ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱེད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱེད་པ།
ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱེད་པ་ཞེས་པ་ནི་མི་དམངས་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་དུས་ཚོད་དེ་དོ་བདག་དང་གཏུག་བཤེར་ལ་ཞུགས་མཁན་གཞན་དག་ཞུགས་པའི་འོག་ཁྲིམས་བཀོད་ཀྱི་གོ་རིམ་དང་རྣམ་པ་ལྟར་ཁྲིམས་རའི་ཐོག་གྱོད་གཞི་ཞིབ་གཅོད་དངོས་བྱེད་པའི་གཏུག་བཤེར་བྱེད་སྒོ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
开庭审理
ཕྱི་ཡིག་གི་མིང་།
hold hearings
རིགས་དབྱེ།
བཅའ་ཁྲིམས་རིགས།
1 ​ངོ་སྤྲོད།

ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱེད་པ་ཞེས་པ་ནི་མི་དམངས་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་དུས་ཚོད་དེ་དོ་བདག་དང་གཏུག་བཤེར་ལ་ཞུགས་མཁན་གཞན་དག་ཞུགས་པའི་འོག་ཁྲིམས་བཀོད་ཀྱི་གོ་རིམ་དང་རྣམ་པ་ལྟར་ཁྲིམས་རའི་ཐོག་གྱོད་གཞི་ཞིབ་གཅོད་དངོས་བྱེད་པའི་གཏུག་བཤེར་བྱེད་སྒོ་ལ་ཟེར།

2 དོན་སྙིང་།

ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱེད་པ་ནི་གོ་རིམ་སྤྱིར་བཏང་པའི་ཁྲོད་ཀྱི་ཆེས་གཞི་རྩ་དང་ཆེས་གཙོ་བོའི་དུས་རིམ་ཞིག་ཡིན་ལ། དོ་བདག་གིས་གཏུག་བཤེར་དབང་ཆ་སྤྱད་དེ་གཏུག་བཤེར་བྱེད་སྒོ་སྤེལ་བ་དང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དབང་ཆ་སྤྱད་དེ་འདྲི་གཅོད་བྱ་འགུལ་སྤེལ་བའི་ཆེས་གཅིག་སྡུད་དང་ཆེས་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་པས། མི་དམངས་ཁྲིམས་ཁང་གིས་དམངས་དོན་གྱོད་གཞི་ཡང་དག་པའི་སྒོ་ནས་ཞིབ་གཅོད་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཐོག་མར་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་ན་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དབང་ཆ་ཡང་དག་ངང་སྤྱོད་པར་ཁག་ཐེག་བྱེད་ཐུབ་ལ། ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་བརྒྱུད་འདྲི་གཅོད་མི་སྣས་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་དམངས་དོན་གྱོད་གཞིའི་དོན་དངོས་དོན་དངོས་ལ་དངོས་ཡོད་ཀྱིས་ངོས་འཛིན་བྱས་ཏེ། བདེན་དཔང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། ཡིན་མིན་གྱི་འགན་འཁྲི་གསལ་འབྱེད་བྱས་ཏེ། དམངས་དོན་གྱོད་གཞི་དྲང་གཞག་གིས་ཐག་གཅོད་བྱེད་པ་དང་། མི་དམངས་ཁྲིམས་ཁང་གི་འདྲི་གཅོད་འགན་ནུས་མངོན་འགྱུར་བྱ་དགོས། དེ་ནས་འདྲི་གཅོད་བྱེད་སྒོར་ལྟ་སྐུལ་ནུས་ལྡན་བྱེད་པར་ཕན་ཐོགས་ཡོད་པ། ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱེད་སྐབས་གྱོད་དོན་ཞིབ་གཅོད་བྱེད་པའི་གོ་རིམ་དེ་མང་ཚོགས་ཀྱི་ལྟ་སྐུལ་འོག་ཏུ་བཞག་ནས་འདྲི་གཅོད་བྱེད་སྒོའི་གསལ་ཚད་ཆེ་རུ་བཏང་བས། གྱོད་དོན་ཐག་གཅོད་ཀྱི་དྲང་གཞག་རང་བཞིན་འགན་ལེན་བྱེད་པར་ཕན་ཐོགས་ཡོད། གསུམ་པ། དོ་བདག་གི་གཏུག་བཤེར་དབང་ཆ་དང་གདོས་བཅས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད། དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱིས་ཁྲིམས་ས་འཚོགས་ནས་ཞིབ་གཅོད་བྱེད་པའི་ཁྲོད་དོ་བདག་གི་གཏུག་བཤེར་དབང་ཆ་སྣ་ཚོགས་དང་དེ་ལག་བསྟར་བྱེད་སྟངས་ལ་གཏན་འབེབས་གང་ལེགས་བྱས་ཡོད་དེ། ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་དེས་དོ་བདག་གིས་གཏུག་བཤེར་དབང་ཆ་གང་ལེགས་སྤྱོད་པ་དང་། རང་འགུལ་གྱིས་གཏུག་བཤེར་འོས་འགན་ལག་བསྟར་བྱེད་པ། ཁྲིམས་རའི་འདྲི་གཅོད་བྱ་འགུལ་བདེ་བླག་ངང་སྤེལ་བར་ཁག་ཐེག་བཅས་བྱས་ཏེ། མཇུག་མཐར་དོ་བདག་གི་དམངས་དོན་གྱི་ཁེ་དབང་སྲུང་སྐྱོབ་བྱས་པ་ཡིན། བཞི་བ། ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱེད་པའི་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད།

3 གོ་རིམ།

ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱེད་པའི་གོ་རིམ་སྟེ། མི་དམངས་ཁྲིམས་ཁང་གིས་གོ་རིམ་སྤྱིར་བཏང་བ་སྤྱད་དེ་དམངས་དོན་གྱོད་དོན་ཞིབ་གཅོད་བྱེད་ན། ངེས་པར་དུ་ཁྲིམས་བཀོད་གོ་རིམ་ལྟར་གཟབ་ནན་གྱིས་བསྒྲུབ་དགོས།དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། ཁྲིམས་ས་འཚོགས་ནས་ཞིབ་གཅོད་བྱེད་པར་གཤམ་གྱི་དུས་རིམ་འགའ་ཡོད་དེ།


3_1 (གཅིག) ཁྲིམས་རའི་འདྲི་གཅོད་ཀྱི་གྲ་སྒྲིག

1. དོ་བདག་འབོད་འགུགས་དང་གཏུག་བཤེར་ལ་ཞུགས་མཁན་གཞན་དག་ཁྲིམས་སར་གཏུག་བཤེར་དུ་ཞུགས་རྒྱུའི་བརྡ་གཏོང་རྒྱུ་དང་། མི་དམངས་ཁྲིམས་ཁང་གིས་ངེས་པར་དུ་ཁྲིམས་ར་མ་འཚོགས་གོང་གི་ཉིན་གསུམ་གྱི་སྔོན་ལ་འགུག་ཡིག་དོ་བདག་ལ་སྐྱེལ་སྤྲོད་བྱས་ཏེ། ཁྲིམས་རར་ཞུགས་པའི་བརྡ་སྦྱོར་དེ་གཏུག་བཤེར་དུ་ཞུགས་མཁན་གཞན་དག་ལ་སྐྱེལ་སྤྲོད་བྱེད་དགོས་པ་དང་། འགུག་ཡིག་དང་བརྡ་ཐོའི་ནང་དུ་གྱོད་དོན་གྱི་འབྱུང་རྐྱེན་དང་ཁྲིམས་ར་འཚོགས་པའི་དུས་ཚོད་དང་ས་གནས་གསལ་བོར་བྲིས་ཏེ། དོ་བདག་དང་གཏུག་བཤེར་དུ་ཞུགས་མཁན་གཞན་དག་ཁྲིམས་སར་ཞུགས་པར་གྲ་སྒྲིག་ལེགས་པོ་བྱེད་དགོས།

2. ཡོངས་གྲགས་སུ་ཞིབ་གཅོད་བྱེད་པའི་གྱོད་དོན་ལ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ས་མ་འཚོགས་གོང་གི་ཉིན་གསུམ་གྱི་སྔོན་ལ་དོ་བདག་གི་མིང་དང་། གྱོད་གཞི། ཁྲིམས་ར་འཚོགས་པའི་དུས་ཚོད་དང་ས་གནས་བཅས་སྤྱི་བསྒྲགས་བྱ་དགོས། ཡོངས་ཁྱབ་བརྡ་ཡིག་དེ་ཁྲིམས་ཁང་གི་ཡོངས་ཁྱབ་བརྡ་ཡིག་སྦྱར་ཆོག་པ་དང་། སྐོར་སྐྱོད་ཞིབ་གཅོད་བྱེད་ས་དེ་གྱོད་དོན་བྱུང་སའམ་འབྲེལ་ཡོད་ས་གནས་གཞན་དག་ཏུ་སྦྱར་ཆོག དེའི་དམིགས་ཡུལ་ནི་གསར་འགྱུར་སྨྱན་སྦྱོར་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་བྱེད་སྒོར་རྒྱུས་ལོན་དང་ལྟ་སྐུལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། གྱོད་དོན་ཞིབ་གཅོད་དྲང་གཞག་དང་ཕན་འབྲས་འགན་ལེན་ཏན་ཏིག་བྱ་རྒྱུ་དེ་ཡིན།

3. དོ་བདག་དང་གཏུག་བཤེར་ལ་ཞུགས་མཁན་གཞན་དག་ཁྲིམས་རར་སླེབས་ཡོད་མེད་ཞིབ་རྩད་བྱས་ནས་ཁྲིམས་སའི་སྒྲིག་ཁྲིམས་ཁྱབ་བསྒྲགས་བྱ་དགོས། ཁྲིམས་ར་དངོས་སུ་འཚོགས་ནས་ཞིབ་གཅོད་མ་བྱས་གོང་ལ་ཁྲིམས་རའི་དྲུང་ཡིག་གིས་ཞུ་སྦྱོར་སྔ་མ་དང་། ཞུ་སྦྱོར་ཕྱི་མ། མི་གསུམ་པ། གཏུག་བཤེར་བྱེད་མཁན་གྱི་ངོ་ཚབ། དཔང་པོ། གསལ་འབྱེད་པ། སྐད་ཡིག་སྒྱུར་མཁན་སོགས་ཁྲིམས་རར་སླེབས་ཡོད་མེད་ཞིབ་རྩད་བྱ་དགོས་པར་མ་ཟད། འདྲི་གཅོད་པ་ཆེ་མོར་སྙན་སེང་ཡང་ཞུ་དགོས།དུས་མཚུངས་སུ་ཁྲིམས་སའི་སྒྲིག་ཁྲིམས་ཁྱབ་བསྒྲགས་བྱས་ཏེ་གཏུག་བཤེར་དུ་ཞུགས་མཁན་དང་ཟུར་ཉན་མི་སྣས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པ་ཤེས་སུ་འཇུག་དགོས།

4. ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱེད་སྐབས།འདྲི་གཅོད་པ་ཆེ་མོས་དོ་བདག་ཞིབ་བསྡུར་བྱེད་པ་དང་། ཞིབ་བསྡུར་བྱེད་པའི་གོ་རིམ་ནི་ཞུ་སྦྱོར་སྔ་མ་དང་། ཞུ་སྦྱོར་ཕྱི་མ།ཕུང་གསུམ་པ་བཅས་ཡིན། ཞིབ་བསྡུར་བྱེད་པའི་ནང་དོན་ལ་རུས་མིང་དང་། རྟེན། ལོ་ན། མི་རིགས། ཕ་ཡུལ། ལས་ཀའི་ལས་ཁུངས། ལས་རིགས། སྡོད་གནས་བཅས་ཚུད་ཡོད། དོ་བདག་དེ་ཁྲིམས་མི་དང་རྩ་འཛུགས་གཞན་དག་ཡིན་ན། དེའི་ཁྲིམས་བཀོད་འཐུས་ཚབ་པ་དང་སྲིད་འཛིན་འགན་འཁུར་པ་གཙོ་བོའི་མིང་དང་གོ་གནས་ཞིབ་བསྡུར་བྱ་རྒྱུ་དང་། གཏུག་བཤེར་ངོ་ཚབ་ཀྱིས་ངོ་ཚབ་བྱེད་པའི་ཐོབ་ཐང་དང་ངོ་ཚབ་བྱེད་པའི་དབང་ཚད་རྩད་ཞིབ་གསལ་པོ་བྱ་དགོས། ཞིབ་བསྡུར་བྱས་ཚར་རྗེས་འདྲི་གཅོད་པ་ཆེ་མོས་གྱོད་གཞི་ཁྱབ་བསྒྲགས་དང་། འདྲི་གཅོད་པ་དང་ཁྲིམས་སའི་དྲུང་ཡིག་གི་མིང་ཐོ་ཁྱབ་བསྒྲགས། དོ་བདག་ལ་འབྲེལ་ཡོད་གཏུག་བཤེར་གྱི་ཁེ་དབང་དང་འོས་འགན་གསལ་བཤད།དོ་བདག་ལ་གཟུར་གཡོལ་གྱི་རེ་འདུན་ཞུ་མིན་འདྲི་རྩད་བཅས་བྱ་དགོས།

3_2 (གཉིས)ཁྲིམས་སའི་བརྟག་དཔྱད།

ཁྲིམས་སའི་བརྟག་དཔྱད་ཀྱི་ལས་འགན་གཙོ་བོ་ནི། འདྲི་གཅོད་མི་སྣས་ཁྲིམས་རར་གྱོད་གཞིའི་དོན་དངོས་ཕྱོགས་ཡོངས་ནས་བརྟག་དཔྱད་དང་། དཔང་རྟགས་སྣ་ཚོགས་ལ་ཞིབ་བཤེར་དང་ཞིབ་དཔྱད་བྱས་ཏེ། གྱོད་གཞིའི་དོན་དངོས་ངོས་འཛིན་ཡང་དག་དང་བཅའ་ཁྲིམས་བཀོལ་སྤྱོད་བྱེད་པར་རྨང་གཞི་འདིང་རྒྱུ་དེ་ཡིན། དམངས་དོན་གཏུག་བཤེར་བཅའ་ཁྲིམས་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《དམངས་གཏུག་བདེན་དཔང་སྐོར་གྱི་གཏན་འབེབས་འགའ》གཞིར་བཟུང་ན། ཁྲིམས་རའི་བརྟག་དཔྱད་ལ་ནང་དོན་གཙོ་བོ་གཉིས་ཡོད་དེ། གཅིག་ནི་དོ་བདག་གིས་ཞུ་འབུལ་བྱེད་པ་དང་། གཉིས་པ་ནི་བདེན་དཔང་འདོན་པ་དང་ངོ་ཐུག་ར་སྤྲོད་བྱེད་པ།

3_2_1 1. དོ་བདག་གིས་ཞུ་འབུལ།

ཐོག་མར་ཞུ་སྦྱོར་སྔ་མས་ངག་ཐོག་ནས་གཏུག་བཤེར་གྱི་རེ་འདུན་དང་དེའི་གཞི་འཛིན་སའི་དོན་དངོས་དང་རྒྱུ་མཚན་ཞུ་འབུལ་བྱས་རྗེས། ཞུ་སྦྱོར་ཕྱི་མས་གྱོད་དོན་གྱི་དོན་དངོས་དང་དེས་བཟུང་བའི་བསམ་འཆར་མི་འདྲ་བ་གསལ་བཤད་བྱ་དགོས་པ་དང་། ཞུ་སྦྱོར་ཕྱི་མས་ལྡོག་གཏུག་བྱེད་ན། ལྡོག་གཏུག་གི་གཏུག་བཤེར་རེ་འདུན་དང་དེའི་གཞི་འཛིན་སའི་དོན་དངོས་དང་རྒྱུ་མཚན་བཅས་གསལ་བཤད་བྱ་དགོས། གཏུག་བཤེར་གྱི་མི་གསུམ་པ་ཡོད་ན་སྔོན་ལ་རང་ཚུགས་ཀྱི་རེ་འདུན་ཞུ་དབང་ཡོད་པའི་མི་གསུམ་པས་གཏུག་བཤེར་གྱི་རེ་འདུན་དང་དེའི་གཞི་འཛིན་སའི་དོན་དངོས་དང་རྒྱུ་མཚན་གསལ་བཤད་བྱ་དགོས་པ་དང་། དེ་ནས་རང་ཚུགས་ཀྱི་རེ་འདུན་ཞུ་དབང་མེད་པའི་མི་གསུམ་པས་ཞུ་སྦྱོར་སྔ་མ་དང་ཕྱི་མའི་ཞུ་འབུལ་ལ་དམིགས་ནས་ཁས་ལེན་ནམ་ཁས་མི་ལེན་པའི་རྩོད་ལན་བསམ་འཆར་འདོན་དགོས། དོ་བདག་ལ་གཏུག་བཤེར་ངོ་ཚབ་ཡོད་ན་གཏུག་བཤེར་ངོ་ཚབ་ཀྱིས་གསལ་འདེབས་སམ་རྩོད་ལན་ཞུས་ཆོག་ལ།དོ་བདག་གིས་གསལ་འདེབས་སམ་རྩོད་ལན་ཞུས་ཚར་རྗེས་གཏུག་བཤེར་ངོ་ཚབ་ཀྱིས་ཁ་གསབ་བྱས་ཀྱང་ཆོག འདྲི་གཅོད་མི་སྣར་གྱོད་དོན་གྱི་དོན་དངོས་ལ་དམིགས་ནས་འདྲི་རྩད་བྱེད་དབང་དང་། གྱོད་དོན་འདིའི་རྩོད་གླེང་གི་གནད་འགག་གམ་ཁྲིམས་སའི་བརྟག་དཔྱད་ཀྱི་གཙོ་གནད་ཕྱོགས་བསྡུས་བྱེད་དབང་ཡོད་པ་མ་ཟད། དོ་བདག་གི་བསམ་འཆར་བསྡུ་ལེན་ཡང་བྱེད་དབང་ཡོད།

3_2_2 2. བདེན་དཔང་དང་ངོ་ཐུག་ར་སྤྲོད་བྱེད་པ།

དོ་བདག་གིས་ཞུ་འབུལ་མཇུག་རྫོགས་རྗེས། ངེས་པར་དུ་གྱོད་དོན་གྱི་འབྲེལ་ཡོད་བདེན་དཔང་དེ་ཁྲིམས་སར་སྟོན་དགོས་པ་མ་ཟད། དོ་བདག་གིས་ངོ་ཐུག་ར་སྤྲོད་བྱ་དགོས། འོན་ཀྱང་དོ་བདག་གིས་བདེན་དཔང་བརྗེ་རེས་བྱེད་པའི་གོ་རིམ་ཁྲོད་ཁས་ལེན་པ་དང་ཟིན་བྲིས་སུ་བཀོད་པའི་བདེན་དཔང་དེ་འདྲི་གཅོད་པས་ཁྲིམས་སའི་ཞིབ་གཅོད་ཁྲོད་གསལ་བཤད་བྱས་རྗེས།གྱོད་དོན་གྱི་དོན་དངོས་ངོས་འཛིན་བྱེད་པའི་གཞི་འཛིན་ས་བྱས་ཆོག་པ་ལས་ཁྲིམས་སར་ངོ་ཐུག་ར་སྤྲོད་བྱེད་མི་དགོས།

3_3 (གསུམ) ཁྲིམས་རའི་རྩོད་བཤེར།

ཁྲིམས་སའི་རྩོད་བཤེར་ནི་དོ་བདག་དང་དེའི་གཏུག་བཤེར་ངོ་ཚབ་ཀྱིས་མཉམ་གྲོས་ཁྲིམས་སས་གཙོ་སྐྱོང་བྱས་འོག་ཁྲིམས་སས་བརྟག་དཔྱད་བྱེད་པའི་དུས་རིམ་ནང་རྩད་ཆོད་མཐའ་གསལ་བྱུང་བའི་དོན་དངོས་དང་། བདེན་དཔང་གཞིར་བཟུང་ནས་རང་ཉིད་ཀྱི་ལྟ་ཚུལ་དང་བསམ་འཆར་གསལ་བཤད་དང་། ཕན་ཚུན་ཚིག་རྩོད་རྒྱག་པའི་གཏུག་བཤེར་བྱེད་སྒོ་ཞིག་ཡིན།

3_4 (བཞི)གྱོད་དོན་ལ་དཔྱད་མོལ་དང་དཔྱད་མཚམས་བཏང་དོན་ཁྱབ་བསྒྲགས་བྱ་རྒྱུ་བཅས་ཡིན།

1. མཉམ་གྲོས་ཁྲིམས་སས་དཔྱད་མོལ།

2. དཔྱད་མཚམས་ཁྱབ་བསྒྲགས

3_5 (ལྔ)ཁྲིམས་རའི་ཟིན་ཐོ།


ཁྲིམས་རའི་ཟིན་ཐོ་ནི་ཁྲིམས་སའི་དྲུང་ཡིག་གིས་ཁྲིམས་ས་འཚོགས་ནས་ཞིབ་གཅོད་བྱས་པའི་བྱེད་སྒོའི་ཟིན་ཐོ་ཡིན་པ་དང་། ཁྲིམས་སའི་ཟིན་ཐོ་བཟོ་དགོས་ན། ངེས་པར་དུ་ཁྲིམས་ས་འཚོགས་ནས་ཞིབ་གཅོད་བྱེད་པའི་དུས་རིམ་སོ་སོའི་གོ་རིམ་ལྟར་དོན་དངོས་དང་། དོན་དངོས། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ཁྲིམས་སའི་འདྲི་གཅོད་ཀྱི་བརྒྱུད་རིམ་ཡོངས་རྫོགས་འགོད་དགོས་པ་དང་། མཉམ་གྲོས་ཁྲིམས་སའི་ཁོངས་མི་དང་དྲུང་ཡིག་གིས་མིང་རྟགས་འགོད་དགོས།

3_6 (དྲུག)ཞིབ་གཅོད་མཇུག་སྒྲིལ་གྱི་དུས་ཚད།

དམངས་དོན་གྱོད་དོན་གྱི་ཞིབ་གཅོད་དུས་ཡུན་དེ་གྱོད་དོན་ཐོ་འགོད་བྱས་པའི་ཉིན་གཉིས་པ་ནས་བརྩི་རྒྱུ་དང་། གཤམ་གྱི་དུས་ཡུན་དེ་ཞིབ་གཅོད་དུས་ཡུན་དུ་མི་བརྩི་བ་སྟེ། དང་པོ། དམངས་དོན་གྱོད་དོན་སྤྱི་བསྒྲགས་དང་གསལ་འབྱེད་ཀྱི་དུས་སྐབས། གཉིས་པ། དོ་བདག་གིས་བཏོན་པའི་བདག་སྤྲོད་བྱེད་དབང་གི་བསམ་འཆར་མི་མཐུན་པ་ཞིབ་གཅོད་དང་ཁྲིམས་ཁང་བར་གྱི་བདག་སྤྲོད་བྱེད་ཁོངས་ཀྱི་རྩོད་གཞི་ཐག་གཅོད་བྱེད་པའི་དུས་སྐབས། གསུམ་པ། གཏུག་བཤེར་བར་མཚམས་འཇོག་པའི་དུས་སྐབས།


4 གོ་རིམ་གསལ་བཤད།

1.ཁྲིམས་རས་འཚོག་དུས།

2.ཁྲིམས་ར་འཚོགས་རྗེས་འདྲི་གཅོད་དུས་ཚོད།

3.ཁྲིམས་ར་འཚོག་རིམ།

4.ཞིབ་གཅོད་དུས་ཡུན།

5.ཉེས་དོན་གྱོད་གཞིའི་ཁྲིམས་ར་འདྲི་གཅོད་གོ་རིམ།

6.གོ་རིམ་སྟབས་བདེའི་ཞིབ་གཅོད་དུས་ཡུན།

7.དམངས་དོན་གྱོད་དོན་ཞིབ་གཅོད་བྱེད་པའི་དུས་ཡུན།

8.འདུམ་གཅོད་ཞིབ་གཅོད་དུས་ཡུན།

9.མངོན་གསལ་དུ་ཞིབ་གཅོད་མི་བྱེད་པའི་གྱོད་དོན།

10.ཁྲིམས་ར་དུས་འགྱངས་བྱེད་པའི་རེ་ཞུ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གོ་རིམ། ཁྲིམས་ར། ཞིབ་གཅོད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-23

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།