ཉེས་གསོག་གི་སྤྱིར་བཏང་བྱ་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉེས་གསོག་གི་སྤྱིར་བཏང་བྱ་ཡུལ།
ཉེས་གསོག་གི་སྤྱིར་བཏང་བྱ་ཡུལ་ལ་ཉེས་གསོག་གི་ཐུན་མོང་བྱ་བའི་ཡུལ་ཡང་ཟེར། དེ་ནི་བྱས་ཉེས་མཐའ་དག་གིས་ཐུན་མོང་ཐོག་གནོད་འཚེ་གཏོང་བའི་ཉེས་དོན་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་འབྲེལ་བའི་སྤྱི་ཡོངས་ལ་ཟེར། ཀྲུང་གོར་བྱས་ཉེས་གསོག་ཡུལ་སྤྱིར་བཏང་བ་ཞེས་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འབྲེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བཅས་ལ་ཟེར། བྱས་ཉེས་གསོག་ཡུལ་སྤྱིར་བཏང་བར་ངོས་འཛིན་ཡང་དག་པར་བྱས་ན། བྱས་ཉེས་གསོག་མཁན་གྲལ་རིམ་གྱི་ངོ་བོ་དང་བྱས་ཉེས་གསོག་མཁན་ལ་འཐབ་རྩོད་བྱེད་པའི་ཆབ་སྲིད་ཀྱི་དོན་སྙིང་ངོས་འཛིན་བྱེད་པར་ཕན་ཐོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
犯罪一般客体
དཀར་ཆག
1 གོ་དོན།

ཉེས་གསོག་གི་གྲུབ་ཆ་གཙོ་བོའི་གྲས་ཤིག་ནི་ཉེས་དོན་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱས་ནས་ཉེས་གསོག་བྱ་སྤྱོད་ཀྱིས་གནོད་འཚེ་བཏང་བའི་སྤྱི་ཚོགས་ཀྱི་འབྲེལ་བར་ཟེར། བྱས་ཉེས་གསོག་ཡུལ་གཏན་འཁེལ་བྱས་ནས་ཚད་ངེས་ཅན་ཞིག་གི་ཐོག་ནས་བྱས་ཉེས་གང་ཞིག་བསགས་མིན་དང་གང་ཞིག་ལ་གནོད་འཚེ་ཕོག་ཚད་གཏན་འཁེལ་བྱེད་ཐུབ། གལ་ཏེ་བྱ་སྤྱོད་སྤེལ་མཁན་གྱིས་གནོད་འཚེ་གཏོང་ཡུལ་ནི་ཉེས་དོན་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་མ་ཡིན་པར་དམངས་དོན་བཅའ་ཁྲིམས་སམ་སྲིད་འཛིན་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་ཡིན་ཚེ། བྱ་སྤྱོད་དེ་རིགས་ཉེས་གསོག་གི་ཚད་ལ་སླེབས་མེད། བྱ་སྤྱོད་སྤེལ་མཁན་གྱིས་ཀྱང་ཉེས་དོན་འགན་འཁྲི་འཁུར་མི་དགོས་པར་དམངས་དོན་གྱི་འགན་འཁྲི་དང་སྲིད་འཛིན་གྱི་འགན་འཁྲི་འཁུར་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-08

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།