ཁྲི་པེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲི་པེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།
ཁྲི་པེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནི་སྤྱི་ལོ1978ལོའི་ཟླ12པར་སླར་གསོ་བསྐྱར་སྐྲུན་བྱས་པའི་སྲིད་གཞུང་གི་སྒྲིག་གཞི་ཞིག་ཡིན་ཞིང་། ད་ལྟ་ལས་གནས་ཐོག་ཡོད་པའི་ལས་བྱེད་པ་དང་ཉེན་རྟོག་པ84ཡོད་པ་དང་ཆ་སྙོམས་ལོ་ཚོད43ཡིན་པ་རེད། ཁྲི་པེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་འོག་ཏུ་གྱོད་དོན་དོ་དམ་པུའུ་དང་། འཛིན་བཟུང་ཆོག་མཆན་པུའུ། གཞུང་གཏུག་པུའུ། ཉེས་དོན་གཏུག་བཤེར་ལྟ་སྐུལ་པུའུ། དམངས་དོན་དང་སྲིད་འཛིན་གཏུག་བཤེར་ལྟ་སྐུལ་པུའུ། ཕྱོགས་བསྡུས་དོ་དམ་པུའུ་སོགས་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赤壁市人民检察院
ས་ཁྱོན། 
སྨི་གྲུ་བཞི་མ5000
མི་གྲངས།
84ཡོད།
དཀར་ཆག
1 ལས་ཁུངས་ཀྱི་གནས་ཚུལ་མདོར་བསྡུས།

ཁྲིམས་ཁང་ཡོངས་སུ་སྒྲིག་གཞི14ཡོད་པའི་ནང་ཁོའོ་རིམ་པ་གཞོན་པའི་སྒྲིག་གཞི5 མངགས་གཏོང་སྒྲིག་གཞི1བཅས་ཡོད། ཉེ་བའི་ལོ་ཤས་རིང་། ཞིབ་དཔྱོད་ཁང་ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་ཞིབ་དཔྱོད་ཁང་དང་། ཞིང་ཆེན་རིམ་པའི་ཤེས་དཔལ་ཚན་པ་རྩེ་གྲ། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་སྔོན་ཐོན་ཚན་པ། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཁྲིམས་འཛིན་ཚད་ལྡན་ཅན་གྱི་སྔོན་ཐོན་ཚན་པ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཞིབ་དཔྱོད་ཁང་ལེགས་ཤོས་བཅུ། ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཞིབ་དཔྱོད་ཁང་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

ཞིབ་དཔྱོད་ལས་སྒོའི་འཛུགས་སྐྲུན་ཐད་ཕྱོགས་ཡོངས་ནས་མཐུན་སྦྱོར་ངང་འཕེལ་རྒྱས་བཏང་ཡོད། ཉེ་བའི་ལོ་འགའི་རིང་། ལོ་རེར་ཆ་སྙོམས་སུ་ལས་ཐོག་ཉེས་བསགས་ཀྱི་གྱོད་དོན20ཡས་མས་ཞིབ་གཅོད་བྱས་ཤིང་། དེའི་ཁྲོད་དུ་ལྐོག་ཟ་ལ་རྒོལ་བའི་གྱོད་དོན14ཡས་མས་དང་ཞིབ་གཅོད་བྱས་ཡོད། ཉེས་དོན་ཞིབ་བཤེར་ལས་དོན་ལ་ཞིབ་བཤེར་འཛིན་བཟུང་ཆོག་མཆན་འགོད་པ་དང་ཞིབ་བཤེར་ཁྲིམས་སྦྱོར་བྱས་པ་ཆ་སྙོམས་ཀྱི་ལོ་རེར་ལས་སྒོ་བསྒྲུབས་ཚད་མི200ཡས་མས་ཟིན་གྱི་ཡོད། གཏུག་བཤེར་ལྟ་སྐུལ་ལས་ཀའི་ཐད་ལོ་རེར་ཆ་སྙོམས་བྱས་ན་གྱོད་དོན་ཐོ་འགོད་དང་ལྟ་སྐུལ་བྱ་བ9ཡས་མས་དང་། མྱུལ་ཞིབ་དང་ལྟ་སྐུལ་བྱ་བ13ཙམ། འདྲི་གཅོད་དང་ལྟ་སྐུལ་བྱ་བ16ཡས་མས་བཅས་ཡོད། ཞིབ་དཔྱོད་ལས་དོན་འགན་སྲུང་འཛུགས་སྐྲུན་ཐད“ཁང་གཉིས”འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱེད་པ་དང་།“ཚན་རྩལ་ལ་བརྟེན་ནས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ”དེ་སྒུལ་ཤུགས་སུ་བྱེད་པ། མིག་སྔར་གཞུང་ལས་ཐོག་ཁང་བང་རིམ11དང་རྒྱ་ཁྱོན་སྨི་གྲུ་བཞི་མ5000ལྷག་ཙམ་ཡོད།

2 འགན་འཁྲི་གཙོ་བོ།

1.ཁྲིམས་ལྟར་ཁྲི་པེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་གོང་རིམ་ཞིབ་དཔྱོད་ཁང་ལ་ལས་དོན་སྙན་སེང་ཞུ་དགོས་པ་དང་། ཁྲི་པེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་ལེན་བྱེད་དགོས། ཏང་ཨུ་དང་གོང་རིམ་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དང་ལེན་ཞུ་དགོས།

2.ཁྲིམས་ལྟར་ཁྲི་པེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་གཞི་འདོན་དགོས།

3.རྒྱལ་ཁབ་ཀྱི་སྲིད་ཇུས་དང་། བཅའ་ཁྲིམས། བཀའ་ཁྲིམས། སྲིད་བཀའ་བཅས་གཅིག་གྱུར་ཐོག་ལག་བསྟར་བྱེད་པར་གཏོར་བཤིག་ཚབས་ཆེན་བཏང་བའི་བྱས་ཉེས་ཚབས་ཆེན་བསགས་པའི་གྱོད་དོན་ལ་བཅའ་ཁྲིམས་ལྟར་ཞིབ་དཔྱོད་ཀྱི་དབང་ཆ་སྤྱོད་དགོས།

4.ཁྲིམས་འཛིན་ཁྲིམས་འགལ། ལྐོག་ཟ་ལྐོག་རྔན་སྤྲོད་ལེན་གྱི་ཉེས་གསོག རྒྱལ་ཁབ་གཞུང་གི་ལས་བྱེད་པས་འགན་འཛོལ་གྱི་བྱས་ཉེས་བསགས་པ་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པས་འགན་བབ་དབང་ཆར་བརྟེན་ནས་ཁྲིམས་འགལ་གྱིས་བཀག་བསྐྱིལ་དང་། འདྲི་རྩད་བྱས་ནས་ངོས་ལེན་ཞུ་རུ་བཅུག་པ། འཁོན་སློག ཁྲིམས་འགལ་གྱིས་སྔོག་བཤེར་བྱས་པ་སོགས་སྤྱི་དམངས་ཀྱི་ལུས་ཁམས་ཀྱི་ཁེ་དབང་དང་སྤྱི་དམངས་ཀྱི་དམངས་གཙོའི་ཁེ་དབང་ལ་གནོད་འཚེ་བཏང་བའི་བྱས་ཉེས་བསགས་པ་དང་། དེ་བཞིན་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་ལས་བྱེད་པས་འགན་བབ་དབང་ཆར་བརྟེན་ནས་བྱས་ཉེས་ཚབས་ཆེན་བསགས་པའི་གྱོད་དོན་གཞན་དག་མྱུལ་ཞིབ་བྱ་དགོས།

5.ཉེས་དོན་གྱི་གྱོད་གཞི་བཅའ་ཁྲིམས་ལྟར་འཛིན་བཟུང་བྱས་འཐུས་ཀྱི་ཞིབ་བཤེར་ཆོག་མཆན་འགོད་རྒྱུ་དང་། འཛིན་བཟུང་བྱ་རྒྱུའི་ཐག་གཅོད་བྱ་རྒྱུ།

6.བཅའ་ཁྲིམས་ལྟར་ཉེས་དོན་གཏུག་བཤེར་དང་། དམངས་དོན་འདྲི་གཅོད། སྲིད་འཛིན་གཏུག་བཤེར་བཅས་ལ་བཅའ་ཁྲིམས་ཐོག་ནས་ལྟ་སྐུལ་བྱ་དགོས།

7.ཁྲིམས་ལྟར་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ཆད་ལག་བསྟར་བྱེད་པའི་བྱེད་སྒོ་དེ་ཁྲིམས་མཐུན་ཡིན་མིན་ལ་ལྟ་སྐུལ་བྱེད་དགོས།

8.བཅའ་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་དངོས་གནས་ནོར་འཁྲུལ་གྱི་དཔྱད་མཚམས་སམ་བཀའ་བཅད་བཏང་བའི་རིགས་བསྐྱར་གཅོད་ཡོང་རེ་ཞུ་རྒྱུ།

9.མི་སྒེར་དང་ལས་ཁུངས་ཀྱི་གྱོད་དོན་སྙན་ཞུ་དང་། ཞུ་གཏུག རྒྱུ་མཚན་ཞུ་འབུལ། ཐེར་འདོན་གོང་ཞུ། དེ་བཞིན་ཉེས་བསགས་དོགས་གནད་ཆེ་བའི་སྐྱེ་བོ་བཅས་ཀྱི་གྱོད་དོན་ལ་ཞིབ་བཤེར་བྱེད་དགོས།

10.ཞིབ་དཔྱོད་ལག་རྩལ་དང་དངོས་དཔང་ཞིབ་བཤེར་དང་། གསལ་འབྱེད། ཞིབ་བཤེར་གཏན་འབེབས་བཅས་ཀྱི་ལས་དོན་སྤེལ་དགོས།

11.རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ལས་ཐོག་ཉེས་གསོག་སྔོན་འགོག་བྱེད་པའི་ལས་དོན་ལ་ཞིབ་འཇུག་བྱ་རྒྱུ་མ་ཟད། ལས་ཐོག་ཉེས་གསོག་སྔོན་འགོག་བྱེད་པའི་ཐབས་ཇུས་ཀྱང་འདོན་རྒྱུ།

12.ལས་ཁུངས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་འགན་འཁུར་རྒྱུ། ཞིབ་དཔྱོད་དཔོན་དང་ཞིབ་དཔྱོད་མི་སྣ་གཞན་དག་ལ་ཁྲིམས་ལྟར་དོ་དམ་ཡག་པོ་བྱ་རྒྱུ་དང་། གཙོ་སྐྱོང་སྡེ་ཁག་ལ་གཞོགས་འདེགས་ཀྱིས་ཞིབ་དཔྱོད་ཁང་ཡོངས་ཀྱི་སྒྲིག་གཞི་འཛུགས་པ་དང་མི་སྣའི་སྒྲིག་ཁུངས་དོ་དམ་བྱ་རྒྱུ། ལས་བྱེད་པར་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་དང་ཁྲིམས་འཛིན་ཉེན་རྟོག་པར་དོ་དམ་བྱེད་པའི་ལས་ཀའི་འགན་འཁུར་དགོས།

13.ཞིབ་དཔྱོད་ཁང་ཡོངས་ཀྱི་ནོར་དོན་སྒྲིག་ཆས་ལས་དོན་དང་གཞི་རྩའི་འཛུགས་སྐྲུན་གྱི་དོན་ཚན་འཆར་འགོད་བྱེད་དགོས།

14.ཞིབ་དཔྱོད་ཁང་གི་སྒྲུབ་འགན་འཁུར་འོས་པའི་དོན་དག་གཞན་དག་སྒྲུབ་པའི་འགན་འཁུར་དགོས།

3 ནང་བཙུགས་སྒྲིག་གཞི།
3_1 1.གཞུང་ལས་ཁང་།

ལས་ཁུངས་ཀྱི་གལ་ཆེའི་ལས་དོན་བཀོད་སྒྲིག་དང་གལ་ཆེའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པའི་འགན་འཁུར་བ་དང་། གལ་ཆེའི་ཚོགས་འདུ་དང་གལ་ཆེའི་བྱེད་སྒོ་གཞན་དག་སྐོང་ཚོགས་བྱེད་རྒྱུ་སྒྲིག་འཛུགས་དང་བཀོད་སྒྲིག་བྱེད་དགོས།

3_2 2ཆབ་སྲིད་ཀྱི་གནས།

ཞིབ་དཔྱོད་ཁང་དེས་ཞིབ་དཔྱོད་ཀྱི་ཁྱད་ཆོས་ལྡན་པའི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་བྱེད་པའི་འགན་འཁུར་རྒྱུ།

3_3 3.མྱུལ་ཞིབ་ལྟ་སྐུལ་ཚན་པ།

སྤྱི་བདེའི་སྡེ་ཁག་དང་ཞིབ་དཔྱོད་ཁང་གིས་མྱུལ་ཞིབ་བྱེད་པའི་སྡེ་ཁག་གིས་སྐྱེལ་སྤྲོད་བྱས་པའི་འཛིན་བཟུང་ཆོག་མཆན་ཞུ་རྒྱུའི་ཉེས་དོན་ཉེས་གསོག་གི་གྱོད་གཞི་དང་། རང་གིས་མྱུལ་ཞིབ་བྱེད་པའི་གྱོད་གཞིའི་འཛིན་བཟུང་ཆོག་མཆན་འགོད་རྒྱུ་དང་། གྱོད་དོན་ཐོ་འགོད་ཀྱི་ལྟ་སྐུལ། མྱུལ་ཞིབ་ཀྱི་བྱེད་སྒོར་ལྟ་སྐུལ་བཅས་ཀྱི་འགན་འཁུར་དགོས།

3_4 4.གཞུང་ཕྱོགས་ཁྲིམས་སྦྱོར་ཁང་།

མངའ་ཁོངས་ཀྱི་སྤྱི་བདེའི་སྡེ་ཚན་གྱིས་རྩིས་སྤྲད་པའི་ཉེས་དོན་གྱོད་གཞི་དང་། མྱུལ་ཞིབ་སྡེ་ཚན་གྱིས་རྩིས་སྤྲད་པའི་ལས་ཐོག་ཉེས་གསོག་གྱོད་གཞིར་ཞིབ་བཤེར་ཁྲིམས་སྦྱོར། ཁྲིམས་རར་ཞུགས་ནས་གཞུང་གཏུག་དང་བསྐྱར་གཅོད་ཞུ་གཏུག་གི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས།

3_5 5.ལྐོག་ཟ་ལྐོག་རྔན་ངོ་རྒོལ་ཅུས།

གོང་རིམ་གྱིས་བསྒྲུབ་རྒྱུར་སྤྲད་པའི་རྒྱལ་ཁབ་ཀྱི་ལས་དོན་མི་སྣས་ལྐོག་ཟ་དང་། ལྐོག་རྔན་སྤྲོད་པ། གཞུང་དངུལ་སྒེར་སྤྱོད། རྒྱུ་ནོར་འབོར་ཆེན་གྱི་ཡོང་ཁུངས་གསལ་པོ་མེད་པ། གཞུང་ཁོངས་རྒྱུ་ནོར་ལྐོག་བགོས་བྱེད་པ་སོགས་ཀྱི་ལས་ཐོག་ཉེས་གསོག་གྱོད་ཐོ་བཀོད་དང་མྱུལ་ཞིབ་བྱ་རྒྱུའི་འགན་འཁུར་དགོས།

3_6 6.འགན་འཛོལ་དབང་གནོད་ངོ་རྒོལ་ཅུའུ།

གོང་རིམ་གྱིས་བསྒྲུབ་རྒྱུར་སྤྲད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འགན་དབང་སྤྱད་དེ་ཉེར་ཕྱོགས་གཡོ་ཟོལ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཁྲིམས་དང་མི་མཐུན་པར་བཀག་སྐྱིལ་བྱེད་པ། ཚ་འདྲི་བྱས་ནས་ངོས་ལེན་ཞུ་རུ་འཇུག་པ། འདེམས་བསྐོར་གཏོར་བཤིག་གཏོང་བ་སོགས་ཀྱི་འགན་འཛོལ་བྱས་ཉེས་བསགས་པར་ཐོ་འགོད་མྱུལ་ཞིབ་བྱེད་པའི་འགན་འཁུར་དགོས།

3_7 7.ལས་ཐོག་ཉེས་གསོག་སྔོན་འགོག་ཚན་ཁག

ལས་ཐོག་བྱས་ཉེས་གསོག་རིགས་སྔོན་འགོག་བྱེད་པའི་ལས་ཀའི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་འགན་འཁུར་རྒྱུ་དང་། ལྐོག་ཟ་ལྐོག་རྔན་སྤྲོད་ལེན་དང་འགན་འཛོལ་གྱི་བྱས་ཉེས་གསོག་རིགས་ལ་སྔོན་འགོག་བྱེད་པའི་ཐབས་ཇུས་འདོན་རྒྱུ།

3_8 8.ཁྲིམས་སྦྱོར་རྒྱུ་མཚན་ཞུ་འབུལ་ཞིབ་དཔྱོད་ཁོའོ།

མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར་སྣེ་ལེན་དང་། གྱོད་དོན་སྙན་ཞུ་དང་། ཐེར་འདོན། ཞུ་གཏུག རང་ཉེས་རང་ཞུ་བཅས་ཀྱི་ལས་ཀ་བདག་སྤྲོད་བྱེད་པའི་འགན་འཁུར་རྒྱུ།

3_9 9.དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཁོའོ།

སྤྱི་དམངས་དང་ཁྲིམས་མིས་མི་དམངས་ཁྲིམས་ཁང་གིས་ཐག་བཅད་པའི་ནུས་པ་ཐོན་ཟིན་པའི་དམངས་དོན་དང་། དཔལ་འབྱོར། སྲིད་འཛིན་ཁྲིམས་གཅོད་དང་བཀའ་བཅད་ལ་མོས་མཐུན་མེད་པར་བཏོན་པའི་ཞུ་གཏུག་གྱོད་དོན་དང་ལེན་བྱ་རྒྱུ།

3_10 10.ལྟ་སྐུལ་ཞིབ་དཔྱོད་ཁོའོ།

ཉེས་ཅན་ལྟ་སྲུང་ཁང་གི་ལྟ་སྐུལ་དོ་དམ་བྱེད་སྒོ་ཁྲིམས་མཐུན་ཡིན་མིན་ལ་ལྟ་སྐུལ་བྱེད་པའི་འགན་འཁུར་རྒྱུ། ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་ལས་བྱེད་མི་སྣས་ལྐོག་ཟ་དང་། ལྐོག་རྔན་སྤྲོད་པ། ཉེར་ཕྱོགས་གཡོ་ཟོལ། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། བཙོན་ལ་བཀག་པའི་ཉེས་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་ཉེས་གསོག་ཁུངས་སྣེ་མྱུལ་ཞིབ་བྱ་དགོས།

3_11 11.ཁྲིམས་འཛིན་ཉེན་རྟོག་པའི་རུ་ཆེན།

ཁྲིམས་ཁང་གིས་བར་འདུམ་དང་། ལྟ་སྐྱེལ། ལྟ་རྟོག་བཅས་བྱེད་འགན་འཁུར་བ་དང་། མྱུལ་ཞིབ་བྱེད་སྒོར་ཞུགས་ནས་ཁྲིམས་ལྟར་ཉེས་དོན་བཙན་འདོམས་བྱེད་ཐབས་དང་བྲོས་བྱོལ་ཉེས་ཅན་འཛིན་བཟུང་བྱ་དགོས། ཞིབ་དཔྱོད་འགོ་འཛིན་གྱིས་སྤྲད་པའི་ལས་འགན་བསྒྲུབ་རྒྱུ་དང་། བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ཁྲིམས་འཛིན་ཉེན་རྟོག་པའི་ལས་ཀ་གཞན་དག་བསྒྲུབ་རྒྱུ།

3_12 12.ལྟ་ཞིབ་ཁང་།

ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་འགན་འཁུར་དགོས། ཞིབ་དཔྱོད་མི་སྣས་སྒྲིག་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས།

3_13 13.སྲིད་འཛིན་སྒྲིག་ཆས་ཁོའོ།

ཞིབ་དཔྱོད་ལག་རྩལ་སྒྲིག་ཆས་དང་། འགྲིམ་འགྲུལ་འཕྲིན་གཏོང་སྒྲིག་ཆས། གོ་མཚོན་རྫས་མདེལ། གྱོན་ཆས་བཅས་གཅིག་གྱུར་འཆར་འགོད་དང་དོ་དམ་བྱེད་པའི་འགན་འཁུར་རྒྱུ། ཞིབ་དཔྱོད་ཁང་གི་གྲོན་དངུལ་དང་གཞི་རྩའི་འཛུགས་སྐྲུན་སོགས་གྲོན་དངུལ་སྣ་ཚོགས་ཀྱི་རེ་ཞུ་དང་། རྩིས་བཤེར། དོ་དམ་བཅས་དང་དེ་བཞིན་སྒྲིག་ཆས་དང་དངོས་ཟོག་སྣ་ཚོགས་གཅིག་གྱུར་གྱིས་ཉོ་སྒྲུབ་དང་བགོ་འགྲེམས་བྱེད་པའི་འགན་འཁུར་རྒྱུ། ལས་ཁུངས་ཀྱི་ནོར་དོན་དང་། གཞི་རྩའི་འཛུགས་སྐྲུན། གཏན་འཇགས་རྒྱུ་ནོར། རླངས་འཁོར་དོ་དམ། ཁོར་ཡུག་སྒྲིག་ལམ་དོ་དམ། རྒྱབ་ཕྱོགས་ཞབས་ཞུའི་འགན་སྲུང་སོགས་ཀྱི་ལས་ཀའི་འགན་འཁུར་དགོས།

3_14 14.མི་དམངས་ལྟ་སྐུལ་པའི་གཞུང་ལས་ཁང་།

མི་དམངས་ལྟ་སྐུལ་པས་གྱོད་དོན་ལ་ལྟ་སྐུལ་བྱེད་པའི་བྱ་བ་གཅིག་གྱུར་གྱིས་བདག་སྤྲོད་བྱེད་པ། མི་དམངས་ལྟ་སྐུལ་བ་འབྲེལ་ཡོད་གྲོས་ཚོགས་ལ་ཟུར་ཞུགས་བྱེད་པར་གདན་འདྲེན་ཞུ་བ། དུས་བཀག་གམ་དུས་ངེས་མེད་ཐོག་མི་དམངས་ལྟ་སྐུལ་པར་ཞིབ་དཔྱོད་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་གཏོང་བ། འབྲེལ་ཡོད་ཞིབ་དཔྱོད་ལས་དོན་གྱི་ཆ་འཕྲིན་དཔྱད་ཡིག་མཁོ་འདོན་བྱེད་པ། མི་དམངས་ལྟ་སྐུལ་པར་ལྟ་སྐུལ་བྱ་ཡུལ་གྱི་གྱོད་དོན་ཐག་གཅོད་བྱས་ཚུལ་ཕྱིར་ལྡོག་བྱ་དགོས། མི་དམངས་ལྟ་སྐུལ་པས་གྱོད་དོན་ཞིབ་གཅོད་བྱས་རྗེས་ཀྱི་དཔྱད་ཡིག་ལ་ཡིག་ཁུག་བཟོ་བ་དང་། ཡིག་ཚགས་སུ་འཇོག་པ། ཉར་ཚགས་བཅས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས།

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ11པར་ཁྲི་པེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལ་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི“སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-08

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།