དབྱིན་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱིན་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།
དབྱིན་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནི་སྔར་གྱི་དབྱིན་ཁྲེང་རྫོང་མི་དམངས་ཞིབ་དཔྱོད་ཁང་ཡིན་ཞིང་། སྤྱི་ལོ1954ལོར་བཙུགས་པ་དང་།“རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ་མེད་པར་བཟོས་པ་རེད། སྤྱི་ལོ1978ལོའི་ཟླ7པར་དབྱིན་ཁྲེང་རྫོང་མི་དམངས་ཞིབ་དཔྱོད་ཁང་སླར་གསོ་བསྐྱར་སྐྲུན་བྱས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
应城市人民检察院
དབྱིན་ཡིག་གི་མིང་།
Should the city people's Procuratorate
བཙུགས་ལོ།
སྤྱི་ལོ1954ལོ།
ནང་བཙུགས་སྒྲིག་གཞི།
10ཡོད།
1 ལས་ཁུངས་ཀྱི་གནས་ཚུལ་མདོར་བསྡུས།

སྤྱི་ལོ1986ལོར་དབྱིན་ཁྲེང་རྫོང་གྲོང་ཁྱེར་དུ་བསྒྱུར་རྗེས། དབྱིན་ཁྲེང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་མིང་དེ་དབྱིན་ཁྲེང་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་ཞེས་པར་བསྒྱུར།

སླར་གསོ་བསྐྱར་སྐྲུན་གྱི་དུས་འགོར། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལ་ལས་བྱེད་པ་དང་ཉེན་རྟོག་པ6དང་། ཁང་པ་ཆིག་ཐོག་གཉིས། ཁོའོ་ཧྲི་བཞི། ཅི་ཕུའུ་རླངས་འཁོར་གཅིག་བཅས་ལས་མེད། ད་ཆ་ལས་བྱེད་པ་དང་ཉེན་རྟོག་པ157ཡོད་པ་དེའི་ནང་ལས་གནས་ཐོག་ཡོད་པའི་ལས་བྱེད་པ་དང་ཉེན་རྟོག་པ109དང་། ལས་འཁྱུར་ངལ་གསོ23 ལས་བྲལ་ལས་འཁྱུར་ངལ་གསོ་མཁན25བཅས་ཡོད། རིམ་པ་བཞི་པའི་མཐོ་རིམ་ཞིབ་དཔྱོད་དཔོན15དང་། རིམ་པ་དང་པོའི་ཞིབ་དཔྱོད་དཔོན27 རིམ་པ་གཉིས་པའི་ཞིབ་དཔྱོད་དཔོན22 རིམ་པ་གསུམ་པའི་ཞིབ་དཔྱོད་དཔོན4 རིམ་པ་བཞི་པའི་ཞིབ་དཔྱོད་དཔོན1བཅས་ཡོད། ནང་བཙུགས་སྒྲིག་གཞི་19དང་། ཉེན་དོན་རླངས་འཁོར18 གཞུང་ལས་ཁང་སྨི་གྲུ་བཞི་མ7800བཅས་ཡོད་ཅིང་། གློག་ཀླད85སྒྲིག་སྦྱོར་བྱས་ཡོད། བརྙན་ལེན། རྩད་ཞིབ་སོགས་མཁྲེགས་ཆས་སྒྲིག་བཀོད་ཆ་ཚང་ཞིང་། ཁྲིམས་སྨན་དང་། རྗེས་བཤེར། རིག་གནས་ཞིབ་བཤེར། ཁྲིམས་འཛིན་རྩིས་པའི་གསལ་འབྱེད། བལྟ་བྱ་ཉན་བྱའི་ལག་རྩལ་སོགས་ཚད་ལ་སླེབས་ཡོད། ལས་ཐོག་ཉེས་གསོག་དོགས་ཅན་ལ་འདྲི་རྩད་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དུས་མཉམ་དུ་སྒྲ་ཕབ་བརྙན་ཕབ་བྱེད་པའི་མ་ལག་དང་བརྙན་ལམ་ཚོགས་ཁང་བསྐྲུན་ཟིན་པ་དང་། གཙོ་ཆེའི་དྲ་ཚིགས་དང་རྒྱུད་ཁོངས་དྲ་ཚིགས་བཙུགས་ཟིན་པས། གཞུང་ལས་རང་འགུལ་ཅན་དང་། བརྒྱུད་གཏོང་དྲ་བ་ཅན། གྱོད་གཞི་ཞིབ་གཅོད་བཅས་དེང་རབས་ཅན་དུ་མངོན་འགྱུར་བྱུང་ཡོད།

སྤྱི་ལོ2005ལོའི་ཟླ2པར། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“རྒྱལ་ཡོངས་སྔོན་ཐོན་ཞིབ་དཔྱོད་ཁང”གི་གཟི་བརྗིད་མཚན་སྙན་གནང་བ་རེད།

2 ནང་བཙུགས་སྒྲིག་གཞི།

ཧུའུ་པེ་ཞིང་ཆེན་དབྱིན་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཁོངས་སུ་ལས་ཁུངས19བཙུགས་ཡོད། གཞུང་ལས་ཁང་དང་། ཆབ་སྲིད་ཁྲུའུ་དང་། ལྐོག་ཟ་ལྐོག་རྔན་སྤྲོད་ལེན་ལ་རྒོལ་བའི་ཅུས། འགན་འཛོལ་དབང་གནོད་ལ་རྒོལ་བའི་ཅུས། མྱུལ་ཞིབ་ལྟ་སྐུལ་ཁོའོ་དང་། གཞུང་ཕྱོགས་ཁྲིམས་སྦྱོར་ཁང་། ལྟ་ཞིབ་ཁང་དང་ཞིབ་དཔྱོད་ཁག ཞུ་གཏུག་རྒྱུ་མཚན་ཞུ་འབུལ་ཞིབ་དཔྱོད་ཁོའོ། ལས་ཐོག་ཉེས་གསོག་སྔོན་འགོག་ཁོའོ་དང་། དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཁོའོ། ཞིབ་དཔྱོད་ཁོའོ། ཞིབ་དཔྱོད་ལག་རྩལ་ཁོའོ། སྲིད་འཛིན་སྒྲིག་ཆས་ཁོའོ། ཁྲིམས་འཛིན་ཉེན་རྟོག་པའི་རུ་ཁག མི་དམངས་ལྟ་སྐུལ་པའི་གཞུང་ལས་ཁང་། བཟོ་ཚོགས། ལས་བྱེད་པ་རྒན་པའི་ཁོའོ། འབྲི་ཆུ་ཞིབ་དཔྱོད་དོན་གཅོད་ཁང་། ཁྲེན་ཧོ་ཞིབ་དཔྱོད་དོན་གཅོད་ཁང་བཅས་ཡོད།

2_1 (གཅིག)གཞུང་ལས་ཁང་།

ཡིག་ཆའི་འཆར་ཟིན་འགོད་པ་དང་། དྲུང་ཡིག་གི་ལས་དོན། གསང་གནད་ཡིག་ཆའི་ཐག་གཅོད། འབྲེལ་ཡོད་གྲོས་ཚོགས་ཀྱི་རྩ་འཛུགས། ལས་ཀ་མཐུན་སྦྱོར་བཅས་དང་དེ་བཞིན་ཞིབ་དཔྱོད་བསྡོམས་རྩིས། ཡིག་ཚགས་དོ་དམ། གསང་དོན་དམ་སྲུང་ལ་སོགས་པའི་ལས་དོན་སྒྲུབ་པའི་འགན་འཁུར་དགོས། ཞིབ་དཔྱོད་ཉེར་སྤྱོད་སྐོར་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་པའི་ལས་ཀའི་འགན་འཁུར་དགོས། འདི་ག་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་ཆེད་དོན་སྙན་ཞུ་དང་། ལས་དོན་ཕྱོགས་བསྡོམས་སོགས་ཀྱི་ཡིག་རིགས་རྩོམ་འབྲི་བྱེད་པའི་འགན་འཁུར་བ་དང་། ཞིབ་དཔྱོད་ལས་དོན་གྱི་གསར་འགྱུར་གནད་བསྡུས་རྩོམ་སྒྲིག་དང་འགྲེམས་སྤེལ་བྱས་ཏེ། གོང་རིམ་ཞིབ་དཔྱོད་ལས་ཁུངས་དང་འདི་ག་ཁྲིམས་ཁང་གིས་སྤྲད་པའི་བརྟག་དཔྱད་ཞིབ་འཇུག་དང་དྲིལ་བསྒྲགས་ལས་དོན་གྱི་ལས་འགན་ལེགས་འགྲུབ་བྱ་དགོས།

2_2 (གཉིས)ཆབ་སྲིད་ཁྲུའུ།

ཁྲིམས་ཁང་ཡོངས་ཀྱི་བསམ་བློ་དང་ཆབ་སྲིད་ལེགས་སྐྱོང་བྱེད་པའི་འགན་འཁུར་བ་དང་། ཏང་གི་རྩ་འཛུགས་ལེགས་སྐྱོང་དང་ཞིབ་དཔྱོད་དཔུང་ཁག་ལེགས་སྐྱོང་བྱེད་འགན་འཁུར་ཏེ་ཏང་གི་ལས་དོན་ལེགས་པོ་བསྒྲུབ་རྒྱུ། དཔེ་མཚོན་དང་དཔེ་བཟང་དྲིལ་བསྒྲགས་དང་། གཟེངས་བསྟོད། ཁྱབ་སྤེལ་བཅས་ཀྱི་ལས་ཀ་དམ་འཛིན་ལེགས་པོ་བྱེད་པའི་འགན་འཁུར་དགོས། ཞིབ་དཔྱོད་དཔོན་གྱི་ལས་སྒོའི་གསོ་སྦྱོང་དང་བསམ་བློའི་སློབ་གསོའི་ལས་དོན་ལེགས་པོ་བསྒྲུབ་རྒྱུའི་འགན་འཁུར་རྒྱུ།

2_3 (གསུམ)ལྐོག་ཟ་ལྐོག་རྔན་ངོ་རྒོལ་ཅུས།

ལྐོག་ཟ་ལྐོག་རྔན་སྤྲོད་ལེན་སོགས་ཀྱི་དཔལ་འབྱོར་ཐད་ཀྱི་བྱས་ཉེས་བསགས་པའི་གྱོད་གཞི་མྱུལ་ཞིབ་བྱེད་པའི་འགན་འཁུར་དགོས། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ལྐོག་ཟ་དང་། ལྐོག་རྔན་ལེན་པ། གཞུང་དངུལ་གཞན་སྤྱོད་སོགས་ཀྱི་ཉེས་གསོག་གྱོད་གཞི་ཞིབ་གཅོད་བྱེད་དགོས། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྐོག་བགོ་དང་དངུལ་ཆད་དང་གཞུང་བཞེས་བཏང་བའི་རྒྱུ་ནོར་ལྐོག་བགོ་བྱེད་པ་སོགས་ཀྱི་ཉེས་བསགས་གྱོད་དོན་ཞིབ་གཅོད་བྱ་དགོས།

2_4 (བཞི)འགན་འཛོལ་དབང་གནོད་ངོ་རྒོལ་ཅུས།

རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འགན་འཛོལ་བྱས་ཉེས་བསགས་པ་དང་གཞན་གྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་བྱས་ཉེས་བསགས་པའི་གྱོད་དོན་མྱུལ་ཞིབ་བྱེད་པའི་འགན་འཁུར་དགོས། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པས་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་། བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་དོན་ཕྱིར་གྱར་བ། ཁྲིམས་འཛོལ་བདའ་འདེད་དང་ཁྲིམས་གཅོད་བྱེད་པ། ཁྲིམས་དང་མི་མཐུན་པར་བཀག་སྐྱིལ་བྱེད་པ། ཚ་འདྲི་བྱས་ནས་ངོས་ལེན་བྱེད་དུ་འཇུག་པ། འཁོན་སློག་ནག་འཛུགས་བྱེད་པ་སོགས་ཀྱི་ཉེས་བསགས་གྱོད་གཞི་ཞིབ་གཅོད་བྱེད་དགོས། འ

2_5 (ལྔ)མྱུལ་ཞིབ་ལྟ་སྐུལ་ཁའོ།

ཉེས་དོན་གྱོད་གཞིར་འགན་འཁུར་བའི་ཉེས་གསོག་དོགས་ཅན་ལ་ཞིབ་བཤེར་འཛིན་བཟུང་ཆོག་མཆན་འགོད་པ་དང་། འཛིན་བཟུང་གཏན་འབེབས་བྱེད་པ། ཉེས་དོན་གྱོད་གཞི་ཆེ་གྲས་ལ་སྔོན་ལ་ཞུགས་པ། མགྱོགས་མྱུར་ཞིབ་བཤེར་ཐག་གཅོད་བྱེད་པ་བཅས་དང་། སྤྱི་བདེ་ལས་ཁུངས་ཀྱི་མྱུལ་ཞིབ་བྱེད་སྒོར་ལྟ་སྐུལ་བྱེད་པའི་འགན་འཁུར་རྒྱུ།

2_6 (དྲུག)གཞུང་གཏུག་ཁའོ།

ཉེས་དོན་གྱོད་གཞིར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུའི་ལས་དོན་གྱི་འགན་འཁུར་རྒྱུ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་སྦྱོར་བྱ་རྒྱུའི་རེ་འདུན་ཞུས་པའི་གྱོད་དོན་ཁྲིམས་སྦྱོར་བྱ་རྒྱུའི་གྲོས་ཐག་གཅོད་རྒྱུ་དང་། རྒྱལ་ཁབ་ཀྱི་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱེད་མཁན་གྱི་མིང་ཐོག་ནས་ཁྲིམས་སར་ཞུགས་ཏེ་གཞུང་གཏུག་ལ་རྒྱབ་སྐྱོར་བྱེད་པ་མ་ཟད། འདྲི་གཅོད་བྱེད་སྒོ་ཁྲིམས་དང་མཐུན་མིན་ལ་ལྟ་སྐུལ་ཡང་བྱེད་དགོས། རིམ་པ་དེ་གའི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོ་བྱས་པའི་གྱོད་དོན་གྱི་དཔྱད་མཚམས་དང་བཀའ་བཅད་ལ་ལྟ་སྐུལ་བྱེད་པའི་འགན་འཁུར་དགོས།

2_7 (བདུན)ལྟ་སྐུལ་ཞིབ་དཔྱོད་ཁའོ།  

ལྟ་སྐུལ་དོ་དམ་དང་སྒྱུར་བཀོད་བྱ་ཡུལ་དུ་ཐོན་པའི་ལྐོག་ཟ་དང་། ལྐོག་རྔན་ལེན་པ། ཉེར་ཕྱོགས་གཡོ་ཟོལ། དེ་བཞིན་འགན་འཛོལ་ཤོར་བ།“དབང་ཆར་བཙན་གནོད་བྱེད་པ”སོགས་ལས་ཐོག་ཉེས་གསོག་ལ་ཞིབ་བཤེར་ཐག་གཅོད་བྱེད་པའི་འགན་འཁུར་རྒྱུ།

2_8 (བརྒྱད)ཞུ་གཏུག་རྒྱུ་མཚན་ཞུ་འབུལ་ཞིབ་དཔྱོད་ཁའོ།

མི་དམངས་མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར་སྣེ་ལེན་གྱི་ལས་ཀ་ལེགས་པར་སྒྲུབ་པའི་འགན་འཁུར་དགོས། སྤྱི་དམངས་ཀྱིས་གྱོད་དོན་སྙན་ཞུ་དང་། ཐེར་འདོན། ཉེས་སྐྱོན་ཐེར་འདོན། ཞུ་གཏུག་བཅས་བྱེད་དགོས།  

2_9 (དགུ)ལས་ཐོག་ཉེས་གསོག་སྔོན་འགོག་ཁའོ།

ལས་ཐོག་ཉེས་གསོག་གི་ཁྱད་ཆོས་དང་། ཆོས་ཉིད། རྒྱུ་རྐྱེན་བཅས་ལ་ཞིབ་འཇུག་བྱས་ནས་ནུས་ལྡན་གྱི་སྔོན་འགོག་བྱ་ཐབས་འདོན་པ་དང་། འབྲེལ་ཡོད་ཚན་པས་ལས་ཐོག་ཉེས་གསོག་སྔོན་འགོག་བྱ་ཐབས་གཏན་འབེབས་དང་སྒྲིག་འཛུགས་ལག་བསྟར་བྱེད་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱེད་པ། སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་དང་། ལས་ཐོག་ཉེས་གསོག་བཀག་འགོག་དང་ཉུང་དུ་གཏོང་གང་ཐུབ་བྱེད་པ། རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་གོ་གནས་སྤྱོད་ཚུལ་གྱི་སྤྱོད་གཙང་རང་བཞིན་སྲུང་སྐྱོང་བཅས་བྱེད་དགོས།

2_10 (བཅུ)དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཁའོ།

དམངས་དོན་འདྲི་གཅོད་དང་སྲིད་འཛིན་གཏུག་བཤེར་ལ་ལྟ་སྐུལ་བྱེད་པའི་འགན་འཁུར་རྒྱུ། གོང་རིམ་ཞིབ་དཔྱོད་ཁང་གི་གཙོ་སྐྱོང་སྡེ་ཁག་ལ་ལས་ཀའི་ཁྲོད་གནས་པའི་དཀའ་གནད་ཆེ་བའི་གནད་དོན་སྙན་སེང་ཞུ་རྒྱུ། དམངས་དོན་སྲིད་འཛིན་ཞིབ་དཔྱོད་ལས་སྒོའི་འཆར་གཞི་དང་། གཏན་འབེབས། བྱེད་ཐབས་བཅས་ཞིབ་འཇུག་དང་གཏན་འབེབས་བྱ་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-08

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།