གནོད་འཚེ་བྱ་སྤྱོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནོད་འཚེ་བྱ་སྤྱོད།
གནོད་འཚེ་བྱ་སྤྱོད་ཅེས་པ་ནི་བྱ་སྤྱོད་སྤེལ་མཁན་གྱི་འདུ་ཤེས་དང་འདོད་བློས་ཁ་ལོ་བསྒྱུར་བའི་སྤྱི་ཚོགས་ལ་གནོད་པའི་ལུས་ཁམས་ཀྱི་གྲགས་འགུལ་ལ་ཟེར། རིམ་སྤེལ་རྣམ་པའི་ཉེས་གསོག་གྲུབ་ཆའི་མ་ལག་གི་རིགས་པའི་གཞུང་ལུགས་ལྟར་ན། གནོད་འཚེའི་བྱ་སྤྱོད་ནི་ཉེས་གསོག་གི་ཕྱི་ཡུལ་ཐད་ཀྱི་ཆེས་ལྟེ་བའི་ཆ་རྐྱེན་ཞིག་ཡིན་ལ། གཟུགས་ཡོད་རང་བཞིན་དང་ཤེས་བཞིན་རང་བཞིན། གནོད་ཡོད་རང་བཞིན་བཅས་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
危害行为
དབྱིན་ཡིག་གི་མིང་།
dangerous act
1 གཞི་རྩའི་གནས་ཚུལ།

ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་སྤྱི་ཚོགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱ་སྤྱོད་ལ་བྱ་སྤྱོད་དང་འགལ་སྤྱོད་གཉིས་སུ་དབྱེ་ཡོད། 

2 བྱ་སྤྱོད།

དེ་ནི་ཉེས་ཅན་གྱིས་དགེ་མཚན་ལྡན་པའི་བྱ་སྤྱོད་ལ་བརྟེན་ནས་སྤེལ་བའི་ཉེས་ཁྲིམས་ནང་བཀག་སྡོམ་བྱས་པའི་སྤྱི་ཚོགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཟེར། མིའི་ལུས་པོའི་ཧུར་བརྩོན་གྱི་བྱ་སྤྱོད་ཅིག་ཡིན་པའི་ཆ་ནས། གལ་ཏེ་བྱ་སྤྱོད་སྤེལ་མཁན་གྱིས་ཉེས་ཁྲིམས་ཀྱི་བཀག་སྡོམ་རང་བཞིན་གྱི་ཚད་གཞི་ལས་འགལ་ཏེ་ཚུལ་མིན་གྱི་འོས་འགན་དང་འགལ་ནས་བྱ་སྤྱོད་གང་ཞིག་སྤེལ་ཚེ་དེ་ནི་གནོད་འཚེའི་བྱ་སྤྱོད་དུ་གྱུར་ཡོད། 

3 འགལ་སྤྱོད།

དེ་ནི་ཉེས་ཅན་པར་དགེ་མཚན་ལྡན་པའི་བྱ་སྤྱོད་ཅིག་སྤེལ་དགོས་པའི་འོས་འགན་ཡོད་པ་མ་ཟད།སྤེལ་ཐུབ་བཟོས་ཡོད་ཀྱང་སྤེལ་མེད་པའི་བྱ་སྤྱོད་ལ་ཟེར། དེ་ནི་དེ་ལྟར་བྱས་ཀྱང་མ་བྱས་པ་ལ་ཟེར། ཉེས་ཁྲིམས་ནང་གི་འགལ་སྤྱོད་ཀྱི་ཚད་དུ་སླེབས་པར་ཕྱི་རོལ་ཡུལ་གྱི་ཐད་ངེས་པར་དུ་ཆ་རྐྱེན་གསུམ་ཚང་དགོས་པ་སྟེ། 

བྱ་སྤྱོད་སྤེལ་མཁན་ལ་དགེ་མཚན་ལྡན་པའི་བྱ་སྤྱོད་གང་རུང་ཞིག་སྤེལ་བའི་དམིགས་བསལ་གྱི་འོས་འགན་ཡོད། དམིགས་བསལ་གྱི་འོས་འགན་ནི་བཅའ་ཁྲིམས་ཐོག་གི་འོས་འགན་ཞིག་ཡིན་པ་ལས་སྤྱིར་བཏང་གི་ཀུན་སྤྱོད་ཐོག་གི་འོས་འགན་ཞིག་མིན། དེའི་འབྱུང་ཁུངས་ནི་བཅའ་ཁྲིམས་ནང་གཏན་འབེབས་གསལ་པོ་བྱས་པའི་དམིགས་བསལ་གྱི་འོས་འགན་དང་། ལས་གནས་ཐོག་གམ་ཡང་ན་ལས་སྒོའི་ཐོག་ནས་འོས་འགན་བསྒྲུབ་རྒྱུའི་བླང་བྱ་དང་སྔོན་ལ་བྱ་སྤྱོད་སྤེལ་ནས་བྱུང་བའི་འོས་འགན་ཞིག་ཡིན། 

བྱ་སྤྱོད་སྤེལ་མཁན་ལ་དམིགས་བཀར་གྱི་འོས་འགན་དངོས་སུ་སྒྲུབ་སྲིད་པའི་རང་བཞིན་ཡོད། བྱ་སྤྱོད་སྤེལ་མཁན་ལ་དགེ་མཚན་ལྡན་པའི་བྱ་སྤྱོད་ཅིག་སྤེལ་བའི་འོས་འགན་ཡོད་མོད། འོན་ཀྱང་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་ཞིག་གི་དབང་གིས་འོས་འགན་དེ་བསྒྲུབ་རྒྱུའི་དངོས་ཡོད་ཀྱི་ཆ་རྐྱེན་འཛོམས་མེད་ཚེ། ཉེས་གསོག་གི་ཚད་ལ་སླེབས་ཀྱིན་མེད། 

བྱ་སྤྱོད་སྤེལ་མཁན་གྱིས་དམིགས་བསལ་གྱི་འོས་འགན་མ་བསྒྲུབས་པ་དང་། འགལ་སྤྱོད་ཀྱི་བྱས་ཉེས་གསོག་སྐབས་བྱ་སྤྱོད་སྤེལ་མཁན་གྱིས་སྐབས་འགར་ཧུར་བརྩོན་གྱི་བྱ་སྤྱོད་འགའ་སྤེལ་རུང་། དེས་དམིགས་བསལ་གྱི་འོས་འགན་མ་བསྒྲུབས་པར་ཟེར། 

བྱ་སྤྱོད་དང་འགལ་སྤྱོད་གཉིས་རང་རྒྱལ་གྱི་ཉེས་ཁྲིམས་ནང་གི་མཚོན་ཚུལ་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་ཅིང་། ཉེས་གསོག་མང་ཆེ་བ་བྱེད་སྟངས་ཙམ་ལ་བརྟེན་ནས་གྲུབ་པ་དང་། ཉེས་གསོག་ཁ་ཤས་ནི་ལས་ཀ་མི་བྱེད་པའི་བྱེད་སྟངས་ཙམ་ལས་གྲུབ་པ་དཔེར་ན། ཉེས་ཁྲིམས་ཀྱི་དོན་ཚན261པའི་ནང་གི་དོར་བའི་བྱས་ཉེས་ཏེ་བྱ་སྤྱོད་མི་གཙང་བའི་བྱས་ཉེས་ལྟ་བུ་ཡིན། དེ་མིན་ད་དུང་བྱས་ཉེས་ཁ་ཤས་ནི་བྱེད་སྟངས་ལ་བརྟེན་ནས་གྲུབ་ཆོག་ལ། འགལ་སྤྱོད་ཀྱི་བྱེད་སྟངས་ལ་བརྟེན་ནས་གྲུབ་ཀྱང་ཆོག དཔེར་ན་ཤེས་བཞིན་དུ་མི་བསད་པའི་བྱས་ཉེས་ལྟ་བུ། དེ་ཡང་མི་གཙང་བའི་བྱ་སྤྱོད་ལ་བརྟེན་ནས་བསགས་པའི་བྱས་ཉེས་ལྟ་བུའོ།། 

4 གཞུང་ལུགས་ཞིབ་དཔྱད།

ཕྱི་རྒྱལ་དུ་གཙོ་བོ་སྐམ་ས་ཆེ་མོའི་ཁྲིམས་རྒྱུད་ཀྱི་ཉེས་ཁྲིམས་གཞུང་ལུགས་ནང་དུ་བྱ་སྤྱོད་ཆེན་པོ་བཞི་ཡོད་པ་སྟེ། རྒྱུ་འབྲས་བྱ་སྤྱོད་སྨྲ་བ་དང་། དམིགས་ཡུལ་བྱ་སྤྱོད་སྨྲ་བ། སྤྱི་ཚོགས་བྱ་སྤྱོད་སྨྲ་བ། མི་གཤིས་བྱ་སྤྱོད་སྨྲ་བ་བཅས་ཡིན། བྱ་སྤྱོད་ཆེན་པོ་བཞིའི་སྐོར་གྱི་རིགས་པའི་གཞུང་ལུགས་ལ་དཔྱད་བསྡུར་དང་དབྱེ་ཞིབ་བྱས་པ་ནི་ཁྱབ་ཁོངས་ཧ་ཅང་ཆེ་བའི་དཔྱད་རྩོམ་ཞིག་ཡིན།

4_1 རྒྱུ་འབྲས་བྱ་སྤྱོད་སྨྲ་བ།

དོན་དངོས་ཐོག་དེ་ནི་ཕྱི་རོལ་ཡུལ་གྱི་རང་བྱུང་བྱ་སྤྱོད་སྨྲ་བ་ཞིག་ཡིན་ཞིང་། བྱ་སྤྱོད་དེ་ནི་བྱ་སྤྱོད་སྤེལ་མཁན་ལ་འདོད་པ་གང་རུང་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། བསམ་ཚུལ་དེ་མངོན་འགྱུར་ཡོང་ཆེད་ལུས་པོའི་འགུལ་སྐྱོད་བྱེད་ཀྱིན་ཡོད། མིའི་ལུས་པོའི་འགུལ་སྐྱོད་ལ་བརྟེན་ནས་ཕྱི་རོལ་ཡུལ་ལ་འགྱུར་ལྡོག་ཡོང་གི་ཡོད་ལ། བྱ་སྤྱོད་ཅེས་པ་ནི་བྱ་སྤྱོད་སྤེལ་མཁན་གྱིས་བྱ་སྤྱོད་དོན་སྙིང་ལྡན་པ་ཞིག་སྤེལ་ནས་བྱུང་བའི་རྒྱུ་འབྲས་ཀྱི་འབྲེལ་བ་ལ་ཟེར།(ཁེ་ཁྲང་གིས་གཙོ་སྒྲིག་བྱས་པའི《ཉེ་རབས་ནུབ་ཕྱོགས་ཉེས་ཁྲིམས་གཞུང་ལུགས་ཀྱི་ལོ་རྒྱུས་མདོར་བསྡུས》ཀྲུང་གོ་ཞིབ་དཔྱོད་དཔེ་སྐྲུན་ཁང་གི1996ལོའི་རྒྱ་ཡིག་པར་གཞིའི་ཤོག་ངོས334པ) དེར་གཞིགས་ནས་བཤད་ན།ཤེས་བཞིན་པ་དང་། གཟུགས་ལྡན་པ། ཕྱི་རོལ་ཡུལ་གྱི་འགྱུར་ལྡོག་རང་བཞིན་བཅས་ནི་བྱ་སྤྱོད་ཀྱི་གྲུབ་ཆ་གཙོ་བོ་ཆེན་པོ་གསུམ་ཡིན། འདིར་བཤད་པའི་བྱ་སྤྱོད་ལ་མཚོན་ན། དེའི་རང་བྱུང་གི་རྒྱུ་འབྲས་གོ་རིམ་སྐུལ་སློང་བྱས་ནས་རང་ལ་གནད་དོན་མེད་པ་འགྲེལ་བཤད་བྱ་རྒྱུ་དང་། འོན་ཀྱང་བྱ་བ་མི་བསྒྲུབ་པ་དང་། ཕྱི་རོལ་ཡུལ་ལ་འགྱུར་བ་བྱུང་བའི་རང་བྱུང་གི་བྱ་སྤྱོད་གང་ཡང་མེད་པའི་རྐྱེན་ཏེ། གཟུགས་ལྡན་རང་བཞིན་དང་ཕྱི་རོལ་ཡུལ་གྱི་འགྱུར་ལྡོག་རང་བཞིན་མེད་པ་དཔེར་ན། བྱ་སྤྱོད་ཀྱི་རིགས་པའི་གཞུང་ལུགས་དེ་རིགས་ལག་བསྟར་བྱེད་སྐབས་བྱ་བ་མི་སྒྲུབ་པ་ནི་བྱ་སྤྱོད་ཀྱི་ཁོངས་སུ་མི་གཏོགས་མོད། འོན་ཀྱང་དེ་ནི་སྔར་བཞིན་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས། རྒྱུ་མཚན་གང་ཡིན་པ་དང་རྒྱུ་མཚན་གང་ཡིན་ལ་གཞིགས་ནས་འགྲེལ་ལན་བཏབ་མེད། 

4_2 དམིགས་ཡུལ་བྱ་སྤྱོད་སྨྲ་བ།

དོན་དངོས་ཐོག་དེ་ནི་རང་སྣང་གི་རང་བྱུང་བྱ་སྤྱོད་སྨྲ་བ་ཞིག་ཡིན་པ་དང་། རྒྱུ་འབྲས་ཀྱི་བྱ་སྤྱོད་སྨྲ་བ་ལས་ལྡོག་པ་ཞིག་རེད། འདིར་བཤད་པའི་ཉེས་ཁྲིམས་ཐོག་གི་བྱ་སྤྱོད་ཅེས་པ་ནི་བྱ་སྤྱོད་སྤེལ་མཁན་གྱིས་དམིགས་ཡུལ་ཞིག་འགྲུབ་ཆེད་དངོས་ཡོད་ཀྱི་དམིགས་ཡུལ་ཐོག་ནང་དོན་གྱིས་བཀོད་སྒྲིག་དང་བཀོལ་སྤྱོད་བྱེད་པའི་རང་དབང་གི་གཟུགས་པོའི་བྱ་སྤྱོད་ལ་ཟེར་ཞིང་། དམིགས་ཡུལ་གྱི་རང་བཞིན་དེ་བྱ་སྤྱོད་ཀྱི་ངོ་བོར་བརྩི་བཞིན་ཡོད། དམིགས་ཡུལ་བྱ་སྤྱོད་སྨྲ་བ་ལ། མཁས་པ་ལ་ལས་ཅུང་གནད་ལ་འཁེལ་བའི་གདེང་འཇོག་བྱས་ཡོད་དེ། “ཝེར་ཀྲེ་ཨེར་གྱི་དམིགས་ཡུལ་བྱ་སྤྱོད་རྣམ་བཤད་ཀྱི་བྱ་སྤྱོད་དོན་སྤྱི་ནི། སྨྲ་བའི་ཐབས་ཤེས་ལ་བརྟེན་ནས། བྱ་སྤྱོད་མཚོན་བྱེད་ཀྱི‘ཆགས་ཚུལ’ཡིན་པ་མ་ཟད། དེ་ཉིད་ཉེས་ཁྲིམས་ཀྱི་ཐོག་ནས་ཞིབ་འཇུག་བྱེད་པའི་རྨང་གཞིར་འཛིན་དགོས། ཁོང་གི་བསམ་གཞིགས་གསོན་པོའི་ཐད་དུ། གནས་པའི་རྣམ་བཤད་དེ་རིགས་ཀྱི་ཞིབ་འཇུག་བྱེད་ཐབས་སྤྱད་པ་ནི་དེང་རབས་ཀྱི་བསམ་གཞིགས་བྱེད་སྟངས་དང་ཧ་ཅང་འཚམ་པོ་ཡོད་པར་བརྟེན། ཝེར་ཀྲེར་གྱི་དམིགས་ཡུལ་སྒྲུབ་པའི་བྱ་སྤྱོད་སྨྲ་བ་ནི་དེའི་ཐད་རིན་ཐང་གལ་ཆེན་ལྡན་པ་ཞིག་རེད། དེ་སྤྱད་ནས་ཤེས་བཞིན་དུ་བྱས་ཉེས་བསགས་པའི་བྱ་སྤྱོད་ཀྱི་ངོ་བོ་གསལ་སྟོན་བྱས་ན་མ་འགྲིག་པ་གཅིག་ཀྱང་མེད། འོན་ཀྱང་ལས་འཛོལ་གྱི་བྱ་སྤྱོད་གསལ་བཤད་བྱེད་པར་སྤྱད་ན་དཀའ་ངལ་གསལ་པོ་ཡོང་ཐུབ། “གལ་ཏེ་ནོར་འཁྲུལ་ངོས་འཛིན་མ་ཐུབ་པར་འབྲས་བུ་མ་ཐོན་སྔོན་མཐོང་བྱེད་མ་ཐུབ་པར་དམིགས་ཡུལ་ཡོད་པའི་བྱ་སྤྱོད་ཡིན་ཞེས་བརྗོད་ན་གོ་བ་ལེན་དཀའ་བ་དང་མོས་མཐུན་བྱེད་དཀའ་བ་ཞིག་རེད།

4_3 སྤྱི་ཚོགས་བྱ་སྤྱོད་སྨྲ་བ།

རྒྱུ་འབྲས་བྱ་སྤྱོད་སྨྲ་བ་ཡིས་འགལ་སྤྱོད་ཀྱི་དོན་དམ་བདེན་པ་གསལ་བཤད་བྱེད་མི་ཐུབ་པས། དམིགས་ཡུལ་བྱ་སྤྱོད་སྨྲ་བ་དེ་ནོར་འཁྲུལ་གྱི་བྱ་སྤྱོད་ཀྱི་ངོ་བོ་གསལ་བཤད་བྱེད་དཀའ་བས་སྤྱི་ཚོགས་ཀྱི་བྱ་སྤྱོད་སྨྲ་བ་ལས་དྲངས་ཏེ་ཡོ་བསྲང་བྱེད་དགོས། སྤྱི་ཚོགས་ཀྱི་བྱ་སྤྱོད་སྨྲ་བ་ནི་རིན་ཐང་གི་བྱ་སྤྱོད་སྐོར་གྱི་རིགས་པའི་གཞུང་ལུགས་ཤིག་ཡིན་ཞིང་། དེས་བྱ་སྤྱོད་དེའི་སྤྱི་ཚོགས་ཀྱི་རིན་ཐང་ལ་རྐང་པ་བཙུགས་ཏེ། བྱ་སྤྱོད་ནི་སྤྱི་ཚོགས་ཀྱི་དོན་སྙིང་ངམ་སྤྱི་ཚོགས་ཀྱི་གལ་ཆེའི་རང་བཞིན་ལྡན་པར་ངོས་འཛིན་བྱས་པའི་མིའི་རིགས་ཀྱི་བྱ་སྤྱོད་ཅིག་ཡིན།

5 དོན་སྤྱི་ཞིབ་འགྲེལ། 

རྒྱལ་ནང་གི་ཉེས་ཁྲིམས་གཞུང་ལུགས་ཁྲོད་ཀྱི་གནོད་འཚེ་བྱ་སྤྱོད་ཀྱི་ཐ་སྙད་འགའ་ཞིག་གི་དཔྱད་པ། 

རང་རྒྱལ་གྱི་ཉེས་ཁྲིམས་ལས་རིགས་ཀྱིས་ཉེས་ཁྲིམས་བྱ་སྤྱོད་ཀྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་རྒྱུ་ཅུང་ཕྱི་བས། ཉེས་ཁྲིམས་ཀྱི་བྱ་སྤྱོད་རིགས་པའི་གཞུང་ལུགས་ནང་གི་གཞི་རྩའི་གནད་དོན་མང་པོ་ཞིག་ལ་ད་ལྟའི་བར་བསམ་འཆར་མི་འདྲ་བ་ཡོད་པས་འཚོལ་ཞིབ་གཏིང་ཟབ་བྱེད་དགོས། དེ་ནི་རང་རྒྱལ་གྱི་ཉེས་ཁྲིམས་མཁས་དབང་གིས་ཉེས་ཁྲིམས་ནང་གི་གནོད་འཚེའི་བྱ་སྤྱོད་ཀྱི་ཐ་སྙད་མཚོན་པར་བྱེད་པའི་སྣ་མང་རང་བཞིན་གྱི་ཆ་ནས་ཅུང་མཐོང་ཐུབ། ཉེས་ཁྲིམས་ནང་གི་གནོད་འཚེའི་བྱ་སྤྱོད་ཀྱི་དོན་སྤྱི་མཚོན་པར་བྱེད་པའི་ཐད་མདོར་བསྡུས་ནས་བཤད་ན་ཉུང་མཐར་ཡང་གཤམ་གསལ་གྱི་རིགས་འགའ་ཡོད་པ་སྟེ། 

དང་པོ། གནོད་འཚེ་གཏོང་བའི་བྱ་སྤྱོད་དམ་ཉེས་གསོག་གི་བྱ་སྤྱོད་ཅེས་བརྗོད་པ། བྱ་སྤྱོད་སྤེལ་མཁན་གྱིས་རྐང་བཙུགས་ནས་བྱས་པའམ་ཡང་ན་ལས་འཛོལ་གྱིས་ལག་བསྟར་བྱས་ཤིང་། ཉེས་ཁྲིམས་ཀྱིས་བཀག་སྡོམ་བྱས་པའི་སྤྱི་ཚོགས་ལ་གནོད་འཚེ་ངེས་ཅན་གཏོང་བའི་བྱ་སྤྱོད་ལ་ཟེར།

གཉིས་པ། བྱས་ཉེས་གྲུབ་པའི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་གཙོ་བོའི་ཁྲོད་ཀྱི་གནོད་འཚེའི་བྱ་སྤྱོད་ཅེས་པ་ནི་བྱ་སྤྱོད་སྤེལ་མཁན་གྱི་སེམས་ཁམས་བྱ་སྤྱོད་ཀྱིས་ཁ་ལོ་བསྒྱུར་བའི་སྤྱི་ཚོགས་ལ་གནོད་པའི་ལུས་པོའི་བྱ་སྤྱོད་ལ་ཟེར། 

གསུམ་པ། གནོད་འཚེ་གཏོང་བའི་བྱ་སྤྱོད་ཅེས་པ་ནི་འདིར་བྱས་ཉེས་བསགས་པར་ཕྱི་རོལ་ཡུལ་གྱི་ཕྱོགས་སུ་གྲུབ་པའི་བྱ་སྤྱོད་ལ་ཟེར། དེ་ནི་བྱ་སྤྱོད་སྤེལ་མཁན་གྱི་འདུ་ཤེས་དང་འདོད་བློས་ཁ་ལོ་བསྒྱུར་བའི་སྤྱི་ཚོགས་ལ་གནོད་པའི་བྱ་སྤྱོད་ལ་ཟེར།

བཞི་པ། ཉེས་ཁྲིམས་སྟེང་གི་གནོད་འཚེའི་བྱ་སྤྱོད་ཅེས་པ་ནི་བྱ་སྤྱོད་སྤེལ་མཁན་གྱི་སེམས་ཁམས་བྱ་འགུལ་གྱིས་ཁ་ལོ་བསྒྱུར་ནས་སྤྱི་ཚོགས་ལ་གནོད་པའི་ལུས་ཕུང་གི་གནས་ཚུལ་ལ་ཟེར།(མཆན་མ་ཁེ་ཁྲང་གིས་གཙོ་སྒྲིག་བྱས་པའི《བྱས་ཉེས་ཀྱི་རྣམ་བཤད》ཅེས་པའི་ཤོག་ངོས་156པར་གསལ) 

ལྔ་པ། ཉེས་ཁྲིམས་ཐོག་གི་གནོད་འཚེ་བྱ་སྤྱོད་ཅེས་པ་ནི་བྱ་སྤྱོད་སྤེལ་མཁན་གྱི་བསམ་བློས་ཁ་ལོ་བསྒྱུར་བའི་ཉེས་ཁྲིམས་ལས་འགལ་བའི་བཀའ་རྒྱ་དང་ཡང་ན་བཀག་སྡོམ་བྱས་པའི་ཚད་ལྡན་གྱི་གཟུགས་པོའི་གནས་ཚུལ་ལ་ཟེར།(《ཉེས་ཁྲིམས་བྱ་སྤྱོད་སྨྲ་བ》ཞེས་པར་གསལ། མི་དམངས་ཁྲིམས་ཁང་དཔེ་སྐྲུན་ཁང་གིས་བསྒྲིགས། སྤྱི་ལོ1992ལོའི་རྒྱ་ཡིག་པར་གཞིའི་ཤོག་ངོས4པ་ནས9པའི་བར་ལ་གསལ) 

དྲུག་པ། གནོད་འཚེ་བྱ་སྤྱོད་ཅེས་པ་ནི་བྱ་སྤྱོད་སྤེལ་མཁན་གྱི་འདོད་བློར་རང་དབང་གིས་ཁ་ལོ་བསྒྱུར་ནས་ཕྱི་རོལ་ཡུལ་གྱི་ཐོག་ནས་ཉེས་ཁྲིམས་ཀྱི་བཀག་སྡོམ་ཚད་གཞིའམ་བཀའ་རྒྱ་ལས་འགལ་བའི་ལུས་པོའི་འགུལ་ཚུལ་ལ་ཟེར།

བདུན་པ། བྱ་སྤྱོད་ཀྱི་དོན་སྤྱི་ལས་གོ་དོན་གྱི་རྒྱུ་རྐྱེན་གཙོ་བོ་དོར་ནས། སྤྱི་ཚོགས་ལ་གནོད་པའི་རང་བཞིན་ལྡན་པའི་ལུས་པོའི་འགུལ་སྤྱོད་ཀྱིས་བྱ་སྤྱོད་ཀྱི་དོན་སྤྱི་སྙིང་བསྡུས་བྱེད་དགོས།

གོང་གསལ་གྱི་བཤད་སྟངས་རྣམས་ཕྱོགས་དེ་གསུམ་གྱི་ལྟ་ཚུལ་ལ་གཏད་ཆོག རིགས་དང་པོས་སྲོལ་རྒྱུན་གྱི་ཚབ་བྱེད་པའི་ལྟ་བ་མཚོན་པར་བྱས་ནས་གནོད་འཚེ་གཏོང་བའི་བྱ་སྤྱོད་ནི་ཉེས་གསོག་བྱ་སྤྱོད་ཅིག་ཡིན་པའི་ངོས་འཛིན་བྱས་པ་དེ་ནི་མི་འཚམ་པ་གསལ་པོ་རེད། དེ་ནི་མཁས་པ་ལ་ལས་“ཉེས་གསོག་བྱ་སྤྱོད་ལ་རང་ངོས་དང་ཕྱི་རོལ་ཡུལ་གྱི་གཅིག་གྱུར་རང་བཞིན་ལྡན་ཡོད”ཅེས་བསྟན་པ་ལྟ་བུ་རེད། ཕྱི་ཡུལ་ཕྱོགས་ཀྱི་གནོད་འཚེའི་བྱ་སྤྱོད་ཁོ་ན་ལས་རང་སྣང་ཕྱོགས་ཀྱི་ཤེས་བཞིན་དུ་བྱས་པའམ་ཡང་ན་ལས་འཛོལ་མེད་ཚེ་ཉེས་གསོག་བྱ་སྤྱོད་ཅེས་གཏན་ནས་བརྗོད་མི་སྲིད། དེར་བརྟེན་བྱས་ཉེས་བསགས་པར་ཕྱི་ཡུལ་ཕྱོགས་ཀྱི་ཆ་རྐྱེན་གལ་ཆེན་ཞིག་ཏུ་བརྩིས་ནས‘ཉེས་གསོག་བྱ་སྤྱོད’ཅེས་པའི་ཐ་སྙད་སྤྱད་ནས་མཚོན་པར་བྱེད་མི་འོས། ‘གནོད་སྐྱོན་གྱི་བྱ་སྤྱོད’ནི་བྱས་ཉེས་ཀྱི་གྲུབ་ཆའི་ངོས་ནས་བཤད་ན། ཕྱི་རོལ་ཡུལ་གྱི་ཁོངས་སུ་གཏོགས་ཤིང་། བྱས་ཉེས་ཀྱི་ཕྱི་ཡུལ་མཚོན་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པས། གཏན་ཚིགས་ཐོག་ནས་བཤད་ན་ཅུང་འཚམ་པོ་འདུག་ཅེས་གསུངས། གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་ཐོག་ནས་འཐུས་མི་ཚང་མས་ཤེས་གསལ་ལྟར་རེད། མཚོན་ཚུལ་དེ་གསུམ་པོའི་ཐད་ཀྱང་གཅིག་མཐུན་དེ་ཙམ་མེད་ཀྱང་དེའི་གཞི་རྩའི་དོན་སྙིང་ནི་གཅིག་མཐུན་ཡིན་པ་སྟེ། ཚང་མས་ཉེས་ཁྲིམས་ནང་གི་གནོད་འཚེ་བྱ་སྤྱོད་ཀྱི་དོན་སྤྱི་དེར་ངེས་པར་དུ་བཅའ་ཁྲིམས་ཀྱི་ཁྱད་ཆོས་བཅས་རྒྱུ་རྐྱེན་གཙོ་བོ་གསུམ་ཚང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ལྔ་པ་དང་དྲུག་པ་མཚོན་ཚུལ། གནོད་འཚེ་བྱ་སྤྱོད་ཀྱི་ཁྲིམས་ལུགས་ཀྱི་ཁྱད་ཆོས་ལ་ཕྱོགས་བསྡོམས་བྱེད་པའི་ཐད་འགག་སྒྲོལ་ཆེན་པོ་བྱས་ཡོད་མོད། འོན་ཀྱང་རྒྱུ་རྐྱེན་གསུམ་གྱི་ཐད་ནས་བརྗོད་ན་སྔར་བཞིན་རྒྱུན་འཁྱོངས་བྱས་ཡོད། དེར་བརྟེན་དེ་དག་ནི་དོན་དངོས་ཐོག་སྤྱི་བཤད་ཀྱི་རྒྱུད་འགྱུར་ཞིག་ཡིན། བདུན་པ་ནི་གསར་དུ་གླེང་བར་བརྩིས་ཆོག་ཅིང་། ལྟ་ཚུལ་དེ་རིགས་ཀྱིས་མཁས་པ་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་པའི་གནོད་འཚེ་བྱ་སྤྱོད་ལ་ངེས་པར་དུ་སེམས་ལྡན་དགོས་པའི་ལྟ་བ་དེ་བློ་ཐག་ཆོད་པོས་དོར་མོད། འོན་ཀྱང་དེས་སྔར་བཞིན་གནོད་འཚེའི་བྱ་སྤྱོད་ཀྱི་ཁྲིམས་ལུགས་ཀྱི་ཁྱད་ཆོས་དེ“སྤྱི་ཚོགས་ལ་གནོད་པའི་རང་བཞིན་ལྡན”ཞེས་པར་ཕྱོགས་བསྡུས་བྱས་ཡོད། གོང་གི་མཚོན་བྱེད་བདུན་གྱི་ཐུན་མོང་གི་ཆ་ནི་གནོད་འཚེ་བྱ་སྤྱོད་ཀྱི་གཟུགས་རྒྱུའི་ཁྱད་ཆོས་ལ་བསམ་འཆར་མེད་པ་དེ་ཡིན། དེའི་ཐོག་ནས་ལྟ་བ་དེ་ཚོའི་ཕྱོགས་འགལ་གྱི་འགག་རྩ་ནི་གཤམ་གསལ་ཕྱོགས་གཉིས་ལ་ཐུག་ཡོད་པ་མཐོང་ཐུབ། གཅིག་ནི་སེམས་རྒྱུ་དེ་གནོད་འཚེའི་བྱ་སྤྱོད་ལ་མེད་དུ་མི་རུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་མིན། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

བྱ་སྤྱོད། རྒྱུ་འབྲས། ཉེས་ཁྲིམས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-26

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།