ཧྥུའུ་ཀྲོའུ་མཱ་ཝེ་གྲུ་སྲིད་རིག་གནས་རྗེས་ཤུལ་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུའུ་ཀྲོའུ་མཱ་ཝེ་གྲུ་སྲིད་རིག་གནས་རྗེས་ཤུལ་ཚོགས།
ཧྥུ་ཀྲོའུ་མཱ་ཝེ་གྲུ་སྲིད་རིག་གནས་རྗེས་ཤུལ་ཚོགས་ཀྱིས་བཤམས་སྟོན་ཁང་ལྟེ་བར་བྱས་ཤིང་། ཉེ་རབས་ཀྲུང་གོའི་ཚན་རིག་ལག་རྩལ་དང་རྣམ་པ་གསར་པའི་སློབ་གསོ། བཟོ་ལས་བཟོ་སྐྲུན། རྒྱལ་སྲུང་འཛུགས་སྐྲུན། ནུབ་ཕྱོགས་ཀྱི་གསུང་རབ་རིག་གནས་ཡིག་སྒྱུར་ཁྱབ་སྤེལ། ཤར་ནུབ་རིག་གནས་སོགས་ཀྱི་ཐད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་ལ། དེའི་ཐོག་ནས་ཡར་རྒྱས་བརྩོན་ལེན་དང་ཧུར་བརྩོན་ལས་སྒྲུབ། ཁེངས་སྐྱུང་ངང་སློབ་སྦྱོང་བཅས་བྱེད་པའི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་བཟང་མངོན་ནས་དམིགས་བསལ་གྱི་རིག་གནས་ཤིག་གྲུབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
福州马尾船政文化遗址群
གནས་ཡུལ།
ཧྥུའུ་ཅན་རྨིན་ཅང་གཙང་པོའི་སྨད་རྒྱུད་ཀྱི་ཧའེ་ཁོའུ།
1 ​ལོ་རྒྱུས་འཕེལ་རིམ།

ཀུའུ་ཝེ་ནི་ཧྥུའུ་ཅན་མིན་ཅང་གཙང་པོའི་སྨད་རྒྱུད་དུ་གནས་ཤིང་ཐའེ་ཝན་དང་བར་ཐག་ཉེ་ལ། གནའ་སྔ་མོ་ནས་བཟུང་ཉེ་རབས་སུ་ཚོང་འགྲུལ་འགག་སྒོ་ལྔ་རུ་བཙུགས་ཤིང་། སྤྱི་ལོ1985ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་དང་པོའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ14ཡི་གྲས་སུ་གཏན་འཁེལ་བྱས་ཏེ། སྤྱི་ལོ1866ལོར་ཙའོ་ཙུང་ཐང་དང་ཧྲེན་པའོ་ཀྲེན་གྱིས་འདིར་ཧྥུ་ཀྲུའུ་མཱ་ཝེ་ཁྲོན་རིག་གནས་རྗེས་ཤུལ་འཛུགས་བྱས་ཤིང་། དེ་ནི་ཉེ་རབས་ཀྱི་ཀྲུང་གོས་བཙུགས་པའི་ཆེད་ལས་འཕྲུལ་འཁོར་གྲུ་གཟིངས་བཟོ་གྲྭ་དང་པོ་ལ། དེ་ནས་བཟུང་ཚ་ཚ་འུར་འུར་གྱི་གྲུ་གཟིངས་བཟོ་གྲྭ་དང་སློབ་གཉེར་ཐང་བཅས་བཙུགས་པ་དང་། བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ཡན་ཧྥུ་དང་། ཀྲན་ཐེན་ཡུས། ས་ཀྲེན་པིན། ཏེང་ཧྲི་ཁྲང་སོགས་ཀྱིས་མཚོན་པའི་ཀྲུང་གོའི་ཉེ་རབས་བཟོ་ལས་ལག་རྩལ་མི་སྣ་དང་ཁྱད་དུ་འཕགས་པའི་མཚོ་དམག་གི་དཔོན་དམག་སྐོར་ཞིག་གསོ་སྐྱོང་དང་སྐྱེད་སྲིང་བྱས་པ་དང་། དེ་དང་ཆབས་ཅིག“འཛམ་གླིང་ལ་ལྟ་བ”ཞེས་པ་བཏོན་ཏེ་ནུབ་ཕྱོགས་ཀྱི་སྔོན་ཐོན་ཚན་རྩལ་ནང་འདྲེན་དང་། ཀྲུང་གོ་དང་ནུབ་ཕྱོགས་ཀྱི་རིག་གནས་བརྒྱུད་སྤེལ། ཀྲུང་གོའི་ཉེ་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཅས་བྱས་པས་ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི“འགྱུར་རྡོ་གསོན་པོ”ཞེས་བརྗོད་ཀྱིན་ཡོད། 

2 ངོ་སྤྲོད་མདོར་བསྡུས།

མུ་མཐའ་མེད་པའི་རི་བོ་དང་ཆུ་ཆེན། རྨིན་ཧྲུའེ་ཆུ་བོ་བཅས་ཡོད་ལ། རི་ཀླུང་གི་རྒྱབ་ཏུ་ཕྱོགས་པའི་ཧྥུ་ཀྲོའུ་ཝེ་ཁྲོན་ཀྲེང་རིག་གནས་ཀྱི་འབྱུང་གནས་དང་ཉེ་རབས་མཚོ་དམག་གི་འབྱུང་གནས་ཡིན་ལ། སྤྱི་ལོ1847ལོར་ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱིས་ཧྥུའུ་ཀྲོའུ་ཡི་སྒོ་མོ་ཕྱེས། དུས་རབས་གཅིག་ལྷག་ཙམ་རིང་འཐབ་རྩོད་ཁྲོད་བསམ་གཞིག་དང་འཚོལ་ཞིབ། དོན་གཉེར། འབད་འཐབ་བཅས་བྱེད་ཀྱིན་ཡོད། 

སྤྱི་ལོ1866ལོར་ཧྥུའུ་ཅན་དང་ཀྲེ་ཅང་གི་སྤྱི་ཁྱབ་ཙུའོ་ཙུང་ཐང་གིས་ཧྥུའུ་ཀྲོའུ་རུ་རིག་གནས་རྗེས་ཤུལ་ཚོགས་གསར་དུ་བཙུགས་པ་དང་། ཚ་ཚ་འུར་འུར་གྱི་སྒོ་ནས་གྲུ་གཟིངས་བཟོ་གྲྭ་དང་། དམག་གྲུ་བཟོ་བ། གནམ་གྲུ་བཟོ་བ། སློབ་གྲྭ་འཛུགས་པ། ཤེས་ལྡན་མི་སྣ་སྐྱེད་སྲིང་། སློབ་ཕྲུག་མཁས་པ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་གཏོང་བ་སོགས“རྒྱལ་ཁབ་ཕྱུག་པོའི་དམག་དཔུང་སྟོབས་ལྡན”གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། ཕུལ་དུ་བྱུང་བའི་ཀྲུང་གོའི་ཉེ་རབས་བཟོ་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་དང་མཚོ་དམག་གི་དཔའ་བོ་ཁག་ཅིག་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཏེ། ཁོང་ཚོས་སྔ་རྗེས་སུ་ཉེ་རབས་ཀྱི་ཀྲུང་གོའི་དམག་དོན་དང་རིག་གནས། ཚན་རྩལ། ཕྱི་འབྲེལ། དཔལ་འབྱོར་སོགས་ཁྱབ་ཁོངས་ཁག་ཏུ་འཁྲུག་ཏུ་བཏང་བ་དང་། སྐབས་དེའི་འཛམ་གླིང་སྔོན་ཐོན་རྒྱལ་ཁབ་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་ཀྲུང་གོའི་གྲུ་བཟོ་དང་། གློག་སྒྲོན། གློག་འཕྲིན། ལྕགས་ལམ་འགྲིམ་འགྲུལ། གནམ་གྲུ་བཟོ་སྐྲུན་སོགས་ཉེ་རབས་ཀྱི་བཟོ་ལས་བྱུང་བ་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཞིང་། ཁོ་ཚོས་ནུབ་ཕྱོགས་ཀྱི་སྔོན་ཐོན་ཚན་རྩལ་ནང་འདྲེན་དང་། ཀྲུང་ནུབ་རིག་གནས་ཁྱབ་སྤེལ་བྱས་ནས་ཀྲུང་གོའི་ཉེ་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ཞིང་། ཁོང་ཚོས་སྟོབས་ཆེ་བའི་དགྲ་བོར་ཁ་གཏད་ནས་བདེན་པ་མཐའ་སྐྱེལ་བྱས་ཏེ་གཡུལ་སར་ཁྲག་བཏོན་དམར་འཛིང་དང་གཏོང་ཕོད་ཆེན་པོས་རང་སྲོག་བློས་བཏང་། ལིན་ཙེ་ཞུས་དང་ཡན་ཧྥུ། ཀྲན་ཐེན་ཡུས། ཏེང་ཧྲི་ཁྲང་སོགས་མི་རིགས་ཀྱི་ཕུལ་བྱུང་མི་སྣ་དང་རྒྱལ་གཅེས་སྐྱེས་བུ་དམ་པ་ཚོས་འཛམ་གླིང་ལ་ཧྥུའུ་ཀྲོའུ་བའི་ལ་རྒྱ་དང་བློ་གྲོས། སྟོབས་ཤུགས་བཅས་ཤེས་རྟོགས་བྱེད་དུ་བཅུག

3 མི་སྣ་ངོ་སྤྲོད།
3_1 ཏེང་ཧྲི་ཁྲང་།

ཁོང་ནི་ཉེ་རབས་ལོ་རྒྱུས་སྟེང་རང་རྒྱལ་གྱིས་ཐད་ཀར་སྐྱེད་སྲིང་གནང་བའི་མཚོ་དམག་གི་དམག་དཔོན་གྲས་ཡིན། དགུང་ལོ་གཞོན་པའི་དུས་སུ། ནུབ་ཕྱོགས་བཙན་རྒྱལ་པ་དག་གིས་རང་རྒྱལ་གྱི་མཚོ་ངོས་སུ་དམག་གྲུ་བཏང་ནས་བརྙས་སྨོད་སྣ་ཚོགས་བྱས་པ་གཟིགས་པས། རང་ཉིད་ནམ་ཞིག་གི་ཚེ་ན་མཚོ་དམག་ཅིག་ཏུ་འགྱུར་རྒྱུའི་དམ་བཅའ་སྙིང་ལ་བཀོད། སྤྱི་ལོ1867ལོར། ཁོང་ཉིད་ཧྥུ་ཅན་གྲུ་གཟིངས་སློབ་གྲྭར་ཞུགས་ཏེ་གྲུ་གཟིངས་ཁ་ལོ་པའི་ལག་རྩལ་མཐིལ་དུ་ཕྱིན་པ་བསླབས། སྤྱི་ལོ1888ལོར། པའེ་དབྱང་མཚོ་དམག་ཚུགས་རྗེས། ཁོང་ཉིད་ཀྲི་ཡོན་རྟགས་ཅན་གྱི་གྲུ་དཔོན་དུ་བཞུགས་ཏེ། ནན་ཏན་ཧུར་ཐག་དང་དཔའ་སྤོབས་ཆེར་བསྐྱེད་ཀྱིས་བཀོད་འདོམས་གནང་། 

ཁོང་ནི་ཉེ་རབས་ལོ་རྒྱུས་སྟེང་རང་རྒྱལ་གྱིས་ཐད་ཀར་སྐྱེད་སྲིང་གནང་བའི་མཚོ་དམག་གི་དམག་དཔོན་གྲས་ཡིན། དགུང་ལོ་གཞོན་པའི་དུས་སུ། ནུབ་ཕྱོགས་བཙན་རྒྱལ་པ་དག་གིས་རང་རྒྱལ་གྱི་མཚོ་ངོས་སུ་དམག་གྲུ་བཏང་ནས་བརྙས་སྨོད་སྣ་ཚོགས་བྱས་པ་གཟིགས་པས། རང་ཉིད་ནམ་ཞིག་གི་ཚེ་ན་མཚོ་དམག་ཅིག་ཏུ་འགྱུར་རྒྱུའི་དམ་བཅའ་སྙིང་ལ་བཀོད། སྤྱི་ལོ1867ལོར། ཁོང་ཉིད་ཧྥུ་ཅན་གྲུ་གཟིངས་སློབ་གྲྭར་ཞུགས་ཏེ་གྲུ་གཟིངས་ཁ་ལོ་པའི་ལག་རྩལ་མཐིལ་དུ་ཕྱིན་པ་བསླབས། སྤྱི་ལོ1888ལོར། པའེ་དབྱང་མཚོ་དམག་ཚུགས་རྗེས། ཁོང་ཉིད་ཀྲི་ཡོན་རྟགས་ཅན་གྱི་གྲུ་དཔོན་དུ་བཞུགས་ཏེ། ནན་ཏན་ཧུར་ཐག་དང་དཔའ་སྤོབས་ཆེར་བསྐྱེད་ཀྱིས་བཀོད་འདོམས་གནང་། སྤྱི་ལོ1894ལོའི་ཟླ་དགུ་པའི་ཚེས་བཅུ་བདུན་ཉིན། ཤིང་རྟ་ལོའི་ཀྲུང་འཇར་དམག་འཁྲུག་ལངས་ཏེ། ཀྲུང་གོའི་པའེ་དབྱང་དམག་གྲུ་བཅུ་ཐམ་པས་འཇར་པན་གྱི་སྔོན་ཐོན་དམག་གྲུ་བཅུ་གཉིས་དང་གཡུལ་འཁྲུག་བཤམས། གཡུལ་འགྱེད་ཀྱི་ཁྲོད་དུ། ཀྲུང་གོའི་ཏེན་ཡོན་རྟགས་ཅན་གྱི་དམག་གྲུར་འཇར་པན་གྱི་སྒྱོགས་མདེལ་ཕོག་སྟེ་ནུབ་ལ་ཉེ་བ་ན། ཏེང་ཧྲི་ཁྲང་གིས་ཀྲི་ཡོན་རྟགས་ཅན་དགྲ་ཕྱོགས་སུ་སྒྱོགས་མདེལ་འཕངས་ཏེ་ཏེན་ཡོན་རྟགས་ཅན་སྐྱོབ་རྩིས་བྱས་ཤིང་། མི་འགྱང་བར། ཀྲི་ཡོན་རྟགས་ཅན་དེ་འཇར་པན་གྱི་མཚོ་དམག་གིས་ཕྱོགས་བཞི་ནས་བསྐོར་པ་དང་། གྲུ་གཟིངས་ཀྱི་གང་སར་སྒྱོགས་མདེལ་ཕོག་སྟེ་གཟུགས་པོ་ཡོན་ཅིང་གནས་ཚུལ་ཚབས་ཆེན་དུ་གྱུར་ཏེ། འཇར་པན་གྱིས་ཅི་ཡེ་རྟགས་ཅན་ལ་བརྟེན་ནས་དཔུང་ཤེད་ངོམ་བཞིན་འདུག་པས། གལ་སྲིད་ང་ཚོས་ཅི་ཡེ་རྟགས་ཅན་དེ་མེད་བརླགས་སུ་གཏོང་ཐུབ་ཚེ་དམག་འཁྲུག་ལས་རྒྱལ་ཐུབ་པ་རེད་ཅེས་གསུངས་ཤིང་། དེ་ནས་སྐད་ཤུགས་ཆེན་པོས་དེ་རིང་ང་ཚོ་ཚང་མ་འཆི་བ་ལས་འོས་མེད་མོད། འོན་ཀྱང་མཚོ་དམག་གི་ལ་རྒྱ་ཅིས་ཀྱང་འཆོར་མི་རུང་། ཞེས་བསྒྲགས་ཏེ། ཅི་ཡོན་རྟགས་ཅན་གྱི་ཕྱོགས་སུ་ཁ་ལོ་བསྒྱུར་ཅིང་། དེ་དང་མཉམ་དུ་བརྡབས་པའི་གྲ་སྒྲིག་གང་ལེགས་གནང་། འཇར་དམག་གིས་ཚུལ་དེ་མཐོང་བ་ན་སྔངས་སྐྲག་སྐྱེས་ཏེ་ཕྱོགས་བཞིར་འབྲོ་གྲབས་བྱས་པ་དང་ཆབས་ཅིག་ཏུ། འདི་ཕྱོགས་སུ་བསྟུད་མུར་ཆུ་མདེལ་འཕངས་པ་དང་། ཆུ་མདེལ་གཉིས་པ་དེས་ཀྲི་ཡོན་རྟགས་ཅན་གྱི་རྟིང་འོག་བརྗེས་ཤིང་། དམག་སྤྱི་ཁོང་ཉིད་ཀྱང་རྒྱ་མཚོར་ལྷུང་སྟེ་དམག་མི་ལྷན་རྒྱས་དང་མཉམ་དུ་གཟི་བརྗིད་ངང་སྐུ་གཤེགས་པ་རེད། ཁོང་གིས་རྒྱལ་ཁབ་སྲུང་སྐྱོབ་དང་མི་རིགས་འཕེལ་རྒྱས་ཀྱི་ཆེད་དུ་ཕུལ་བའི་རྣམ་ཤེས་དེ་ལོ་རྒྱུས་ཀྱི་དེབ་ཐེར་ཆེན་པོའི་ནང་དུ་བཀོད་ཡོད་པར་མ་ཟད། ཕྱི་རབས་པ་རྣམས་ཀྱིས་ཀྱང་ཁོང་གི་མཛད་རྗེས་ལ་རྗེས་དྲན་དང་བསྟོད་གླུ་ཕུལ་ཏེ་ཁོང་གི་མཛད་རྗེས་ཇི་སྲིད་བར་དུ་གནས་པའི་དྲན་གསོ་བྱེད་ཀྱིན་ཡོད།

3_2 ཡན་ཧྥུ།

ཁོང་ནི་ཆིང་རྒྱལ་རབས་དུས་མཇུག་ཏུ་བྱོན་པའི་བློ་འབྱེད་བསམ་བློ་སྨྲ་བ་དང་ལོ་ཙཱ་བ་དང་། སློབ་གསོ་བ་བཅས་ཡིན་ཡིན་པར་མ་ཟད། ཀྲུང་གོའི་ཉེ་རབས་ལོ་རྒྱུས་སྟེང་ནུབ་ཕྱོགས་རྒྱལ་ཁབ་དག་ལས་འཕེལ་རྒྱས་ཀྱི་ལམ་བུ་དང་ཚན་རིག་གི་བདེན་ལུགས་འཚོལ་བའི་སྔོན་ཐོན་མི་སྣའི་གྲས་ཡིན།ཁོང་ནི་ཆིང་རྒྱལ་རབས་དུས་མཇུག་ཏུ་བྱོན་པའི་བློ་འབྱེད་བསམ་བློ་སྨྲ་བ་དང་ལོ་ཙཱ་པ་དང་། སློབ་གསོ་བ་བཅས་ཡིན་ཡིན་པར་མ་ཟད། ཀྲུང་གོའི་ཉེ་རབས་ལོ་རྒྱུས་སྟེང་ནུབ་ཕྱོགས་རྒྱལ་ཁབ་དག་ལས་འཕེལ་རྒྱས་ཀྱི་ལམ་བུ་དང་ཚན་རིག་གི་བདེན་ལུགས་འཚོལ་བའི་སྔོན་ཐོན་མི་སྣའི་གྲས་ཀྱང་རེད། ཁོང་ཉིད་སྨན་པའི་ཁྱིམ་རྒྱུད་ཅིག་ཏུ་སྐུ་འཁྲུངས་ཤིང་། 

སྤྱི་ལོ1877ལོར། ཆིང་སྲིད་གཞུང་ནས་དབྱིན་ཇི་རྒྱལ་ཁབ་ཏུ་སློབ་གཉེར་བྱེད་པར་མངགས། དབྱིན་ཇིར་སློབ་གཉེར་གནང་བའི་རིང་དུ། ཁོང་ཉིད་དབྱིན་ཇིའི་སྤྱི་ཚོགས་དང་ཆབ་སྲིད་ལ་སྤྲོ་བ་ཆེན་པོ་སྐྱེས་ཤིང་། འབྱོར་ལྡན་གྲལ་རིམ་གྱི་ཆབ་སྲིད་གཞུང་ལུགས་སྐོར་ལ་ཐོས་བསམ་མི་དམན་པ་གནང་། ལྷག་པར་དུ། ཏ་ཨེར་ཝུན་གྱི་སྐྱེ་དངོས་འཕེལ་འགྱུར་སྨྲ་བར་དང་བ་བླ་ལྷག་འཕེལ། ཕྱིར་མེས་རྒྱལ་དུ་ལོག་རྗེས། ཁོང་གིས་ནུབ་ལུགས་ཤེས་རིག་ལ་སློབ་སྦྱོང་བྱེད་པའི་འབོད་སྐུལ་བཏང་ཐོག དམངས་བྱིངས་ཀྱི་རྨོངས་མུན་སེལ་བའི་བརྩོན་སེམས་བཅངས། ཞོར་དུ། འཕེལ་འགྱུར་སྨྲ་བའི་ལོ་ཙཱ་ཡོངས་སུ་གྲུབ། ཁོང་གི་འགྱུར་ཡིག་དེ་མ་རྩོམ་དང་ཡང་ཆ་མི་མཐུན་ས་མཆིས་ལ། སི་པེན་སའེ་ལགས་ཀྱི་སྤྱི་ཁྱབ་འཕེལ་འགྱུར་སྨྲ་བ་དང་ཡང་གཅིག་མཚུངས་མིན་ཏེ། ཡུལ་བབ་མཐུན་པའི་དྲག་པ་རྣམས། ། འཚོ་བར་གནས་ལ་དེ་མིན་ནུབ། ། ཅེས་པའི་དགོངས་དོན་གཞིར་བཞག་གིས། དམངས་ཤུགས་བསྐྱེད་ཅིང་དམངས་བློ་འབྱེད། ཀུན་སྤྱོད་གསོ་ཞིང་རང་སྟོབས་སྤེལ་བའི་ལྟ་བ་ཁྱབ་སྤེལ་མཛད།ཁོང་གི་འགྱུར་རྩོམ་གྲགས་ཅན་གཞན་ཡང་མཆིས་ཏེ། དེ་དག་གིས་ནུབ་ཕྱོགས་གནའ་དཔེ་རིང་ལུགས་པའི་དཔལ་འབྱོར་རིག་པ་དང་ཆབ་སྲིད་རིག་པ། རང་བྱུང་ཚན་རིག་དང་མཚན་ཉིད་ལྟ་གྲུབ་བཅས་ཆ་ཚང་བའི་སྒོ་ནས་ཀྲུང་གོར་ནང་འདྲེན་མཛད་པ་དང་། ཀྲུང་གོའི་མི་རབས་གཅིག་ལ་བློ་འབྱེད་དང་སློབ་གསོ་མི་དམན་པ་བཏང་བ་རེད། ཁོང་གིས་ལོ་ཙཱའི་གོ་རིམ་ཁྲོད་དུ་ཆེས་ཐོག་མར་དག་གསལ་གཙང་གསུམ་གྱི་རྩ་བའི་བླང་བྱ་བཏོན་ཞིང་། བླང་བྱ་དེ་ནི་དུས་ཕྱིས་ཀྱི་ལོ་ཙཱ་བ་དག་གི་རྩ་བའི་ཚད་གཞི་ལྟ་བུར་གྱུར། ཁོང་གིས་ཕྱི་ལུགས་ལ་སློབ་སྦྱོང་བྱེད་པར་འབོད་སྐུལ་ཆེན་པོ་བཏང་བར་མ་ཟད་ཕྱི་སྒོ་བཀག་བཅད་ཀྱི་བྱེད་ལུགས་ལ་དགག་རྒྱག་ཆེན་པོ་བཏང་བ་དང་། ལྷག་པར་དུ་བུད་མེད་སློབ་གསོ་ལ་གཙིགས་ཆེན་པོ་བྱེད་པ་དང་བུད་མེད་རྣམས་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་རྙིང་བ་ལས་ཐར་དགོས་ཤིང་བསམ་བློ་རྙིང་བ་གཏོར་བཤིག་གཏོང་དགོས་པའི་འབོད་སྐུལ་ཆེན་པོ་སྒྲོགས་པ་རེད། དེ་མིན་ཁོང་གིས་ད་དུང་སྲིད་ལུགས་རྙིང་པ་རྣམས་བཅོས་སྒྱུར་གཏོང་དགོས་པ་དང་བསམ་བློ་གསར་བ་དང་ལྟ་བ་གསར་བ་ནང་འདྲེན་བྱས་ན་ད་གཟོད་རྒྱལ་ཁབ་དང་མི་རིགས་ལ་རེ་བ་ཆེན་པོ་ཡོད་པར་མ་ཟད་འཕེལ་རྒྱས་ཆེན་པོ་འབྱུང་ངེས་ཞེས་པའི་འབོད་སྐུལ་ཆེན་པོ་བཏང་བ་རེད། 

4 མ་ཅང་ཧའེ་དམག་འཁྲུག་དྲན་གསོ་ཁང་།

ཧྲན་ཏུང་གི་ལྷོ་འདབས་སུ་ཀྲུང་ཧྥ་མ་ཅང་ཧའེ་དམག་འཁྲུག་དྲན་གསོ་ཁང་དང་ཀྲུང་གོའི་ཉེ་རབས་ཀྱི་མཚོ་དམག་དངོས་མང་བཤམས་སྟོན་ཁང་ཡོད་ལ། ཆིང་རྒྱལ་རབས་ཀྱི་དུས་མཇུག་གི་སྐབས་སུ། ཕྱི་ལུགས་གཉེར་བའི་ལས་འགུལ་དེ་ཀྲུང་གོར་དར་ཞིང་། ཧྥུའུ་ཅན་དང་ཀྲེ་ཅང་གི་སྤྱི་ཁྱབ་ཙུའོ་ཙུང་ཐང་གིས་གསར་འཛུགས་བྱས་ཏེ། དེ་སྔའི་ཅང་ཞིའི་སྤྱི་ཁྱབ་ཧྲེན་པའོ་ཀྲེན་ནི་བློན་ཆེན་ཐོག་མ་ཡིན། ཀྲུང་གོའི་ཏུན་སྟོང་རིམ་པའི་གྲུ་གཟིངས་ཨང་དང་པོ་(ཝན་ཉན་ཆིན་རྟགས་ཅན)དང་། ཀྲུང་གོའི་ངར་ལྕགས་ཀྱི་དམག་གྲུ་ཨང་དང་པོ(ཕིན་ཡོན་རྟགས་ཅན)དང་།ཀྲུང་གོའི་ཉེ་རབས་ཀྱི་དམག་གྲུ་རུ་ཁག་དང་པོ་བཅས་ཚང་མ་དེའི་དབང་གིས་བཙུགས་ཤིང་། སློབ་གྲྭ་ནི་ཀྲུང་གོའི་ཉེ་རབས་ཀྱི་དམག་དོན་སློབ་གྲྭ་སྔ་ཤོས་ཡིན་ལ། ཡན་ཧྥུ་དང་ཏེང་ཧྲི་ཁྲང་། ཀྲན་ཐེན་ཡིའུ་སོགས་མི་འཇོན་ཐང་ཅན་སྐོར་ཞིག་སྐྱེད་སྲིང་བྱས་ཏེ། ཀྲུང་གོའི་ཉེ་རབས་ཀྱི་མཚོ་དམག་གི་ལྔ་ཆའི་གསུམ་གྱི་དམག་དཔོན་ནི་མ་ཝེ་ནས་ཐོན་པ་རེད། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཡན་ཧྥུ། ཏེང་ཧྲི་ཁྲང་། དམག་འཁྲུག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-26

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།