ཡེ་ཐིང་དྲན་གསོ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡེ་ཐིང་དྲན་གསོ་ཁང་།
ཡེ་ཐིང་དྲན་གསོ་ཁང་རྙིང་པ་ནི་སྤྱི་ལོ1986ལོའི་ཟླ4པའི་ཚེས8ཉིན་རྨང་བཏིང་ཞིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1500ཡོད། འགྲེམས་ཁང་གི་མིང་ནི་དམག་སྤྱི་ཡེ་ཅན་དབྱིན་གྱིས་བྲིས་ལ། དྲན་གསོ་ཁང་གི་དཀྱིལ་གྱི་ཚོམས་ཆེན་ནི་ཡེ་ཐིང་གི་རྡོའི་སྐུ་བརྙན་ཡིན། ཡེ་ཐིང་དྲན་གསོ་ཁང་གསར་པའི་འགྲེམས་ཁང་ནི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི《ཡེ་ཐིང་དྲན་གསོ་ཁང་གནས་སྤོ་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་འཕྲིན་ལན》གཞིར་བཟུང་ཏེ། སྤྱི་ལོ2008ལོའི་ཟླ8པར་ལས་འགོ་ཚུགས་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2758ཡོད། བཤམས་སྟོན་ཚོམས་ཆེན་གྱིས་ནང་དོན་ཇུས་འགོད་ཐད་པར་དང་རི་མོ399སྤྱད་པ་དང་དངོས་པོ141དང་རྣམ་པ་བདུན་གྱིས་དམག་དཔོན་ཆེན་མོ་ཡེ་ཐིང་གི་སྐུ་ཚེ་ཧྲིལ་པོའི་གལ་ཆེའི་དུས་སྐབས་དང་ཕུལ་བྱུང་ལེགས་སྐྱེས་ཕྱོགས་ཡོངས་ནས་མངོན་པར་མཚོན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
叶挺纪念馆
ཕྱི་ཡིག་གི་མིང་།
Ye Ting Memorial Hall
རིགས་དབྱེ།
མི་སྣའི་དངོས་མང་བཤམས་སྟོན་ཁང་།
གནས་ཡུལ།
ཀོང་ཏུང་ཞིང་ཆེན་ཧའེ་ཀྲོའུ་གྲོང་ཁྱེར་ཧུའེ་དབྱང་ཆུས་ཆིའུ་ཁྲང་སྲང་ལམ་ཀྲོའུ་ཐེན་སྡེ་བ།
ལས་མཇུག་དུས་ཚོད།
སྤྱི་ལོ2011ལོའི་ཟླ9པའི་ཚེས10ཉིན།
འཛུགས་སྐྲུན་གྱི་རྒྱ་ཁྱོན།
སྨི་གྲུ་བཞི་མ2758ཡོད།
1 ​ངོ་སྤྲོད།

ཡེ་ཐིང་དྲན་གསོ་ཁང་རྙིང་པ་ནི་སྤྱི་ལོ1986ལོའི་ཟླ4པའི་ཚེས8ཉིན་རྨང་བཏིང་ཞིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1500ཡོད། འགྲེམས་ཁང་གི་མིང་ནི་དམག་སྤྱི་ཡེ་ཅན་དབྱིན་གྱིས་བྲིས་ལ། དྲན་གསོ་ཁང་གི་དཀྱིལ་གྱི་ཚོམས་ཆེན་ནི་ཡེ་ཐིང་གི་རྡོའི་སྐུ་བརྙན་ཡིན། ཡེ་ཐིང་དྲན་གསོ་ཁང་གསར་པའི་འགྲེམས་ཁང་ནི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི《ཡེ་ཐིང་དྲན་གསོ་ཁང་གནས་སྤོ་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་འཕྲིན་ལན》གཞིར་བཟུང་ཏེ། སྤྱི་ལོ2008ལོའི་ཟླ8པར་ལས་འགོ་ཚུགས་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2758ཡོད། བཤམས་སྟོན་ཚོམས་ཆེན་གྱིས་ནང་དོན་ཇུས་འགོད་ཐད་པར་དང་རི་མོ399སྤྱད་པ་དང་དངོས་པོ141དང་རྣམ་པ་བདུན་གྱིས་དམག་དཔོན་ཆེན་མོ་ཡེ་ཐིང་གི་སྐུ་ཚེ་ཧྲིལ་པོའི་གལ་ཆེའི་དུས་སྐབས་དང་ཕུལ་བྱུང་ལེགས་སྐྱེས་ཕྱོགས་ཡོངས་ནས་མངོན་པར་མཚོན་ཡོད། ས་གནས་མི་ཉུང་བ་ཞིག་གིས་རྒྱལ་ནང་གི་ཆེས་སྔོན་ཐོན་གྱི་འགྲེམས་སྟོན་བྱེད་ཐབས་སྤྱད་དེ་སྒྲ་འོད་གློག་དང་། གློག་རྡུལ་དཔེ་དེབ་སོགས་ཚན་རྩལ་མཐོ་བའི་འགྲེམས་སྟོན་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ནས་ལྟད་མོ་བ་རྣམས་དངོས་སུ་ཡུལ་དངོས་སུ་བསྐྱོད་ཐུབ་པར་བྱས་ཡོད། སྤྱི་ལོ2016ལོའི་ཟླ12པར་ཡེ་ཐིང་དྲན་གསོ་ཁང་ནི《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ》གྱི་མིང་ཐོར་ནང་ཚུད་ཡོད།

2 འཛུགས་སྐྲུན་རྒྱ་ཁྱོན།

ཡེ་ཐིང་དྲན་གསོ་ཁང་རྙིང་པ་ནི་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་རིམ་པ་གཉིས་པའི་སློབ་གསོའི་དཔེ་སྟོན་རྟེན་གཞི་ ཡིན་པ་དང་། ཡེ་ཐིང་གི་ཕ་ཡུལ་ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་ཧུའེ་དབྱང་ཆུས་ཏན་ཧྲུའེ་གྲོང་རྡལ་ཡེ་ཐིང་དབུས་རྒྱུད་ལམ་དུ་བཙུགས་ཡོད། སྤྱི་ལོ1986ལོར་ཀྲུང་གུང་ཀྲུང་དབྱང་གི་གཞུང་ལས་ཐིང་དང་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ནས་ཆོག་མཆན་བཀོད་དེ་བཙུགས་པ་ཡིན། 

3 ཡེ་ཐིང་གི་གནས་རྙིང་།

ཀོང་ཏུང་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོབ་ཚན་པ་ཡིན་པ་དང་། ཧུའེ་ཀྲོའུ་གྲོང་ཁྱེར་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཏང་གི་ལོ་རྒྱུས་སློབ་གསོའི་རྟེན་གཞི་ཡིན། བཅིངས་འགྲོལ་བཏང་རྗེས་མི་དམངས་སྲིད་གཞུང་གིས་སྲུང་སྐྱོབ་བྱས། སྤྱི་ལོ1978ལོར་ཧུའེ་དབྱང་རྫོང་གི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གཙོ་བོའི་ཁོངས་སུ་བཅུག སྤྱི་ལོ1980ལོའི་ཟླ7པའི་ཚེས1ཉིན་ཉམས་གསོ་བྱས་པ་བརྒྱུད་དེ་ཡེ་ཐིང་གི་བཞུགས་གནས་དངོས་སུ་སྒོ་ཕྱེ། སྤྱི་ལོ1989ལོའི་ཟླ6པའི་ཚེས26ཉིན། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་ལོ1989ལོའི་ཡིག་ཨང(92)པ་ཁྱབ་བསྒྲགས་བྱས་ཏེ། ཡེ་ཐིང་གི་གནས་རྙིང་པ་དེ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཆོག་མཆན་བཀོད།    སྤྱི་ལོ2001ལོའི་ཟླ9པར་ཧུའེ་དབྱང་གྲོང་ཁྱེར་དུ《ཡེ་ཐིང་གི་བཞུགས་གནས་རྙིང་པ་ཉམས་གསོ་བྱེད་པ》ཞེས་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་མ་ཟད། ཡེ་ཐིང་གི་གནས་རྙིང་ཉམས་གསོ་དང་རྒྱ་བསྐྱེད་གཏོང་བའི་ལས་གྲྭ་སྤེལ་འགོ་བཙུགས། གནས་རྙིང་གི་སྒོ་ཁར་སྨི་གྲུ་བཞི་མ2000ཡོད་པའི་ཡེ་ཐིང་གི་གནས་རྙིང་ཐང་ཆེན་བསྐྲུན་ཡོད། ཐང་ཆེན་གྱི་དབུས་སུ་ཡེ་ཐིང་གི་ཟངས་སྐུ་ཞིག་བཞེངས་ཡོད། སྔོ་འགྱུར་རྒྱ་ཁྱོན་སྨི་གྲུ་བཞི་མ3000ཡོད། སྤྱི་ལོ2003ལོའི་ཟླ9པའི་ཚེས10ཉིན་ཡེ་ཐིང་འཁྲུངས་ནས་ལོ་འཁོར107འགོར་བའི་ཡེ་ཐིང་གི་གནས་རྙིང་པར་སླར་ཡང་སྒོ་འབྱེད་པའི་མཛད་སྒོ་གཟབ་རྒྱས་འཚོགས། 

ཡེ་ཐིང་དྲན་གསོ་ཁང་དང་ཡེ་ཐིང་གི་གནས་རྙིང་སྒོ་ཕྱེ་བ་ནས་བཟུང་ལོ་ལྟར་དམག་མི་དང་། རྨས་སྐྱོན་དམག་མི། སྔོན་གཤེགས་དཔའ་བོའི་ཉེ་མི། དྲག་ཆས་ཉེན་རྟོག་པ་བཅས་མི་ཐེངས་སྟོང་ཕྲག་ཁ་ཤས་ལ་རིན་མེད་ངང་སྣེ་ལེན་ཞུས་པ་མ་ཟད། སྲིད་གཞུང་དང་དྲག་ཆས་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་སྣེ་ལེན་ལས་དོན་དང་དཔུང་སྡེ་སྒྲིག་འཛུགས་བྱས་ནས་ལྟ་སྐོར་སློབ་སྦྱོང་ཡག་པོ་བྱས། དཔེར་ན་སྤྱི་ལོ1996ལོའི་ཟླ11པར་ཧུའེ་ཀྲོའུ་གྲོང་ཁྱེར་མི་དམངས་ཉེན་རྟོག་སློབ་གྲྭ་ནས་མི200ཡིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་སྒོ་བྱང་སྤྲོད་པའི་མཛད་སྒོ་སྤེལ། སྤྱི་ལོ2002ལོའི་ཟླ8པའི་ཚེས1ནས4ཉིན་བར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཚོ་ཐོག་སྦྱོང་བརྡར་དམག་དཔུང་ཞིག་གི་མི1000ལྷག་ཁག་བགོས་ནས་ལྟ་སྐོར་དང་སློབ་སྦྱོང་བྱས། རྒྱལ་ཁབ་ཕྱི་ནང་གི་ལྟ་མཁན་དང་གཞོན་ནུ་ལོ་ཆུང་སློབ་མ་སོགས་མི་ཐེངས་ཁྲི120ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། སྤྱི་ལོ1998ལོར་ཡེ་ཐིང་དྲན་གསོ་ཁང་ལ་ཀོང་ཏུང་ཞིང་ཨུ་དྲིལ་བསྒྲགས་པུའུ་ཡིས་“ཀོང་ཏུང་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི”ཞེས་མིང་བཏགས་པ་དང་། སྤྱི་ལོ2001ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རིམ་པ་གཉིས་པའི་“རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི”ཡི་མཚན་སྙན་སྤྲད། ཧུའེ་ཀྲོའུ་གྲོང་ཁྱེར་གྱིས“ཧུའེ་ཀྲོའུ་གྲོང་ཁྱེར་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”དང“ཏང་གི་ལོ་རྒྱུས་སློབ་གསོའི་རྟེན་གཞི”ཞེས་མིང་བཏགས་ཡོད།

4 བཤམས་སྟོན་ཁང་ལ་ཉར་བའི་རིག་དངོས་རྩ་ཆེན།

ཡེ་ཐིང་གིས་བཀོལ་སྤྱོད་མྱོང་བའི་མིང་བྱང་དང་བཀོད་འདོམས་དཔའ་དམ།

5 ཡེ་ཐིང་།

ཡེ་ཐིང་ནི་ཀྲུང་གོའི་དམག་དོན་པ་གྲགས་ཅན་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གསར་འཛུགས་བྱེད་མཁན་ཀྱང་ཡིན། སྤྱི་ལོ1896ལོར་ཀོང་ཏུང་ཧུའེ་དབྱང་རྫོང་དུ་སྐྱེས་ཤིང་། སྤྱི་ལོ1911ལོར་ལོ15ལ་སོན་པའི་ཡེ་ཐིང་ནི་ཧུའེ་ཀྲོའུ་སྲིད་གཞུང་གི་འབྲིང་རིམ་ཆེད་ལས་སློབ་གྲྭར་སློབ་སྦྱོང་བྱེད་སྐབས། སུན་ཀྲུང་ཧྲན་གྱིས་ཆིང་རྒྱལ་རབས་ཀྱི་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ལེན་བྱས། སྤྱི་ལོ1912ལོར་ཡེ་ཐིང་ཀོང་ཀྲོའུ་ཧོང་ཕུའུ་སྐམ་དམག་སློབ་ཆུང་དུ་རྒྱུགས་འཕྲོད་པ་དང་། རྗེས་སུ་པའོ་ཏིང་དམག་དཔོན་སློབ་གྲྭར་བསྐྱོད། སྤྱི་ལོ1919ལོར། ཡེ་ཐིང་སུན་ཀྲུང་ཧྲན་གྱིས་འགོ་ཁྲིད་གནང་བའི་མི་སེར་དོན་གསུམ་རིང་ལུགས་ཀྱི་གསར་བརྗེར་ཞུགས་ཤིང་། ལོ་དེར་ཀྲུང་གོ་གོ་མིན་ཏང་ལ་ཞུགས། 

ཡེ་ཐིན་སུའུ་ལེན་ནས་ཕྱིར་རྒྱལ་ནང་དུ་ལོག་རྗེས། རྒྱལ་དམངས་གསར་བརྗེའི་དམག་གི་འབུམ་ཤོག་བཞི་བའི་རང་ཚུགས་ཐོན་གྱི་ཐོན་ཀྲང་གི་འགན་བཞེས། ཁོས་ཐོན་དེ་བྱང་འདུལ་གྱི་སྔོན་སྐྱོད་རུ་ཁག་བྱས་ཏེ། སྤུན་ཟླའི་དམག་དཔུང་དང་མཉམ་དུ་མྱུར་དུ་དཔུང་སྐྱོད་བྱས་ཏེ། ཐིང་སི་ཡུའུ་བླངས་པ་དང་། ཧོ་ཧྲེང་ཀྲེན་བཙན་བཟུང་བྱས།

ཅང་ཅེ་ཧྲི་ལ་གསར་བརྗེར་ངོ་ལོག་བྱས་རྗེས། ཡེ་ཐིང་གིས་རང་ཁོངས་དམག་དཔུང་ཁྲིད་དེ་ཀྲུང་གུང་རང་ཚུགས་ཀྱིས་འགོ་ཁྲིད་པའི་དྲག་པོའི་འཐབ་རྩོད་དུ་ཞུགས། སྤྱི་ལོ1927ལོའི་ཟླ8པའི་ཚེས1ཉིན། ཁོང་དང་ཀྲོའུ་ཨེན་ལའེ། ཧོ་ལུང་། ཀྲུའུ་ཏེ། ལིའུ་པོ་ཁྲེང་སོགས་དང་མཉམ་དུ་འཛམ་གླིང་དུ་སྐད་གྲགས་ཆོད་པའི་ནན་ཁྲང་འོས་ལངས་བསླངས། ཡེ་ཐིང་གིས་འོས་ལངས་ཁྲོད་དུ་དགྲ་བོའི་སྤྱི་ཁྱབ་བཀོད་འདོམས་པ་དང་ཅུན་བཅུ་གཅིག་པའི་ཅུན་དཔོན་གྱི་འགན་བཞེས། ལོ་དེའི་ཟླ་12པར། ཡེ་ཐིང་དང་ཀྲང་ཐའེ་ལེ་སོགས་ཀྱིས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཧ་ལས་པའི་ཀོང་ཀྲོའུ་འོས་ལངས་ལ་འགོ་ཁྲིད་བྱས་ཀྱང་ལེགས་འགྲུབ་མ་བྱུང་། ཀོང་ཀྲོའུ་འོས་ལངས་ཕམ་ནས་ཡུན་རིང་མ་འགོར་བར་ཡེ་ཐིང་ཀྲུང་གུང་ཏང་གི་རྩ་འཛུགས་དང་ཁ་བྲལ་ནས་ཕྱི་རྒྱལ་དུ་ལོ་བཅུར་ཡུལ་གྱར་བྱས།

སྤྱི་ལོ1941ལོའི་ཟླ1པར། གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གིས་ཝན་ནན་དུས་འགྱུར་བསླངས་ཤིང་། ཅང་ཅེ་ཧྲིས་ཡེ་ཐིང་ཁྲིམས་འགལ་གྱིས་བཙན་ཉར་བྱས་ཏེ། བཙོན་ཁང་དུ་ལོ་ལྔ་བཙོན་འཇུག་བྱས། 

སྤྱི་ལོ1946ལོའི་ཟླ4པའི་ཚེས8ཉིན། ཡེ་ཐིང་དང་། ཝང་རུའོ་ཧྥེ། ཆིན་པང་ཞན། ཏེང་ཧྥ་སོགས་ཀྱིས་བཀའ་ལྟར་གནམ་གྲུར་བསྡད་ནས་ཁྲུང་ཆིང་ནས་ཡན་ཨན་དུ་འཕུར་སྐབས། ཧྲན་ཞི་ཞིང་ཆེན་ཞིན་རྫོང་གི་ཧེ་ཁྲ་རི་བོར་གནམ་གྲུ་ཆག་སྒོ་བྱུང་སྟེ། ་སྐུ་གཤེགས་སྐབས་དགུང་ལོ་ལྔ་བཅུ་ཡིན། མའོ་ཀྲུའུ་ཞིས“མི་དམངས་ཀྱི་དོན་དུ་ཤི་ན། ཤི་ཡང་གཟི་བརྗིད་ཡིན”ཞེས་ཕྱག་བྲིས་མཛད་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-01

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།