། བྱས་ཉེས་གསོག་ཡུལ་དང་ལམ་ཕྱོགས་གསལ་སྟོན་བྱེད་པ། ཉེས་གསོག་དུས་ཚོད་དང་བྱ་ཐབས་ཀྱི་གྲོས་འགོ་འདོན་པ། བྱས་ཉེས་མ་བསགས་གོང་ལ་གཞན་གྱི་བྱས་ཉེས་མཉམ་དུ་གསོག་མཁན་དང་དེ་བཞིན་རྐུ་བྱེད་མཁན། བརྐུས་རྫས་མེད་པར་བཟོ་བ་སོགས་ལ་ཟེར།

ངའི་བསམ་པར་ནུས་པ་ཕལ་པ་དང་རམ་འདེགས་ཀྱི་ནུས་པ་ནི་ཕྱོགས་མི་འདྲ་བའི་ཐོག་ནས་ཐུན་མོང་ཐོག་ཉེས་པ་བསགས་པའི་ཁྲོད་ཀྱི་ནུས་པ་རིགས་དབྱེ་བ་ཞིག་ཡིན་མོད། འོན་ཀྱང་དེ་གཉིས་དབར་ནང་གནས་ཀྱི་འབྲེལ་བ་ཡོད་པ་སྟེ། དེ་ཡང་ཐུན་མོང་ཐོག་ཉེས་པ་བསགས་པའི་ཁྲོད་གཞོགས་འདེགས་ཀྱི་ནུས་པ་ཐོན་པ་དེས་ཀྱང་ཐུན་མོང་ཐོག་ཉེས་པ་བསགས་པའི་ཁྲོད་ནུས་པ་ཕལ་པ་ཐོན་པ་མཚོན་གྱི་ཡོད། དེ་ལས་ལྡོག་ཚེ་དེ་ལྟར་མ་ཡིན། དེའི་ཐོག་ནས་ཉེས་ཅན་ལ་རོགས་རམ་བྱས་པ་ཚང་མ་རྗེས་འབྲངས་ཉེས་ཅན་ཡིན།

2 ཆད་གཅོད།

རང་རྒྱལ་གྱི་ཉེས་ཁྲིམས་ཀྱི་དོན་ཚན་ཉེར་བདུན་པའི་ཚན་པ་གཉིས་པར“རྗེས་འབྲངས་ཉེས་ཅན་ལ་ཡང་མོ་བཟོས་པའི་ཉེས་ཆད་དང་ཉེས་ཆད་ཇེ་ཡང་དུ་གཏོང་བའམ་ཡང་ན་ཉེས་ཆད་རྩ་ཡང་དུ་གཏོང་དགོས”ཞེས་གཏན་འབེབས་བྱས་ཡོད། ཉེས་ཁྲིམས་ནང་དེ་ལྟར་གཏན་འབེབས་བྱེད་དོན་ནི་རྗེས་འབྲངས་ཉེས་ཅན་དང་ཉེས་ཅན་གཙོ་བོ་བསྡུར་ན། རང་སྣང་གི་ངན་པའམ་ཡང་ན་ཕྱི་རོལ་ཡུལ་གྱི་གནོད་འཚེ་གང་ཡིན་རུང་ཚང་མར་ཡང་ཙམ་ཡོད་པའི་རྐྱེན་གྱིས་རེད། དེར་བརྟེན་རང་རྒྱལ་གྱི་ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་རྗེས་འབྲངས་ཉེས་ཅན་ལ་ཉེས་ཆད་གཅོད་རྒྱུའི་རྩ་དོན་དེ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་ཡོད།

3 ངོས་འཛིན།

རྗེས་འབྲངས་ཉེས་ཅན་ནི་ཉེས་ཅན་གཙོ་བོར་བལྟོས་ནས་བཤད་པ་ཞིག་ཡིན། ཉེས་ཅན་གྱིས་བྱས་ཉེས་མཉམ་དུ་བསགས་པའི་བྱེད་སྒོའི་ནང་བཟུང་བའི་གོ་གནས་དང་། དོན་དངོས་ཐོག་ཞུགས་པའི་གནས་ཚད། ཞིབ་ཕྲའི་ནག་ཉེས་ཆེ་ཆུང་། གནོད་འཚེའི་ངན་འབྲས་ལ་ཐོན་པའི་ནུས་པ་སོགས་ཀྱི་ཐད་ནས་ཞིབ་ཕྲའི་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་བྱས་ཉེས་མཉམ་དུ་བསགས་པའི་ནང་དེའི་ནུས་པ་ཕལ་པའམ་རམ་འདེགས་ཀྱི་ནུས་པ་ཐོན་མིན་ལ་བལྟ་དགོས། བྱས་ཉེས་མཉམ་བསགས་ཁྲོད་དུ་ནུས་པ་ཕལ་པ་ཐོན་པ་ཞེས་པ་ནི་སྤྱིར་བཏང་དུ་ཉེས་གསོག་བྱ་སྤྱོད་སྤེལ་བར་ཐད་ཀར་ཞུགས་མོད། འོན་ཀྱང་བྱས་ཉེས་མཉམ་བསགས་ཀྱི་བྱེད་སྒོའི་ནང་ནུས་པ་ཕལ་པ་ཐོན་པར་ཟེར། ཉེས་གསོག་ཚོགས་པའི་ནང་དུ་ཉེས་ཅན་གཙོ་བོར་ཉན་ནས་ཉེས་གསོག་གི་བྱེད་སྒོ་འགའ་ཤས་ལ་ཞུགས་པའམ་ཡང་ན་སྤྱིར་བཏང་གི་ཐུན་མོང་ཉེས་གསོག་བྱེད་སྒོའི་ནང་ཞུགས་ཡོད་མོད། འོན་ཀྱང་ནུས་པ་གཙོ་བོ་མ་ཐོན་པ་རྗེས་འབྲངས་ཉེས་ཅན་ལ་གཏོགས་ཀྱིན་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-08

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།