ཀྲི་ཅང་མགོ་བཏགས་གནས་རྙིང་དང་དྲན་གསོ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲི་ཅང་མགོ་བཏགས་གནས་རྙིང་དང་དྲན་གསོ་ཁང་།
ཀྲི་ཅང་མགོ་བཏགས་གནས་རྙིང་དང་དྲན་གསོ་ཁང་ནི་ཧུའུ་ནན་ཞིང་ཆེན་ཀྲི་ཅང་ཏུང་རིགས་རང་སྐྱོང་རྫོང་གི་ཆིས་ལིས་ཟམ་པའི་ཁུལ་དུ་གནས་ཡོད་པ་དང་། རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི4ལྷག་ཙམ་ཡོད། གནས་ཡུལ་རྙིང་པ་དེར་གཙོ་བོ་འཇར་འགོག་གི་རྒྱལ་ཁ་ཐོབ་པའི་དྲན་གསོ་ཁང་དང་། ཀྲུང་གོའི་འཐབ་ཁུལ་གྱི་མགོ་བཏགས་གནས་རྙིང་། ཞའོ་དབྱི་སུའུ་ཡི་སྒྲིག་གཤོམ་ཁང་། མགོ་བཏགས་པའི་ལོ་རྒྱུས་དཔྱད་གཞིའི་བཤམས་སྟོན་ཁང་། གོ་མཚོན་འགྲེམས་སྟོན་ཁང་། མགོ་བཏགས་སྡོད་ཁང་། ཀྲུང་གོར་རོགས་སྐྱོར་བྱེད་པའི་ཧྥེ་ཧོ་རུ་ཁག་གི་དྲན་གསོ་ཁང་སོགས་དྲན་གསོའི་རང་བཞིན་གྱི་བཟོ་བཀོད་དང་གཞོགས་འདེགས་བཟོ་བཀོད་སོགས་ཚུད་ཡོད་པ་རེད། སྤྱི་ལོ2005ལོའི་ཟླ11པར་གནས་རྙིང་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཁག་གསུམ་པར་ཁྱབ་བསྒྲགས་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
芷江受降旧址和纪念馆
རྒྱ་ཁྱོན།
སྨི་གྲུ་བཞི་མ་ཁྲི4ལྷག་ཙམ།
གནས་ཡུལ།
ཧུའུ་ནན་ཞིང་ཆེན་ཀྲི་ཅང་ཏུང་རིགས་རང་སྐྱོང་རྫོང་གི་ཆིས་ལིས་ཟམ་པའི་ཁུལ།
1 རྒྱབ་ལྗོངས།

སྤྱི་ལོ1945ལོའི་ཟླ8པའི་ཚེས21ཉིན། ཀྲུང་གོར་བཙན་འཛུལ་བྱས་པའི་འཇར་དམག་ཁྲི་བརྒྱའི་ཚབ་བྱས་པའི་སྤྱི་ཁྱབ་ཚན་མོའུ་ཀྲང་གཞོན་པ་དང་བཅས་པས་ཀྲུང་གོར་བཙན་འཛུལ་བྱེད་པར་བཏང་བའི་དམག་དཔུང་གི་སི་ལིང་ཀང་ཚུན་ཉིང་ཚི་ཡི་བཀའ་ལྟར། ནན་ཅིན་ནས་ཀྲི་ཅང་དུ་འབྱོར་ཏེ་མགོ་བཏགས་ལ་གྲོས་མོལ་བྱས་ཏེ། ཀྲུང་གོར་སྡོད་པའི་དམག་ཤུགས་བཀོད་སྒྲིག་ས་ཡིག་སྤྲད་ཅིང་། དེའི་སྐམ་མཚོ་མཁའ་གསུམ་གྱི་དམག་གསུམ་ལ་མཚོན་ཆ་རྩིས་སྤྲོད་དགོས་པའི་བཀའ་རྒྱའི་ཡི་གེ་བླངས། “ཀྲི་ཅང་མགོ་བཏགས”ཞེས་པས་ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་པན་དམག་ལ་ཕམ་ཉེས་ཕྱིན་པ་དང་། རང་རྒྱལ་ཉེ་རབས་ཀྱི་ལོ་རྒྱུས་ཐོག་ཕྱི་ཕྱོགས་ཀྱི་དགྲ་བོའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་རྒྱལ་ཁ་ཐེངས་དང་པོ་ཐོབ་པའི་འོད་སྟོང་འཕྲོ་བའི་ལེའུ་ཞིག་འཁོད་ཡོད།

ལོ་རྒྱུས་ཀྱི་དོན་དངོས་གལ་ཆེན་འདི་ལ་རྗེས་དྲན་བྱེད་ཆེད། སྤྱི་ལོ1947ལོའི་ཟླ་2པར། རྒྱལ་དམངས་སྲིད་གཞུང་གིས་མགོ་བཏགས་པའི་ས་ཆར“མགོ་བཏགས་པའི་དྲན་གསོ་ཁང”ཞིག་བཙུགས། སྤྱི་ལོ1985ལོར། ཀྲི་ཅང་རྫོང་མི་དམངས་སྲིད་གཞུང་གིས་ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞུས་ནས་ཞིག་གསོ་དང་སྒོ་འབྱེད་པར་ཆོག་མཆན་བཀོད། སྤྱི་ལོ1995ལོར་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་འགྲེམས་སྟོན་ཁང་རྒྱས་སྐྲུན་དང་གསར་འཛུགས་བྱས། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་མགོ་བཏགས་པའི་དྲན་གསོ་ཁང་ནི“ཧུའུ་ནན་ཞིང་ཆེན་གྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ”དང་“ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”ཡིན་ཞིང་། སྤྱི་ལོ1996ལོ་དང་སྤྱི་ལོ1997ལོར་བསྟུད་མར་ལོ་གཉིས་རིང“ཧུའུ་ནན་ཞིང་ཆེན་གྱི་ཡུལ་སྐོར་མཛེས་ལྗོངས་ཡག་ཤོས”ལ་བདམས་པ་རེད།

2 མཛེས་ལྗོངས་གཙོ་བོ།
2_1 མགོ་བཏགས་དྲན་གསོ་ཁང་།

སྤྱི་ལོ1946ལོའི་ཟླ2པར་བཙུགས་པ་དང་། དེ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་མཚོན་རྟགས་ཤིག་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ནམ་ཡང་མི་ནུབ་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་ཀྱི་དཔང་རྟགས་གལ་ཆེན་ཞིག གོ་ལ་ཧྲིལ་པོའི་རྒྱལ་ཁའི་སྒོ་མོ་དྲུག(རོ་མ་དང་། པེར་ལིན། སྨི་ལན། ཕ་རི་སི། ཀྲི་ཅང་། ཕོང་དབྱང་བཅས)གི་གྲས་ཤིག་རེད། དེའི་ཐོག་ལ་ཅང་ཀྲུང་ཀྲེང་དང་། ལི་ཙུང་རེན། ཧོ་ཡིན་ཆིན། པའེ་ཁྲུང་ཞི། ཡུས་ཡིའུ་རེན། སུན་ཁོ། ཝང་ཏུང་ཡོན། ཅུས་ཀྲེང་། ཝང་ཡུན་ཝུའུ་སོགས་དམག་སྲིད་ཀྱི་གལ་ཆེའི་མི་སྣ་རྣམས་ཀྱི་རིན་ཐང་ལྡན་པའི་ཕྱག་བྲིས་ཕྱག་བསྟར་མ་ཡོད།

2_2 མགོ་བཏགས་གནས་རྙིང་།

སྤྱི་ལོ1938ལོར་བཙུགས་པ་དང་། དེ་ནི་མགོ་བཏགས་པའི་ཚོགས་ར་དང་། ཀྲུང་གོའི་སྐམ་དམག་སྤྱི་ཁྱབ་དམག་སྤྱི་ཁང་། ཧོ་ཡིན་ཆིན་གཞུང་ལས་ཁང་ལས་གྲུབ་པ་ཞིག་རེད། སྤྱི་ལོ1945ལོའི་ཟླ་8ཚེས21ཉིན་ནས་ཟླ9པའི་ཚེས8ཉིན་བར། ཧོ་ཡིན་ཆིན་གྱིས་དེ་གར་ཀྲུང་གོ་དང་ཕྱི་རྒྱལ་གཉིས་ཀར་ཧང་སངས་དགོས་པའི་འཇར་པན་མགོ་འདོགས་མཛད་སྒོ་འཚོགས་པ་དང་། མགོ་འདོགས་རྒྱུའི་གཏན་འབེབས་ཞིབ་ཕྲ་བཀོད་ཡོད་པའི་བཀའ་རྒྱའི་བརྗེད་ཐོ24ལ་ཆོག་མཆན་བཀོད། རྒྱལ་ཡོངས་ཀྱི་མགོ་བཏགས་པའི་ས་ཁུལ་བཅུ་དྲུག་གི་མཚོན་ཆ་རྩིས་ལེན་བྱེད་ས102ཀྱི་མགོ་བཏགས་ལས་དོན་བཀོད་སྒྲིག་བྱས་པ་རེད།

2_3 འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་འགྲེམས་སྟོན་ཁང་།

འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ལྔ་བཅུ་འཁོར་བར་དྲན་གསོ་ཞུ་ཆེད་སྤྱི་ལོ1995ལོར་བཙུགས་པ་རེད། ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ1500ཡོད་པ་དེ་ཐོག་སོ་གཉིས་སུ་ཕྱེ་ནས་འགྲེམས་ཁང་ནང“ལོ་བརྒྱད་རིང་གི་འཇར་འགོག་དམག་འཁྲུག”དང་།“ཀྲུང་གོར་མགོ་བཏགས”“ལོ་རྒྱུས་མ་བརྗེད”སོགས་ཀྱི་འགྲེམས་ཁང་གསུམ་བཙུགས་ཡོད་པ་རེད། འཛམ་གླིང་དམག་ཆེན་གཉིས་པའི་རིག་དངོས214 པར་རིས་དང་། གློག་འཕྲིན291འགྲེམ་སྟོན་བྱས་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-08

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།