རྙིང་བསྟུན་ཡང་གཅོད་ཀྱི་རྩ་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྙིང་བསྟུན་ཡང་གཅོད་ཀྱི་རྩ་དོན།
རྙིང་བསྟུན་ཡང་གཅོད་ཀྱི་རྩ་དོན་ནི་ཉེས་ཁྲིམས་སྤྱད་འཐུས་ཀྱི་རྩ་དོན་ཞིག་ཡིན། དེ་ནི་བྱས་ཉེས་མ་ཡིན་པ་ཅན་དུ་འགྱུར་བ(བྱས་ཉེས་ཅན་དུ་འགྱུར་བ་ཕུད)དང་། ཉེས་ཆད་ཆུང་དུ་གཏོང་བའམ་བྱ་སྤྱོད་སྤེལ་མཁན་ལ་ཕན་པ་བཅས་ཀྱི་གཏན་འབེབས་ཕུད། ཉེས་ཁྲིམས་ནང་སྔར་བྱས་ལ་བདའ་འདེད་གཏོང་བའི་ནུས་པ་མི་ཐོན་པར་ཟེར། དེ་ནི་ཉེས་ཁྲིམས་ཀྱི་བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན་ནང་རྩ་དོན་རྙིང་པའི་ཐོག་ནས་འཕེལ་རྒྱས་བྱུང་བ་ཞིག་རེད། ཉེས་ཁྲིམས་ཀྱི་གཏན་འབེབས་དེ་གཙོ་བོ་རང་རྒྱལ་གྱི་སྤྱི་ལོ1979ལོའི་ཉེས་ཁྲིམས་རྙིང་པ་དང་སྤྱི་ལོ1997ལོའི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཉེས་ཁྲིམས་དབར་གྱི་འགལ་བའི་གནད་དོན་ལ་དམིགས་པ་ཞིག་ཡིན་པ་མ་ཟད། གཙོ་བོ་ཉེས་ཁྲིམས་གསར་པའི་བདའ་འདེད་གཏོང་ཤུགས་ཀྱི་གནད་དོན་ལ་དམིགས་པ་ཞིག་རེད། དེ་ཡང་ཉེས་ཁྲིམས་གསར་པ་ཁྱབ་བསྒྲགས་མ་བྱས་གོང་གི་བྱ་སྤྱོད་དེ་ཉེས་གསོག་གི་གནད་དོན་ལ་ངོས་འཛིན་བྱེད་མིན་དང་། དེ་བཞིན་བེད་སྤྱོད་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་གནད་དོན་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
从旧兼从轻原则
དབྱིན་ཡིག་གི་མིང་།
From the old and light principle
ཁོངས་གཏོགས།
ཉེས་ཁྲིམས་སྤྱད་འཐུས་ཀྱི་རྩ་དོན།
1  རྩ་དོན་ངོ་སྤྲོད།

ཉེས་ཁྲིམས་ཀྱི་གཏན་འབེབས་དེ་གཙོ་བོ་རང་རྒྱལ་གྱི་སྤྱི་ལོ1979ལོའི་ཉེས་ཁྲིམས་རྙིང་པ་དང་སྤྱི་ལོ1997ལོའི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཉེས་ཁྲིམས་དབར་གྱི་འགལ་བའི་གནད་དོན་ལ་དམིགས་པ་ཞིག་ཡིན་པ་མ་ཟད། གཙོ་བོ་ཉེས་ཁྲིམས་གསར་པའི་བདའ་འདེད་གཏོང་ཤུགས་ཀྱི་གནད་དོན་ལ་དམིགས་པ་ཞིག་རེད། དེ་ཡང་ཉེས་ཁྲིམས་གསར་པ་ཁྱབ་བསྒྲགས་མ་བྱས་གོང་གི་བྱ་སྤྱོད་དེ་ཉེས་གསོག་གི་གནད་དོན་ལ་ངོས་འཛིན་བྱེད་མིན་དང་། དེ་བཞིན་བེད་སྤྱོད་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་གནད་དོན་ལ་ཟེར།

2 རྙིང་བསྟུན་རྩ་དོན།

རྩ་དོན་རྙིང་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་ནི་ཕྱོགས་གཉིས་ཡོད་དེ། གཅིག་ནི་སྤྱི་དམངས་ལ་བཅའ་ཁྲིམས་ཀྱིས་བཀག་སྡོམ་བྱས་མེད་པའི་བྱ་སྤྱོད་སྤེལ་བའི་རང་དབང་ཡོད། གལ་ཏེ་སྤྱི་དམངས་ཀྱིས་བཅའ་ཁྲིམས་ལག་བསྟར་བྱས་ནས་བཀག་སྡོམ་བྱས་མེད་པའི་བྱ་སྤྱོད་སྤེལ་རྗེས། རྒྱལ་ཁབ་ཀྱིས་ཡང་བསྐྱར་བཅའ་ཁྲིམས་བཟོས་ནས་བྱ་སྤྱོད་དེ་དག་ཉེས་ཆད་འཁུར་འོས་པའི་ཁྲིམས་འགལ་བྱ་སྤྱོད་སུ་ཁྱབ་བསྒྲགས་བྱས་པ་མ་ཟད། དེར་གཞིགས་ནས་ཉེས་ཆད་བཅད་ན། སྤྱི་དམངས་ཀྱི་རང་མོས་དབང་ཆ་སྤྱོད་པ་དང་ཉེས་མེད་ལ་ཉེས་ཆད་བཅད་པ་མཚོན་གྱི་ཡོད། དོན་འདིའི་ཐད་ནས་བཤད་ན། བྱ་བ་བསྒྲུབས་རྗེས་ཉེས་ཆད་གཅོད་སྟངས་སྤྱད་ན་དྲང་གཞག་མིན་པ་དང་། དྲང་བདེན་མིན་པ། འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་གཏོང་བ་བཅས་རེད། གཉིས་ནི་སྤྱི་པའི་བཅའ་ཁྲིམས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་སུ། སྤྱི་དམངས་ལ་དབང་བའི་ཁྲིམས་འཛུགས་དབང་ཆ་དང་། ཁྲིམས་འཛིན་<ཁྲིམས་བསྟར>གྱི་དབང་ཤུགས་ཆེ་བའི་རྒྱལ་ཁབ་ལ་བལྟོས་ནས་བཤད་ན་ཉམས་ཞན་གྱི་ཕྱོགས་ཤིག་ཡིན། སྤྱི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དང་ཁྲིམས་འཛིན་གྱི་རང་སྣང་གང་ཤར་གྱི་གནོད་འཚེ་མི་ཕོག་པ་བྱེད་ཆེད། རྒྱལ་ཁབ་ཀྱིས་ཁེ་དབང་ལ་ཚོད་འཛིན་བྱས་ནས་རྒྱལ་ཁབ་ཀྱི་དབང་ཆ་གང་བྱུང་དུ་སྤྱོད་པར་སྔོན་འགོག་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་དགོས།

3 ཡང་གཅོད་ཀྱི་རྩ་དོན།

ཡང་གཅོད་ཀྱི་རྩ་དོན་ནི་སྔར་གྱི་རྨང་གཞིའི་ཐོག་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་ཞིང་། དེའི་དམིགས་ཡུལ་ནི་གོམ་གང་མདུན་སྤོས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། ཡང་དག་པའི་སྒོ་ནས་བཅའ་ཁྲིམས་ཀྱི་ཡོ་བྱད་ཀྱི་བྱེད་ནུས་ལ་གོ་བ་ལེན་རྒྱུ་དང་མངོན་འགྱུར་བྱེད་རྒྱུ་དེ་རེད། ཐོག་མར། བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱིས་བྱ་སྤྱོད་ཅིག་ལ་སྤྱི་ཚོགས་ཀྱི་གནོད་འཚེའི་རང་བཞིན་ཡོད་མེད་ལ་གདེང་འཇོག་བྱེད་པའི་ལག་ཆ་ཞིག་ཡིན། གདེང་འཇོག་གང་ཞིག་ཡིན་རུང་ཚང་མ་དམིགས་བསལ་གྱི་སྤྱི་ཚོགས་འབྲེལ་བ་དང་དེ་བཞིན་དེ་ལས་བྱུང་བའི་ཤན་འབྱེད་ཚད་གཞིར་གཞིགས་ནས་བྱས་པ་ཞིག་ཡིན་ཞིང་། སྤྱི་ཚོགས་འབྲེལ་བ་ནམ་ཡང་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བཞིན་ཡོད་པས་གདེང་འཇོག་ཀྱང་དེ་དང་ཆབས་ཅིག་ཏུ་འགྱུར་བ་ཡོང་གི་ཡོད། བཅའ་ཁྲིམས་ཀྱི་གདེང་འཇོག་ཀྱང་དེ་དང་འདྲ་བར། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་དང་བསྟུན་ནས་དེའི་གདེང་འཇོག་གི་ཚད་གཞིའང་རྒྱུན་ཆད་མེད་པར་འགྱུར་བཞིན་ཡོད། མ་གཞི་སྤྱི་ཚོགས་ལ་གནོད་པའི་རང་བཞིན་ལྡན་པར་ངོས་འཛིན་བྱས་ཡོད་པ་ཕྱིས་སུ་སྤྱི་ཚོགས་ལ་གནོད་འཚེའི་རང་བཞིན་མི་ལྡན་པའམ་ཡང་ན་སྤྱི་ཚོགས་ལ་གནོད་འཚེའི་རང་བཞིན་ཅུང་ཆེ་བའི་བྱ་སྤྱོད་ཡིན་པར་ངོས་འཛིན་བྱས་ཡོད་པ་ཡོད། བཅའ་ཁྲིམས་ཐོག་མཚོན་ཚུལ་ནི་རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེ་ཡིན་ཞིང་། བཟོ་བཅོས་དེ་ནི་བྱ་སྤྱོད་དེས་སྤྱི་ཚོགས་ལ་གནོད་པའི་རང་བཞིན་གཏན་འཁེལ་དང་གཏན་འཁེལ་བྱས་པའི་ངོས་འཛིན་རེད། གཉིས་པ་ནི་བཅའ་ཁྲིམས་ནི་དེའི་ཚད་གཞི་ལྟར་གཏན་འཁེལ་བྱས་པའི་སྤྱི་ཚོགས་ཀྱི་གནོད་འཚེའི་རང་བཞིན་གྱི་བྱ་སྤྱོད་ལ་ཆད་པ་གཅོད་པ་མཚོན་ཡོད། ཉེས་ཆད་གཅོད་པའི་རྩ་དོན་ནི་སྤྱི་ཚོགས་ལ་གནོད་པའི་རང་བཞིན་དང་འཚམ་པར་བྱེད་དགོས། གོང་གསལ་གྱི་ཐོག་ནས་རྙིང་བསྟུན་ཡང་གཅོད་ཀྱི་རྩ་དོན་ཐོག་ནས་ནན་བཤད་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱ་རྒྱུ་དེ་ཡིན་པ་མཐོང་ཐུབ། དེས་རྒྱལ་ཁབ་ཀྱི་སྤྱི་པའི་དབང་ཆར་ཚོད་འཛིན་བྱས་པ་དང་བྱ་སྤྱོད་སྤེལ་མཁན་ལ་ཕན་ཐོགས་ཡོད་པའི་བཅའ་ཁྲིམས་སྤྱད་ན་འཚམ་པོ་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-01

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།