ཉེས་འགན་འཁུར་ནུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉེས་འགན་འཁུར་ནུས།
ཉེས་འགན་འཁུར་ནུས་ཞེས་པ་ནི་ཁྲིམས་ནུས་ཐོན་པའི་བྱ་སྤྱོད་སྤེལ་མཁན་གྱིས་བྱས་ཉེས་བསགས་པ་དང་ཉེས་འགན་འཁུར་དགོས་ན་ངེས་པར་དུ་འཛོམས་དགོས་པའི་ཉེས་ཁྲིམས་ཀྱི་དོན་སྙིང་ཐོག་ནས་རང་ཉིད་ཀྱི་བྱ་སྤྱོད་འཚམ་མིན་དཔྱོད་པའམ་ཚོད་འཛིན་གྱི་བྱེད་ནུས་ལ་ཟེར། ཉེས་དོན་གྱི་འགན་འཁྲི་འཁུར་ནུས་མི་ལྡན་རྣམས་ཀྱིས་སྤྱི་ཚོགས་ལ་གནོད་པའི་བྱ་སྤྱོད་སྤེལ་ཡང་ཉེས་གསོག་བྱེད་པོར་འགྱུར་མི་རུང་བ་དང་། ཉེས་དོན་འགན་འཁྲི་འཁུར་ནུས་ཞན་དུ་འགྲོ་བ་དང་ཉེས་དོན་འགན་འཁྲི་ཡང་དེ་དང་བསྟུན་ནས་ཡང་དུ་འོས་འཚམ་གཏོང་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刑事责任能力
1 ​བཅའ་ཁྲིམས་ཀྱི་གོ་དོན།

ཉེས་འགན་འཁུར་ནུས་ཞེས་པ་ནི་ཁྲིམས་ནུས་ཐོན་པའི་བྱ་སྤྱོད་སྤེལ་མཁན་གྱིས་རང་ཉིད་ཀྱི་བྱ་སྤྱོད་འཚམ་མིན་དཔྱོད་པའམ་རང་ཚོད་རང་གིས་བྱེད་ནུས་ལ་ཟེར། དབྱེ་འབྱེད་ནུས་པ་ནི་མི་ཞིག་གིས་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ངོ་བོ་དང་། ནང་དོན། མཇུག་འབྲས་བཅས་ལ་ངོས་འཛིན་བྱེད་པའི་ནུས་པ་ལ་ཟེར། ཚོད་འཛིན་ནུས་པ་ནི་མི་ཞིག་གིས་རང་ཉིད་ཀྱི་བསམ་པ་ལྟར་རང་གི་བྱ་སྤྱོད་ལ་ཁ་ལོ་བསྒྱུར་བའི་ནུས་པར་ཟེར།

སྤྱི་དམངས་དཀྱུས་མར་མཚོན་ན། ལོ་ཚོད་ངེས་ཅན་ཞིག་ལ་སླེབས་ཚེ། རང་ཉིད་ཀྱི་བྱ་སྤྱོད་ལ་དབྱེ་འབྱེད་དང་ཚོད་འཛིན་བྱེད་པའི་ནུས་པ་ལྡན་པས། ཉེས་དོན་གྱི་འགན་འཁུར་ནུས་པ་ལྡན། འོན་ཀྱང་ནད་གཞི་བྱུང་བའི་གནས་ཚུལ་འོག་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ངོ་བོ་དང་མཇུག་འབྲས་དབྱེ་འབྱེད་བྱེད་ནུས་དང་རང་གིས་ཚོད་འཛིན་བྱེད་པའི་ནུས་པ་གཉིས་ཀྱང་ཁ་བྲལ་སྲིད། རང་ཉིད་ཀྱི་བྱ་སྤྱོད་དབྱེ་འབྱེད་དང་ཚོད་འཛིན་བྱེད་པའི་ནུས་པ་ཚང་མ་འཛོམས་ཚེ་གཞི་ནས་ཉེས་དོན་འགན་འཁྲི་འཁུར་ནུས་ཡོད་པའི་ཁོངས་སུ་གཏོགས།

2 སྤྱད་འཐུས་ལོ་ན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དོན་ཚན་བཅུ་བདུན་པའི་ནང་ཉེས་དོན་འགན་འཁྲི་འཁུར་བའི་ལོ་ཚད་གཏན་འབེབས་བྱས་པ་གཤམ་གསལ་ལྟར།

གཅིག རང་ལོ་བཅུ་དྲུག་ལ་སོན་པའི་སྐྱེ་བོས་བྱས་ཉེས་བསགས་ན་ཉེས་འགན་འཁུར་དགོས།

གཉིས། རང་ལོ་བཅུ་གཉིས་ལ་སོན་ཞིང་རང་ལོ་བཅུ་བཞི་མ་ལོན་པའི་སྐྱེ་བོས་ཤེས་བཞིན་དུ་མི་བསད་པ་དང་ཤེས་བཞིན་དུ་མི་གཞན་ལ་རྨས་སྐྱོན་བཏང་བའི་བྱས་ཉེས་བསགས་ནས་མི་ཤི་བའམ་གདུག་རྩུབ་ཧ་ཅང་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་མི་གཞན་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཏེ་དབང་པོར་སྐྱོན་ཚབས་ཆེན་བཟོས་རིགས་ཀྱི་ཉེས་ཚབས་ཆེ་རིགས་ལ་ཉེས་འགན་འཁུར་དགོས།

གསུམ། རང་ལོ་བཅུ་བཞི་ལོན་ཡང་བཅོ་བརྒྱད་མ་ལོན་པའི་སྐྱེ་བོས་བྱས་ཉེས་བསགས་ཚེ་ཉེས་ཆད་བཅའ་ཡང་དུ་གཏོང་དགོས། སྲོག་ཁྲིམས་གཅོད་མི་སྲིད།

བཞི། རང་ལོ་བཅུ་དྲུག་མ་ལོན་པའི་རྐྱེན་གྱིས་ཉེས་དོན་གྱི་ཁྲིམས་ཆད་གཅོད་མི་དགོས་པའི་རིགས་ལ་དེའི་ཁྱིམ་བདག་གམ་ལྟ་སྐྱོང་བྱེད་མིར་དོ་དམ་སློབ་གཅུན་བྱེད་པར་འགན་འཁུར་རྒྱུ།

ལྔ། རང་ལོ་དོན་ལྔར་སོན་པའི་སྐྱེ་བོས་ཤེས་བཞིན་དུ་བྱས་ཉེས་བསགས་ན། ཡང་བཟོས་ཀྱི་ཉེས་ཆད་དམ་ཉེས་ཆད་བཅའ་ཡང་དུ་བཏང་ཆོག 

3 སྨྱོ་ནད་ཅན་གྱི་ཉེས་དོན་འགན་འཁྲི་འཁུར་ནུས།

གཅིག ཉེས་འགན་འཁུར་ནུས་གཏན་ནས་མེད་པའི་སྨྱོ་ནད་ཅན།

ཉེས་ཁྲིམས་ཀྱི་དོན་ཚན18པའི་ནང་གསེས1པོར། སྨྱོ་ནད་ཅན་གྱིས་རང་ཉིད་ཀྱི་བྱ་སྤྱོད་འཚམ་མིན་དཔྱོད་པའམ་རང་ཚོད་རང་གིས་བྱེད་ནུས་མེད་པའི་སྐབས་སུ་བྱས་འབྲས་ངན་པའི་རིགས་ཁྲིམས་བཀོད་གོ་རིམ་ལྟར་གསལ་འབྱེད་བྱས་ནས་གཏན་འཁེལ་བྱུང་རིགས་ཀྱིས་ཉེས་འགན་འཁུར་མི་དགོས། འོན་ཀྱང་དེའི་ནང་མིའམ་ལྟ་སྐྱོང་བྱེད་མིར་ལྟ་སྐྱོང་ནན་པོ་དང་སྨན་བཅོས་བྱེད་དུ་འཇུག་དགོས། དགོས་པ་བྱུང་ཚེ་སྲིད་གཞུང་གིས་བཙན་འདོམས་སྨན་བཅོས་བྱེད་དུ་འཇུག་དགོས །

གཉིས། ཉེས་འགན་འཁུར་ནུས་ཡོངས་སུ་ཡོད་པའི་སྨྱོ་ནད་ཅན།

ཉེས་ཁྲིམས་དོན་ཚན18པའི་ནང་གསེས2པར། སྐབས་སྐབས་སུ་སྨྱོ་ནད་ལངས་པའི་སྐྱེ་བོས་བློ་རིག་གསལ་བའི་སྐབས་སུ་བྱས་ཉེས་བསགས་ཚེ་ཉེས་འགན་འཁུར་དགོས་ཞེས་གཏན་འབེབས་བྱས་ཡོད། སྐབས་སྐབས་སུ་སྨྱོ་ནད་ལངས་པའི་ནད་པའི་བློ་རིག་གསལ་བའི་སྐབས་སུ་རང་ཉིད་ཀྱི་བྱ་སྤྱོད་འཚམ་མིན་དཔྱོད་པའམ་རང་ཚོད་རང་གིས་བྱེད་ནུས་ལྡན་པས།རང་ཉིད་ཀྱི་ཉེས་གསོག་བྱ་སྤྱོད་ལ་ཉེས་འགན་འཁུར་དགོས།

གསུམ།  ཉེས་འགན་འཁུར་ནུས་ལ་ཚོད་འཛིན་བྱས་པའི་སྨྱོ་ནད་ཅན། 

ཉེས་ཁྲིམས་ཀྱི18པའི་ནང་གསེས3པར་རང་གི་བྱ་སྤྱོད་རྦད་དེ་ཤོར་བའམ་རང་ཚོད་རང་གིས་བཟུང་མེད་པའི་སྨྱོ་ནད་ཅན་གྱིས་བྱས་ཉེས་བསགས་ཚེ་ཉེས་འགན་འཁུར་དགོས། ཡིན་ནའང་ཡང་བཟོས་ཀྱི་ཉེས་ཆད་དམ་ཉེས་ཆད་བཅའ་ཡང་དུ་བཏང་ཆོག”ཅེས་གཏན་འབེབས་བྱས་ཡོད། 

4 ཆང་རག་གིས་མྱོས་མཁན་གྱི་ཉེས་འགན་འཁུར་ནུས།

ཉེས་ཁྲིམས18པའི་ནང་གསེས4པར “ཆང་གིས་མྱོས་པའི་སྐྱེ་བོས་བྱས་ཉེས་བསགས་ཚེ་ཉེས་འགན་འཁུར་དགོས།”དེ་ནི་གཙོ་བོ་ཆང་གིས་མྱོས་པའི་མིས་རང་གི་བྱ་སྤྱོད་འཚམ་མིན་དང་རང་ཚོད་རང་གིས་བྱེད་ནུས་རྦད་དེ་ཤོར་མེད་པ་མ་ཟད། བྱ་སྤྱོད་སྤེལ་མཁན་གྱིས་རང་ཉིད་ཀྱི་བྱ་སྤྱོད་ལས་ཆང་གིས་བཟི་བའི་གནས་ཚུལ་ཐོན་མིན་ལ་ཚོད་འཛིན་གྱི་ནུས་པ་རྦད་དེ་ལྡན་པར་བསམ་གཞིགས་བྱས་པ་ཡིན།

4_1 འོན་ལྐུགས་དང་ལོང་བའི་ཉེས་དོན་འགན་འཁྲི་འཁུར་ནུས།

འོན་ལྐུགས་དང་ལོང་བ་རྣམས་ཉེས་དོན་འགན་འཁྲི་འཁུར་ནུས་མེད་པའི་ཁོངས་སུ་མི་གཏོགས། ཁོ་ཚོར་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་དང་ཚོད་འཛིན་བྱེད་པའི་ནུས་པ་ལྡན། དེར་བརྟེན། ཁོ་ཚོས་རང་གི་བྱ་སྤྱོད་སྤེལ་བའི་གནོད་འཚེར་ཉེས་འགན་འཁུར་དགོས། ཕྱོགས་གཞན་ཞིག་ནས་ཁོང་ཚོའི་ལུས་ཁམས་ཐད་ཀྱི་སྐྱོན་ཆའི་དབང་གིས་ཁོང་ཚོས་སློབ་གསོ་དང་ལེན་བྱེད་པ་དང་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོར་ཞུགས་པ་སོགས་ཀྱི་ཐད་བཀག་རྒྱ་ངེས་ཅན་ཐེབས་ངེས་ཡིན་ཞིང་། ཡིན་མིན་དབྱེ་འབྱེད་བྱེད་ནུས་དེ་རྒྱུན་ལྡན་གྱི་མི་ལས་ཞན་སྟབས། བཅའ་ཁྲིམས་ནང་ཁོང་ཚོས་བྱས་ཉེས་བསགས་པར་ཡང་བཟོས་ཀྱི་ཉེས་ཆད་དང་། ཉེས་ཆད་བཅའ་ཡང་དུ་གཏོང་བའམ་རྩ་ཡང་དུ་བཏང་ཆོག་ཅེས་གཏན་འབེབས་བྱས་ཡོད།

5 ཁྲིམས་ནུས་ཐོན་པའི་བྱ་སྤྱོད་སྤེལ་མཁན།

ཁྲིམས་ནུས་ཐོན་པའི་བྱ་སྤྱོད་སྤེལ་མཁན་གྱིས་ངེས་པར་དུ་དབྱེ་འབྱེད་ནུས་པ་དང་ཚོད་འཛིན་ནུས་པ་ཆ་ཚང་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གཞི་ནས་རང་ཉིད་ཀྱི་ཉེས་གསོག་བྱ་སྤྱོད་ལ་ཉེས་དོན་འགན་འཁྲི་ཡོངས་སུ་འཁུར་དགོས། ཉེས་ཁྲིམས་སྟེང་གི་དབྱེ་འབྱེད་ནུས་པའམ་ཚོད་འཛིན་ནུས་པ་དེ་རྒྱུན་ལྡན་གྱི་དོན་སྙིང་སྟེང་ནས་མི་རྣམས་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་ལ་འགན་འཁུར་དགོས་པར་ངེས་པར་དུ་འཛོམས་དགོས་པའི་དབྱེ་འབྱེད་ནུས་པའམ་ཚོད་འཛིན་ནུས་པ་དང་ངོ་བོའི་ཁྱད་པར་ཡོད། གལ་ཏེ་ཁྲིམས་ནུས་ཐོན་པའི་བྱ་སྤྱོད་སྤེལ་མཁན་གྱི་དབྱེ་འབྱེད་ནུས་པའམ་ཚོད་འཛིན་ནུས་པ་དེ་ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་སྤྱི་ཚོགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཁྲོད་མངོན་པ་མིན་ཚེ་ཉེས་ཁྲིམས་ཀྱི་དོན་སྙིང་མི་ལྡན་པ་དང་། ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་བྱ་སྤྱོད་སྤེལ་མཁན་གྱིས་ཉེས་འགན་ཁུར་དགོས་པའི་སྔོན་འགྲོའི་ཆ་རྐྱེན་ཡང་མིན། ཉེས་ཁྲིམས་ཀྱི་དོན་སྙིང་ཐོག་རང་ཉིད་ཀྱི་བྱ་སྤྱོད་འཚམ་མིན་དང་ཚོད་འཛིན་བྱེད་ནུས་ལྡན་པ་དེ་ནི་བྱ་སྤྱོད་སྤེལ་མཁན་ལ་ཉེས་ཁྲིམས་ཐོག་གི་རང་ཉིད་ཀྱི་བྱ་སྤྱོད་དེའི་ངོ་བོའི་དོན་སྙིང་དང་། ནུས་པ། མཇུག་འབྲས་བཅས་ངོས་འཛིན་ཐུབ་པ་མ་ཟད། ངོས་འཛིན་དེ་གཞིར་བཟུང་ནས་རང་རྟོགས་དང་ཕན་ནུས་ལྡན་པའི་སྒོ་ནས་རང་ཉིད་ཀྱི་བྱ་སྤྱོད་ཚོད་འཛིན་བྱེད་ནུས་ལྡན་པ་དེ་ནི་ཉེས་དོན་འགན་འཁྲི་འཁུར་ནུས་དེ་སྡེ་ཚན་གཞན་དག་གི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་ཁྲིམས་ནུས་ཐོན་པའི་བྱ་སྤྱོད་སྤེལ་ནུས་དང་མི་འདྲ་བའི་ངོ་བོ་ཞིག་ཡིན། ལྷག་པར་དུ་སྡེ་ཚན་ཁག་གི་བཅའ་ཁྲིམས་ཀྱིས་ལེགས་སྒྲིག་བྱས་པའི་ཁྲིམས་ནུས་ཐོན་པའི་བྱ་སྤྱོད་སྤེལ་མཁན་གྱི་ཁེ་དབང་དང་འོས་འགན་གྱི་ངོ་བོ་དང་བྱ་སྤྱོད་རྙོག་འཛིང་ཆེ་ཆུང་གི་ཁྱད་པར་ལ་གཞིགས་ནས་བཅའ་ཁྲིམས་ཀྱིས་བྱ་སྤྱོད་སྤེལ་མཁན་ལ་བྱ་སྤྱོད་སྤེལ་ནུས་ཡོད་པ་དང་།བྱ་སྤྱོད་སྤེལ་ནུས་ཚོད་འཛིན་དང་བྱ་སྤྱོད་སྤེལ་ནུས་མེད་པའི་ཚད་གཞི་སྟེ་རང་ཉིད་ཀྱི་བྱ་སྤྱོད་སྤེལ་ནུས་ངོས་འཛིན་དང་། བརྡར་ཤ་གཅོད་པ། ཐག་གཅོད་བཅས་བྱེད་པའི་ངོ་བོ་དང་དབྱེ་འབྱེད་ཚད་གཞི་གཏན་འབེབས་བྱེད་སྐབས་གཏན་འབེབས་མི་འདྲ་བ་བཟོས་ནས་བླང་བྱ་འདོན་དགོས་ངེས། དེ་ལྟར་དངོས་ཡོད་ཀྱི་འཚོ་བའི་ཁྲོད་དམངས་དོན་བྱ་སྤྱོད་ཀྱི་ནུས་པའམ་སྲིད་འཛིན་བྱ་སྤྱོད་ཀྱི་ནུས་པ་ལྡན་པའི་མིར་ཉེས་དོན་འགན་འཁྲི་འཁུར་ནུས་མེད་པའི་གནས་ཚུལ་ཐོན་གྱི་ཡོད།

6 ཚད་བཟུང་རྒྱུ་རྐྱེན།

ཉེས་དོན་འགན་འཁྲི་འཁུར་ནུས་ཀྱི་ཚད་བཟུང་རྒྱུ་རྐྱེན་ཞེས་པ་ནི་སྨྱོ་ནད་ཅན་གྱི་སྐྱེ་བོས་ཉེས་དོན་འགན་འཁྲི་འཁུར་ནུས་ལ་ཚོད་འཛིན་བྱེད་པའི་གཞི་རྩའི་རྒྱུ་རྐྱེན་ལ་ཟེར།དེ འི་ནང་དུ་གཤམ་གསལ་གྱི་ནང་དོན་ཡོད།

6_1 བསམ་པའི་རང་དབང་གི་ཚད།

“འདོད་བློའི་རང་དབང་ནི་བྱ་དངོས་ཤེས་རྟོགས་བྱེད་པར་བརྟེན་ནས་ཐག་གཅོད་བྱེད་པའི་ནུས་པ་དེ་རིགས་ཡིན།”དེ་ནི་བྱ་སྤྱོད་སྤེལ་མཁན་གྱི་བཅའ་ཁྲིམས་ཀྱི་འགན་འཁྲི་དང་ཀུན་སྤྱོད་ཀྱི་འགན་འཁྲི་གཏན་འཁེལ་བྱེད་པའི་རང་སྣང་གི་གཞི་འཛིན་ས་ཡིན། ཉེས་དོན་འགན་འཁྲིའི་ནུས་པ་ནི་བསམ་པའི་རང་དབང་དེ་ཉེས་དོན་བཅའ་ཁྲིམས་འབྲེལ་བའི་ཁྲོད་ཞིབ་ཕྲ་ཅན་དུ་འགྱུར་བ་ཞིག་ཡིན་ཞིང་། ཉེས་ཁྲིམས་དོན་སྙིང་ཐོག་གི་བསམ་པའི་རང་དབང་དང་ཉེས་དོན་འགན་འཁྲིའི་ནུས་པ་ནི་ནང་དོན་གཅིག་མཚུངས་ཀྱི་ཁྱབ་ཁོངས་ཡིན་དགོས།

6_2 སྤྱི་ཚོགས་དང་སྐྱེ་དངོས་ཀྱི་འབྲེལ་བ།

ཉེས་དོན་བཅའ་ཁྲིམས་དང་སྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་གཞི་གཞན་དག་ཚང་མ་སྤྱི་ཚོགས་ལེགས་སྒྲིག་བྱེད་མཁན་གྱི་བྱ་སྤྱོད་ཡིན། སྤྱི་ཚོགས་ཀྱི་མིའི་ངོ་བོ་ནི་རང་ཉིད་ཀྱི་འདུ་ཤེས་ལྡན་པ་དང་། རང་ཉིད་ཀྱི་འདུ་ཤེས་དེ་རིགས་ཀྱིས་སྤྱི་ཚོགས་ཀྱི་མི་དང་སྐྱེ་དངོས་ཀྱི་མི་དང་། ཐ་ན་སྐྱེ་དངོས་རིགས་གཞན་དག་བར་དབྱེ་བ་འབྱེད་དུ་འཇུག་གི་ཡོད། མིས་རང་ཉིད་ཀྱི་འདུ་ཤེས་སྐྱེད་ན། ཐོག་མར་སྐྱེ་དངོས་ཀྱི་རྨང་གཞི་ངེས་ཅན་ཞིག་སྟེ་ཀླད་པ་སྔོན་འགྲོའི་ཆ་རྐྱེན་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་འབྲེལ་བའི་ནང་དུ་གནས་པ་ཆ་རྐྱེན་དུ་འཛིན་དགོས། སྨྱོ་ནད་ཅན་གྱི་ནད་པའི་ཀླད་པའི་ནུས་པ་ཉམས་པའམ་རྙོག་འཛིང་གི་རྣམ་པར་གནས་པའི་ནད་ཀྱིས་རང་ཉིད་ཀྱི་འདུ་ཤེས་ཀྱི་ནུས་པ་དང་དེ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ནས་གྲུབ་པའི་བསམ་པའི་ནུས་པ་ཤོར་བའི་རྨང་གཞི་དང་ཡང་ན་རྨང་གཞི་དེར་གཏོར་བརླག་ཐེབས་པ་ཡིན།

བཅའ་ཁྲིམས་ཀྱིས་བསམ་བཞིན་མ་ཡིན་པའི་ནུས་པ་དང་སེམས་ཤུགས་ཅན་གྱི་གནོད་འཚེའི་བྱ་སྤྱོད་ལ་སུན་འབྱིན་གཏོང་མི་རུང་། དེ་ལྟར་མ་བྱས་ན་སྲོག་ཆགས་ཀྱི་འཇབ་རྒོལ་བྱ་སྤྱོད་དམ་རང་བྱུང་ཁམས་ཀྱི་གཏོར་བརླག་ལ་སུན་འབྱིན་གཏོང་བ་ བཞིན་ཧ་ཅང་ཁུངས་ལུང་མེད་པ་ཞིག་ཡིན་ལ་དོན་སྙིང་སྤུ་ཙམ་ཡང་མེད་པ་ཞིག་ཡིན། ཉེས་གསོག་གི་མི་སྒེར་ལ་མཚོན་ནས་བཤད་ན། ཉེས་གསོག་བྱ་སྤྱོད་ནི་ཀུན་སློང་དང་ཐག་གཅོད་བྱེད་པའི་སེམས་ཁམས་བརྒྱུད་རིམ་གྱི་ལྷུ་ཚིགས་ཁ་ཤས་ལ་འགྱུར་ལྡོག་བྱུང་བའི་མཇུག་འབྲས་ཡིན། འགན་འཁྲིའི་ནུས་པ་མེད་པའི་སྨྱོ་ནད་ཅན་གྱིས་གནོད་སྐྱོན་བཏང་བའི་བྱ་སྤྱོད་སྤེལ་བ་ནི་སྐྱེ་དངོས་རང་བཞིན་གྱི་རྒྱུ་རྐྱེན་གྱིས་ཐད་ཀར་ནུས་པ་ཐོན་པའི་མཇུག་འབྲས་ཡིན། འགན་འཁྲིའི་ནུས་པར་ཚོད་འཛིན་ཐེབས་པའི་སྨྱོ་ནད་ཅན་གྱི་མི་སྒེར་ལ་མཚོན་ན། ཁོ་ཚོ་ནི་དོན་སྙིང་ཆ་ཚང་བའི་སྤྱི་ཚོགས་ཀྱི་མི་ཞིག་མིན་པས་ཁོ་ཚོའི་སེམས་ཁམས་ཀྱི་བརྒྱུད་རིམ་སོ་སོར་རྙོག་འཛིང་གི་རྣམ་པར་གནས་པའི་ཀླད་པས་ཁ་ལོ་བསྒྱུར་དགོས། དེར་བརྟེན། སྤྱི་ཚོགས་རང་བཞིན་གྱི་རྒྱུ་རྐྱེན་དང་སྐྱེ་དངོས་རང་བཞིན་གྱི་རྒྱུ་རྐྱེན་གྱི་ཐུན་མོང་གི་ནུས་པས་ཁོའི་ཉེས་གསོག་གི་ཐད་ཀའི་རྒྱུ་རྐྱེན་གྲུབ་པའི་དོན་དངོས་ཀྱིས་ཉེས་ཁྲིམས་ནང་དེའི་ཉེས་གསོག་བྱ་སྤྱོད་ལ་སུན་འབྱིན་ཆ་ཤས་གཏོང་བ་ལས་མེད་པ་ཐག་གཅོད་ཐུབ་ཀྱི་ཡོད། 

7 བཅའ་ཁྲིམས་ཀྱི་གནས་བབ།

ད་ལྟ་ལག་ལེན་བསྟར་བཞིན་པའི་ཀྲུང་གོའི་ཉེས་ཁྲིམས་ཀྱིས་ཉེས་འགན་འཁུར་ནུས་ཀྱི་མཚམས་ཚད་ནི་ཉེས་དོན་འགན་འཁྲི་དམའ་ཤོས་ཀྱི་ལོ་ཚད་ལ་གཏན་འབེབས་གསལ་པོ་བྱས་ཡོད། ཉེས་ཁྲིམས་ཀྱི་དོན་ཚན17པའི་ནང་གཏན་འབེབས་བྱས་དོན།“རང་ལོ་བཅུ་དྲུག་ལ་སོན་པའི་སྐྱེ་བོས་བྱས་ཉེས་བསགས་ཚེ་ཉེས་འགན་འཁུར་དགོས། རང་ལོ་བཅུ་བཞི་ལ་སོན་ཞིང་བཅུ་དྲུག་ལ་མ་སོན་པའི་སྐྱེ་བོས་བྱས་ཉེས་བསགས་ཏེ་ཤེས་བཞིན་དུ་མི་བསད་པ་དང་། གནོད་འཚེ་བཏང་བའི་རྨས་སྐྱོན་ཚབས་ཆེན་བཟོས་པའམ་ཤི་བ། བཙན་གཡེམ་བྱས་པ། འཕྲོག་བཅོམ་བྱས་པ། དུག་རྫས་བར་ཚོང་བརྒྱབ་པ། དུག་བཏབ་པ་བཅས་ཀྱི་བྱས་ཉེས་བསགས་ཚེ་ཉེས་འགན་འཁུར་དགོས།”དམིགས་ཡུལ་ནི་ནར་མ་སོན་པའི་མིར་བྱ་དངོས་ལ་ངོས་འཛིན་བྱེད་པའི་ནུས་པ་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་བློ་རིག་དང་ལུས་ཤུགས་འཚར་ལོངས་ཀྱི་ཐད་ནས་ད་དུང་བྱང་ཆ་མི་ལྡན་ཞིང་བྱིས་བློ་ཅན་ཡིན་པས་ཁོ་ཚོར་སློབ་གསོ་གཏོང་རྒྱུ་གཙོ་བོར་འཛིན་དགོས་པ་ལས་ཆད་པ་མང་པོ་གཅོད་མི་རུང་། ཉེས་ཁྲིམས་ནང་སྨྱོ་ནད་ཕོག་མཁན་གྱིས་བྱས་ཉེས་བསགས་པར་ཁྲིམས་འཛིན་གྱི་སྲུང་སྐྱོབ་བྱས་ཡོད་ཅིང་། ཉེས་ཁྲིམས་ཀྱི་དོན་ཚན18པའི་ནང་གཏན་འབེབས་བྱས་དོན།“སྨྱོ་ནད་ཕོག་མཁན་གྱིས་རང་ཉིད་ཀྱི་བྱ་སྤྱོད་འཚམ་མིན་དཔྱོད་མི་ཐུབ་པ་དང་ཚོད་འཛིན་བྱེད་མི་ཐུབ་པའི་སྐབས་སུ་གནོད་འཚེའི་མཇུག་འབྲས་བཟོས་རིགས་ཁྲིམས་འཁོད་གོ་རིམ་ལྟར་གསལ་འབྱེད་བྱས་ནས་ངོས་འཛིན་བྱས་རིགས་ལ་ཉེས་དོན་འགན་འཁྲི་འཁུར་མི་དགོས”འོན་ཀྱང་ཉེས་ཁྲིམས་ནང་ཉེས་འགན་འཁུར་རྒྱུའི་ཚད་གཞི་གཏན་འབེབས་བྱས་མེད་པ་སྟེ། བདེ་ཐང་གི་གནས་ཚུལ་གང་འདྲ་ཞིག་ཡོད་པའི་ཤེས་ལྡན་མི་སྣར་འདྲི་གཅོད་དང་ལེན་བྱེད་ཐུབ་པ་དང་། བཅའ་ཁྲིམས་ཀྱི་སྲུང་སྐྱོང་མེད་པས་རྒན་རྒོན་དང་། ལུས་སྟོབས་ཞན་པ། ནད་པ་བཅས་འབོར་ཆེན་ཞིག་ཉེས་དོན་འགན་འཁྲི་བྱེད་སྐབས་ཤི་བའམ་ཡང་ན་ཉེས་ཆད་ལྕི་བའི་ཉེས་ཅན་དུས་ཐུང་གི་ཁྲིམས་ཆད་འཁུར་རིང་ཤི་བའམ་ཡང་ན་ཁྲིམས་ཆད་འཁུར་ཡུན་ནང་ནད་ཕོག་ནས་དབང་པོ་སྐྱོན་ཅན་དུ་གྱུར་ཏེ་བཙོན་ཁང་ཕྱིར་སྨན་བཅོས་བྱས་ནས་མྱུལ་ཞིབ་དང་། བཀག་ཉར། སྔོན་འདྲི། གཏུག་བཤེར། འདྲི་གཅོད། ལག་བསྟར། གཏུག་བཤེར་བཅས་ཀྱི་མ་གནས་སྔར་བས་འཐུས་ཚང་དུ་བཏང་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-26

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།