ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཡིག་ཆ།(ཨང་བཅུ་དྲུག་པ)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཡིག་ཆ།(ཨང་བཅུ་དྲུག་པ)
ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཡིག་ཆ (བཅུ་དྲུག་པ)ནི་མཚོ་སྔོན་ཞིང་ཆེན་གྱི2020ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་སྤྱི་ལོ2021ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ཡིན་ལ། སྤྱི་ལོ2021ལོའི་ཟླ1པོའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་བཏོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青海省人大会议第十三届六次会议文件(16号)
གྲོས་ཚོགས།
མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པ།
སྙན་ཞུ་མཁན།
མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་།
ས་གནས།
མཚོ་སྔོན།
1 ཡིག་ཆའི་ནང་དོན། 

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཡིག་ཆ (བཅུ་དྲུག་པ)ནི་མཚོ་སྔོན་ཞིང་ཆེན་གྱི2020ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་སྤྱི་ལོ2021ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ཡིན་ལ། སྤྱི་ལོ2021ལོའི་ཟླ1པོའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་བཏོན།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་།

འཐུས་མི་རྣམ་པ།

ཞིང་ཆེན་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར། ད་ལྟ་སྤྱི་ལོ2020ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་སྤྱི་ལོ2021ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་གྲོས་ཞིབ་གནང་བར་ཕུལ་བ་དང། སྲིད་གྲོས་ཀྱི་ཨུ་ཡོན་ལྷན་རྒྱས་དང་ཟུར་ཞུགས་ཀྱི་བློ་མཐུན་རྣམ་པས་ཀྱང་བསམ་འཆར་གནང་རོགས་ཞུ།

1_1 གཅིག སྤྱི་ལོ2020ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ།

སྤྱི་ལོ2020ལོར་རྒྱལ་ཕྱི་རྒྱལ་ནང་གི་རྙིག་་འཛིང་སྣོལ་མར་ཆགས་པའི་གནས་བབ་དང་ལྷག་པར་ཏུ་པྲོག་གསར་གློ་ཚད་རིམས་བབ་ཀྱི་རྡེག་ཤུགས་ཆེན་པོར་་གདོད་གཏད་ནས། ཞིང་ཆེན་ཏང་ཨུའི་སྲ་བརྟན་གྱི་མགོ་ཁྲིད་དང་ཞིང་ཆེན་དམངས་ཆེན་གྱི་ལྟ་སྐུལ་མཛུབ་སྟོན་འོག། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་སྒོས་མཛུབ་སྟོན་དུ་བཟུང་བ་དང་། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཞིང་ཆེན་དམངས་ཆེན་གྱི་ཇུས་ཆོད་སོ་སོ་ནན་ཏན་སྒོས་ལག་བསྟར་དང་། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་ལེན་གྱི་བྱ་བ་སྤྱིའི་མདོ་དོན་རྒྱུན་འཁྱོངས་བྱས་ཤིང་། འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་དང། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་གཅིག་འདོམས་ངང་རྒྱབ་སྐྱོར་བྱས་ཏེ། “ཧུར་ཐག་གི་ནོར་སྲིད་སྲིད་ཇུས་སྔར་བས་བརྩོན་སེམས་ལྡན་པའི”བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་། “བརྟན་བརླིང་དྲུག”གི་བྱ་བ་ཏན་ཏིག་ངང་སྒྲུབ་པ་དང“འགན་སྲུང་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ལ། ལོ་ཧྲིལ་བོའི་བྱ་བའི་འགན་འཁྲི་ཁག་ཅུང་བཟང་བའི་སྒོ་ནས་ལེགས་འགྲུབ་བྱུང་ཡོད།

(གཅིག) སྤྱི་ལོ2020ལོའི་སྔོན་རྩིས་གཏོང་ཡོང་གི་གནས་ཚུལ།

1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

(1) ཞིང་ཆེན་ཡོངས་སུ་ལག་བསྟར་བྱས་པའི་གནས་ཚུལ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར298ཡོད་ཅིང། ལོ་སྔོན་མའི་ཡོངས་འགྲུབ་ཚད་དང་བསྡུར་ན5.6%འཕར་བ་རེད། དེའི་ཁར་ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར1446.7ཡོད་པ་དང། སྤྱིར་བཏང་གི་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར373.6ཡོད་པ་དང་། སྔོན་ལོའི་ལྷག་འཕྲོ་རྩིས་ཁོངས་སྤོ་འགོད་བྱས་པ་སྒོར་དུང་ཕྱུར100ཡོད་ཅིང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར100དང། སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་དང་རྒྱལ་དབང་མ་རྩ་བདག་གཉེར་སྔོན་རྩིས་ཀྱི་ཡོང་སྒོ་སོགས་སྒོར་དུང་ཕྱུར40.8ནང་འདྲེན་བྱས་རྗེས། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར2359.1ཡོད་ཅིང། བསྐྱར་དངུལ་སྡུད་པའི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར137.9བཀྲམ་པ་ཕུད་རྗེས། ཞིང་ཆེན་ཡོངས་ཀྱི་དོན་དངོས་ཀྱི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར2221.2ཡོད་ལ། ལོ་སྔོན་མ་ལས་སྒོར་དུང་ཕྱུར143.1ཇེ་མང་དུ་སོང་ཡོད་ཅིང6.9%འཕར་ཡོད།

སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1933.3དང3.7%འཕར་ཡོད་ཅིང། སྔོན་རྩིས་ལག་བསྟར་བྱས་ཚད93.2%ཡིན་ལ། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར139.5བཏང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར137.5བཀོད་སྒྲིག་དང། མ་དངུལ་སྒོར་དུང་ཕྱུར2.2བཀོད་གཏོང་བྱས་ཤིང། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར5.3བཏང། ལོ་རྗེས་མའི་འགྲོ་སྒོའི་རྩིས་ཁོངས་སུ་སྒོར་དུང་ཕྱུར141.3སྤོ་འགོད་བྱས་ཡོད།

(2) ཞིང་ཆེན་རིམ་པར་ལག་བསྟར་བྱས་པའི་གནས་ཚུལ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར32.7དང63.4%མར་ཆག་ཅིང་། དེའི་ཁར་ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར409.2(ཀྲུང་དབྱང་གི་ཁ་གསབ་སྒོར་དུང་ཕྱུར1446.7ནང་ནས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར1037.5ཁ་གསབ་བྱས་པ་ཕུད་ཡོད) ཡོད་པ་དང། སྤྱིར་བཏང་གི་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར274.5(ཞིང་ཆེན་ཡོངས་ལ་སྒོར་དུང་ཕྱུར373.6ནང་ནས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར99.1བུན་སྒྱུར་བྱས་ཡོད)ཡོད་པ་དང། ལོ་སྔོན་མའི་ལྷག་འཕྲོ་རྩིས་ཁོངས་སུ་སྤོ་འགོད་བྱས་པ་སྒོར་དུང་ཕྱུར79.8ཡོད། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར65དང། གོང་སྤྲོད་ཡོང་སྒོ་སྒོར་དུང་ཕྱུར81.7ཡོད། སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་དང་རྒྱལ་དབང་མ་རྩ་བདག་གཉེར་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར9.8ནང་འདྲེན་བྱས་རྗེས། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར952.7ཡོད། བསྐྱར་དངུལ་སྡུད་པའི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར99.6བཀྲམ་པ་ཕུད་རྗེས། དོན་དངོས་ཀྱི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར853.1ཡོད་ལ། ལོ་སྔོན་མ་ལས་སྒོར་དུང་ཕྱུར115.9ཇེ་མང་དུ་སོང་ཞིང15.7%འཕར་ཡོད།

སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར637དང10.1%འཕར་ཡོད་ཅིང། སྔོན་རྩིས་ལག་བསྟར་བྱས་ཚད84.3%ཡིན་ལ། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར99.8བཏང་ཞིང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར90.4བཀོད་སྒྲིག་དང། མ་དངུལ་སྒོར་དུང་ཕྱུར1.4བཀོད་གཏོང་བྱས་ཤིང། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར5.3བཏང། ལོ་རྗེས་མའི་འགྲོ་སྒོའི་རྩིས་ཁོངས་སུ་སྒོར་དུང་ཕྱུར118.8སྤོ་འགོད་བྱས་ཡོད།

2. སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར428.7ཡོད་ལ། དེའི་ནང་དུ་ལོ་དེ་གའི་ཡོང་སྒོ་སྒོར་དུང་ཕྱུར186.9ཡོོད་ཅིང23.7%མར་ཆག ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར62.6(རིམས་འགོག་དམིགས་བསལ་གྱི་རྒྱལ་ཁབ་ཀྱི་བུ་ལོན་སྒོར་དུང་ཕྱུར54འདུས)ཡོད། མ་དངུལ་སྒོར་དུང་ཕྱུར2.3ནང་འདྲེན་བྱས་པ་དང་། ལོ་སྔོན་མའི་རྩིས་ཁོངས་སྤོ་འགོད་བྱས་པ་སྒོར་དུང་ཕྱུར34.7ཡོད་ཅིང། ཆེད་སྤྱོད་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར142.2ཡོད། འགྲོ་སྒོ་སྒོར་དུང་ཕྱུར322.7བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར27.5བཀོད་གཏོང་བྱས་ཤིང། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར24.2བཏང་རྗེས། ལོ་རྗེས་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར54.3ཡོད།

ཞིང་ཆེན་རིམ་པའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར81.3ཡོད། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར17.3ཡོད་ཅིང42.4%མར་ཆག། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར12(ཀྲུང་དབྱང་གི་ཁ་གསབ་སྒོར་དུང་ཕྱུར62.6ནང་ནས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར50.6ཁ་གསབ་བྱས་པ་ཕུད་ཡོད) ཡོད་པ་དང། ལོ་སྔོན་མའི་རྩིས་ཁོངས་སྤོ་འགོད་བྱས་པ་སྒོར་དུང་ཕྱུར18.7ཡོད། ཆེད་སྤྱོད་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར31.9(ཞིང་ཆེན་ཡོངས་ལ་སྒོར་དུང་ཕྱུར142.2ནང་ནས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར110.3བུན་སྒྱུར་བྱས་ཡོད)བཀྲམ་ཞིང། མ་དངུལ་སྒོར་དུང་ཕྱུར1.4ནང་འདྲེན་བྱས་ཡོད། འགྲོ་སྒོ་སྒོར་དུང་ཕྱུར41བཏང་བ་དང། མ་དངུལ་སྒོར་དུང་ཕྱུར9.4བཀོད་གཏོང་བྱས་ཤིང། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར7.3བཏང་བ་དང་། ལོ་རྗེས་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར23.6ཡོད།

3.རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར4.6ཡོད་ལ། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར4.2ཡོད་ཅིང170.2%འཕར་ཞིང། ལོ་སྔོན་མའི་རྩིས་ཁོངས་སྤོ་འགོད་བྱས་པ་སྒོར་དུང་ཕྱུར0.4ཡོད། འགྲོ་སྒོ་སྒོར་དུང་ཕྱུར0.6བཏང་བ་དང། མ་དངུལ་སྒོར་དུང་ཕྱུར3.4བཀོད་གཏོང་བྱས་ཤིང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར0.6ཡོད།

ཞིང་ཆེན་རིམ་པའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར1.5ཡོད་ལ། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར1.2ཡོད་ཅིང11.5%འཕར་ཞིང། ལོ་སྔོན་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པ་སྒོར་དུང་ཕྱུར0.3ཡོད། འགྲོ་སྒོ་སྒོར་དུང་ཕྱུར0.4བཏང་བ་དང། འོག་རིམ་ལ་རོགས་སྐྱོར་ཁ་གསབ་འགྲོ་སྒོ་སྒོར་དུང་ཕྱུར0.3བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར0.4བཀོད་གཏོང་བྱས་ཤིང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར0.4ཡོད།

4.སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར684.2ཡོད་ལ། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར408.4ཡོད་ཅིང11.2%མར་ཆག་ཅིང་། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར275.8ཡོད། འགྲོ་སྒོ་སྒོར་དུང་ཕྱུར399.2བཏང་ལ། ལོ་མཇུག་གི་སྤྱི་སྡོམ་ལྷག་འཕྲོ་སྒོར་དུང་ཕྱུར285ཡོད།

ཞིང་ཆེན་རིམ་པའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར476.2ཡོད་པ་དང་། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར331.4ཡོད་ཅིང14.5%མར་ཆག་ཅིང་། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར144.8ཡོད། འགྲོ་སྒོ་སྒོར་དུང་ཕྱུར347བཏང་ལ། ལོ་མཇུག་གི་སྤྱི་སྡོམ་ལྷག་འཕྲོ་སྒོར་དུང་ཕྱུར129.2ཡོད།

བྱེ་བྲག་གི་གནས་ཚུལ་ནི་མཚོ་སྔོན་ཞིང་ཆེན་གྱི2020ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2021ལོའི་སྔོན་རྩིས་འཆར་ཟིན་ལས་གསལ་བ་དང་། གོང་གི་དོན་ཚན་སོ་སོའི་གཏོང་ཡོང་གི་གཞི་གྲངས་དེར་ནོར་སྲིད་པུའུ་ཡིས་ངེས་རྩིས་ལ་བཀའ་ལན་འབྱོར་རྗེས་འགྱུར་ལྡོག་ཅུང་ཙམ་ཡོད་སྲིད་ལ། སྐབས་དེར་ཞིང་ཆེན་དམངས་ཆེན་ལ་ཁྲིམས་ལྟར་འབྲེལ་ཡོད་དོན་ཚན་དག་གི་སྙན་ཞུ་འབུལ།

གསལ་བཤད་བྱ་དགོས་པའི་གནད་དོན། གཅིག་ནི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་ཉུང་བསྡུ་བྱས་པའི་སྐོར་གྱི་གནས་ཚུལ་ཏེ། ས་གནས་སོ་སོའི་རྩ་འཛུགས་ཡོང་སྒོའི་ཧུར་སེམས་སྐུལ་སྤེལ་བྱ་ཆེད། ཞིང་ཆེན་སྲིད་གཞུང་གིས་སྔར་ལས་གཞི་རྒྱ་ཆེ་བའི་ཁྲལ་འཕྲི་རིན་གཅོག་ལག་བསྟར་བྱས་རྗེས་གྲོང་ཁྱེར་དང་ཁུལ་གྱི་ཡོང་སྒོ་དབྱེ་གཅོད་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་འཆར་གཞི་དཔར་འགྲེམ་བྱས་ཤིང་། སྤྱི་ལོ2020ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། ཞིང་ཆེན་རིམ་པས་སྔོན་གྱི་ས་གནས་སོ་སོའི་མཉམ་སྤྱོད་ཀྱི་ཁྲལ་བསྡུ་ཡོང་སྒོ་ཚང་མ་གྲོང་ཁྱེར་དང་ཁུལ་རྫོང་རིམ་པའི་རྒྱལ་མཛོད་དུ་བཞག་པ་དང། ལོ་མཇུག་ཏུ་རིམ་པ་གཉིས་ཀྱི་ངེས་རྩིས་ལས་ཞིང་ཆེན་རིམ་པའི་ཡོང་སྒོ་གོང་སྤྲོད་བྱེད་རྒྱུ་ཐག་བཅད་ཡོད། ནོར་སྲིད་དཔལ་འབྱོར་འཁོར་སྐྱོད་དུས་ཚིགས་བཞིན་ཇེ་ལེགས་སུ་འགྲོ་བའི་གནས་བབ་འོག སྤྱིའི་སྡོམ་རྩིས་ལས་ཞིང་ཆེན་ཡོངས་ཀྱི་ལོ་མགོའི་སྔོན་རྩིས་ལས་སྒོར་དུང་ཕྱུར1.1ཉུང་བསྡུ་བྱས་པ་དང་། དེའི་ཁྲོད་དུ་ཞིང་ཆེན་རིམ་པས་སྒོར་དུང་ཕྱུར2.5(དངོས་ཡོད་སྒོར་དུང་ཕྱུར32.7ཡོངས་འགྲུབ་བྱས་པའི་སྟེང་། གྲོང་ཁྱེར་དང་ཁུལ་གྱིས་གོང་སྤྲོད་ཡོང་སྒོ་སྒོར་དུང་ཕྱུར59.3བསྣན་རྗེས། ལོ་མགོའི་སྔོན་རྩིས་བཀོད་སྒྲིག་གི་སྒོར་དུང་ཕྱུར94.5ལས་སྒོར་དུང་ཕྱུར2.5ཉུང་བསྡུ་བྱས)ཉུང་བསྡུ་བྱས་ཡོད། གཉིས་ནི་རིམས་འགོག་དམིགས་བསལ་གྱི་རྒྱལ་ཁབ་ཀྱི་བུ་ལོན་དང་དམིགས་བསལ་སྤོ་སྒྱུར་གཏོང་སྤྲོད་བཀོད་སྒྲིག་སྐོར་གྱི་གནས་ཚུལ་ཏེ། 2020ལོར་ནོར་སྲིད་པུའུ་ཡིས་རང་ཞིང་གི་རིམས་འགོག་ལ་དམིགས་བསལ་གྱི་རྒྱལ་ཁབ་ཀྱི་བུ་ལོན་མ་དངུལ་སྒོར་དུང་ཕྱུར54གཤམ་སྤྲོད་བྱས་པ་དང་། རེ་བ་ལྟར་དུ་སྔོན་བཞག་མ་དངུལ་སྒོར་དུང་ཕྱུར10.8(20%ཁག)སྤོ་འགོད་བྱས་ནས་སྤྱི་ལོ2021ལོར་མུ་མཐུད་དུ་བཀོལ་སྤྱོད་བྱེད་དགོས་པ་ཕུད། མ་དངུལ་གཞན་དག་ཡོངས་སུ་གྲོང་ཁྱེར་དང་ཁུལ་རྫོང་རིམ་པར་ཐད་སྤྲོད་བྱས་ཤིང་། གཙོ་གནད་སྤྱི་པའི་འཕྲོད་བསྟེན་མ་ལག་དང་འཚུབ་ཟློག་རྒྱུ་དངོས་འགན་སྲུང་མ་ལག བཙོག་ཆུ་གད་རྙིགས་ཐག་གཅོད་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་རིམས་འགོག་གི་འབྲེལ་ཡོད་འགྲོ་སྒོར་སྤྱད་ཡོད། དམིགས་བསལ་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར16.27ཡོངས་སུ་རྫོང་རིམ་པར་ཐད་སྤྲོད་བྱས་ཡོད་ཅིང་། ཡོང་འཕྲི་འགྲོ་འཕར་དང“འགན་གསུམ”གྱི་ཆད་ལྷག་ཁ་གསབ་ཐད་བཀོལ་ཡོད། གསུམ་ནི་ལོ་འཁོར་གྱི་སྔོན་རྩིས་སྙོམ་སྒྲིག་དོན་འཁྱོལ་སྐོར་གྱི་གནས་ཚུལ་ཏེ། གྲོན་ཆུང་སྒོས་འཚོ་བ་རོལ་བའི་བླང་བྱ་དོན་འཁྱོལ་བྱ་ཆེད། ནོར་སྲིད་པུའུ་ཡི“2020-2021ལོའི་སྔོན་རྩིས་གཏོང་ཡོང་སྙོམ་སྒྲིག་གཅིག་འདོམས་སྒོས་ལེགས་པོར་སྒྲུབ་པ་དང་། ལོ་དེར་སྤྱད་མི་ཚར་བའི་ལས་གཞིའི་མ་དངུལ་དང་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་དེ། ལོ་རྗེས་མར་སྤོ་འགོད་བྱས་ནས་བཀོལ་སྤྱོད་བྱས་ཆོག”ཅེས་པའི་སྐོར་གྱི་གཏན་འཁེལ་གཞིར་བཟུང་ནས། རིམ་པ་སོ་སོའི་ནོར་སྲིད་ཀྱིས་དངོས་ཡོད་དགོས་མཁོ་གཞིར་བཟུང་སྟེ། འགྲོ་སྒོའི་ཚད་འོས་མཚམས་ཀྱིས་བཀོད་སྒྲིག་སྒོས་ལོ་མཇུག་ལ་གློ་རྡེག་ཏུ་སྒོར་མོ་བཀོལ་བ་སྔོན་འགོག་བྱས་ཤིང་། སྔར་བས་ལེགས་པའི་སྒོ་ནས་ལོ་འཁོར་གྱི་སྙོམ་སྒྲིག་མངོན་འགྱུར་བྱས་ཏེ། 2020ལོར་ཞིང་ཆེན་ཡོངས་ཀྱི་ལོ་རྗེས་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པ་ལོ་སྔོན་མ་ལས་སྒོར་དུང་ཕྱུར41.3འཕར་ཡོད། བཞི་ནི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམ་སྤེལ་བཀོལ་སྤྱོད་སྐོར་གྱི་གནས་ཚུལ་ཏེ། 2020ལོར་ཞིང་ཆེན་ཡོངས་སུ་ས་གནས་སྲིད་གཞུང་གི་བུན་འཛིན་སྒོར་དུང་ཕྱུར511.59བཀྲམ་པ་དང་། དེའི་ཁྲོད་དུ་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར369.41(བུན་འཛིན་སྒོར་དུང་ཕྱུར231.56གསར་སྣོན་དང་བསྐྱར་དངུལ་སྡུད་པའི་བུན་འཛིན་སྒོར་དུང་ཕྱུར137.85ཡོད)བཀྲམ་པ་དང་། ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར142.18(བུན་འཛིན་སྒོར་དུང་ཕྱུར133གསར་སྣོན་དང་བསྐྱར་དངུལ་སྡུད་པའི་བུན་འཛིན་སྒོར་དུང་ཕྱུར9.18ཡོད)བཀྲམ་ཡོད། བུན་འཛིན་སྒོར་དུང་ཕྱུར364.56གསར་སྣོན་བྱས་པའི་ཁྲོད་དུ་ཞིང་ཆེན་རིམ་པས་སྒོར་དུང་ཕྱུར206.7བཀོལ་བ་དང་། གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར157.86(ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ཨུའི་ཐེངས་ཉེར་གཅིག་པའི་གྲོས་ཚོགས་ཀྱིས་གྲོས་ཞིབ་བྱས་རྗེས། ཞིང་ཆེན་རིམ་པའི་ལོ་དེའི་ལས་གཞིའི་སྔ་དུས་སོགས་ཀྱི་ཤུགས་རྐྱེན་ལས། འགྲོ་སྒོ་གྲུབ་མི་ཐུབ་པའི་སྤྱིར་བཏང་གི་བུན་འཛིན་ལས་གཞི་སྒོར་དུང་ཕྱུར10.26སྙོམ་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པས་ལས་གཞིའི་གལ་ཆེན་གཞན་དག་གི་འགྲོ་སྒོར་སྒོར་དུང་ཕྱུར3.16བཀོལ་བ་དང་། གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར7.1བུན་སྒྱུར་བྱས་པར་བཀོལ་ཡོད)བུན་སྒྱུར་བྱས་ཡོད། ལོ་དེའི་བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར163.7(ནོར་ཤུགས་སྒོར་དུང་ཕྱུར16.7བཀོད་སྒྲིག་དང་བསྐྱར་དངུལ་སྡུད་པའི་བུན་འཛིན་སྒོར་དུང་ཕྱུར147འགྲེམ་སྤེལ་བྱས་ཡོད)བཏང་བ་དང། བུ་ལོན་གྱི་སྐྱེད་ཀའི་འགྲོ་སྒོ་སྒོར་དུང་ཕྱུར81.2བཏང་ཡོད། 2020ལོའི་ལོ་མཇུག་བར་དུ་ཞིང་ཆེན་ཡོངས་ཀྱི་ས་གནས་སྲིད་གཞུང་གི་ཁྲིམས་བཅད་བུ་ལོན་སྒོར་དུང་ཕྱུར2454.3ལྷག་ཡོད་ལ། བུ་ལོན་ཁུར་ཚད114%ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་བུ་ལོན་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཡོད། ལྔ་ནི2020ལོའི་སྤྱི་ཚོགས་ཉེན་འགོག་ཐེབས་རྩའི་སྔོན་རྩིས་སྙོམ་སྒྲིག་སྐོར་གྱི་གནས་ཚུལ་ཏེ། དུས་རིམ་རང་བཞིན་གྱི་སྤྱི་ཚོགས་ཉེན་འགོག་རིན་འཕྲི་གཅོག་བྱེད་པའི་སྲིད་ཇུས་དོན་འཁྱོལ་དང་། ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་སྲུང་ཐེབས་རྩ་གཏན་འཇགས་འཁོར་སྐྱོད་ལ་ཁག་ཐེག་བྱ་ཆེད། ལོ་སྔོན་མའི་འགྲིལ་གསོག་ལྷག་འཕྲོའི་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། ལོ་མགོའི་སྔོན་རྩིས་བཀོད་སྒྲིག་གི་ཡོང་སྒོ་ལ་བལྟོས་བཅས་ཀྱིས་སྙོམ་སྒྲིག་བྱས་ཤིང་། སྤྱི་ཚོགས་ཉེན་འགོག་རིན་གྱི་སྔོན་རྩིས་ཡོང་སྒོ་དེ་སྒོར་དུང་ཕྱུར272ནས་སྒོར་དུང་ཕྱུར223བར་ཉུང་འཕྲི་བྱས་པ་དང་། ནོར་སྲིད་ཁ་གསབ་སྒོར་དུང་ཕྱུར135ནས་སྒོར་དུང་ཕྱུར165བར་འཕར་སྣོན་བྱས་ཡོད། དེ་དང་མཉམ་དུ། ནོར་སྲིད་པུའུ་ཡིས་ཀྲུང་དབྱང་གི་ལས་ཁུངས་དང་དོན་ལས་སྡེ་ཚན་མཚོ་སྔོན་དུ་སྡོད་པའི་རྒན་གསོའི་ཉེན་འགོག་ཚད་དུས་བརྒལ་གཙང་སེལ་གྱི་སྲིད་ཇུས་བླང་བྱ་གཞིར་བཟུང་ནས། སྤྱི་ཚོགས་ཉེན་འགོག་གླ་ཕོགས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར385ནས་སྒོར་དུང་ཕྱུར395བར་ལ་འཕར་སྣོན་བྱས་ཡོད།

(གཉིས) ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་སྔོན་རྩིས་ཞིབ་བཤེར་གྲོས་ཆོད་དང་ནོར་སྲིད་ཀྱི་བྱ་བ་གཙོ་བོ་དོན་འཁྱོལ་བྱས་པའི་གནས་ཚུལ།

1.མ་དངུལ་གྱི་འགན་སྲུང་ཇེ་དྲག་ཏུ་བཏང་ནས། རིམས་བབ་འགོག་སྡོམ་ལ་མངོན་གསལ་གྱི་གྲུབ་འབྲས་ལེན་པར་རྒྱབ་སྐྱོར་བྱས་པ། རྫིག་རྔམ་ཆེན་པོའི་རིམས་བབ་ལ་གདོང་གཏད་ནས། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་མ་ལག་གིས་བཀའ་ཚོར་བ་ནས་འགུལ་བ་དང་བཀའ་ལ་ཉན་ནས་སྐྱོད་ཅིང། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་གཅིག་གྱུར་བཀོད་འདོམས་ལྟར། འབྲེལ་ཡོད་སྲིད་ཇུས་མགྱོགས་མྱུར་ངང་གཏན་འབེབས་བྱས་ལ། གྲོན་དངུལ་འགན་སྲུང་ལ་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་པ། རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་སྒོས་རྒྱབ་སྐྱོར་བྱས་ཡོད། གྲོན་དངུལ་གྱི་དགོས་མཁོར་ཤུགས་ཡོད་རྒུས་འགན་སྲུང་བྱས་པ། མ་དངུལ་སྤྱོད་དམིགས་སུ་སྤྲོད་པ་ཇེ་མགྱོགས་སུ་བཏང་ཐོག སྡོམ་པས་མ་དངུལ་སྒོར་དུང་ཕྱུར33.6གཤམ་སྤྲོད་བྱས་པ་དང་། གཅིག་འདོམས་སྒོས་རིམས་འགོག་གི་འགྲོ་སྒོའི་ཐད་དུ་བཀོལ་ནས། མི་དམངས་མང་ཚོགས་ཀྱིས་གྲོན་རིན་མེད་པའི་སེམས་ཁུར་ལས་སྨན་པར་མི་སྟོན་མཁན་མེད་པ་ཁག་ཐེག་དང་། ས་ཁུལ་སོ་སོས་མ་དངུལ་གྱི་གནད་དོན་ལས་སྨན་བཅོས་སྐྱོབ་བཅོས་དང་རིམས་བབ་འགོག་སྡོམ་ལ་ཤུགས་རྐྱེན་མེད་པར་ཁག་ཐེག་བྱས་ལ། རིམས་བབ་འགོག་སྡོམ་སྐྱོབ་བཅོས་མ་ལག་དང་འཚུབ་ཟློག་རྒྱུ་དངོས་འགན་སྲུང་མ་ལག་གཙོ་བོའི་འཛུགས་སྐུན་ལ་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། འབྲེལ་ཡོད་སྲིད་ཇུས་ལག་བསྟར་གསལ་ཐག་ཆོད་པར་བྱས་པ། འགོག་སྡོམ་ཡུལ་དངོས་ཀྱི་མི་སྣར་ཕྱོགས་མང་བོ་ནས་བྱམས་སྐྱོང་དང་སྐུལ་མ་བཏང་ནས། ནད་པ་སྐྱོབ་བཅོས་དང་རྒྱུ་དངོས་སྒྲིག་ཆས་ཉོ་སྒྲུབ། རིམས་བབ་འགོག་སྡོམ་ཡུལ་དངོས་ཀྱི་སྨན་བཅོས་མི་སྣ་དང་སྡེ་ཁུལ་གྱི་ལས་སྒྲུབ་པའི་གནས་སྐབས་རང་བཞིན་གྱི་བྱ་བའི་ཁ་གསབ་རོགས་སྐྱོར། ཧོ་པེ་ལ་རོགས་སྐྱོར་དུ་སོང་བའི་སྨན་བཅོས་རུ་ཁག་གི་བྱ་བ་དང་འཚོ་བའི་ཁ་གསབ་རོགས་སྐྱོར། གཙོ་གནད་མི་ཚོགས་ཀྱི་ཉིང་སྐྱུར་ཚད་ལེན་དང་འགོག་སྨན་རྒྱག་པའི་རིན་གྱི་ཁ་གསབ་རོགས་སྐྱོར་སོགས་གྲོན་དངུལ་འགན་སྲུང་སྲིད་ཇུས་གཏན་འབེབས་དོན་འཁྱོལ་བྱས་ཡོད། རྒྱལ་ཡོངས་ནས་རིམས་བབ་འགོག་སྡོམ་གྱི་ཆེད་སྤྱོད་མ་དངུལ་དོ་དམ་བྱེད་ཐབས་ཐོག་མར་བཏོན་པ་དང་། མ་དངུལ་གྱི་གོ་རིམ་ཡོངས་སུ་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཡོད། རྒྱུ་དངོས་འགན་སྲུང་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་བྱས་པ། དམིགས་བསལ་ལས་དོན་དམིགས་བསལ་སྒོས་སྒྲུབ་པ་དང་བྲེལ་མྱུར་ལས་དོན་མགྱོགས་པོར་སྒྲུབ་པའི་རྩ་དོན་ལྟར། མ་དངུལ་གཏོང་སྤྲོད་དང་སྲིད་གཞུང་གི་ཉོ་སྒྲུབ་ཀྱི“ལྗང་མདོག་བརྒྱུད་ལམ”བཏོད་ནས། རིམས་བབ་འགོག་སྡོམ་གྱི་མ་དངུལ་དང་རྒྱུ་དངོས། སྒྲིག་ཆས་ཉོ་སྒྲུབ་བཅས་དུས་ཐོག་ཏུ་ཐོན་པར་འགན་སྲུང་བྱས་ཡོད། ལས་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་ལ་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། ས་ཁུལ་དང་རིམ་པ་བགར་བའི་གནད་འཁེལ་འགོག་སྡོམ་གྱི་བླང་བྱ་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། “བརྟན་རླིང་དྲུག”དང“འགན་སྲུང་དྲུག”གི་བྱ་བའི་བླང་བྱ་དང་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་དང་ལས་གཞི་གལ་ཆེན་གྱི་ལས་འགོ་རྩོམ་པའི་སྲིད་ཇུས་བྱེད་ཐབས་དོན་ཚན27དང་ཁ་གསབ་གཏན་འཁེལ་དོན་ཚན22ལ་དམིགས་ནས། འགན་སྲུང་སྲིད་ཇུས་ཞིབ་ཕྲ་དབྱེ་བགོ་དང་། ཁྲལ་རིན་གཟིགས་སྐྱོང་དང་དངུལ་རྩའི་རོགས་སྐྱོར། ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་རིགས12ཚན་པ38ཅན་གྱི་ནོར་ཁྲལ་རྒྱབ་སྐྱོར་སྲིད་ཇུས་བཏོན་ཐོག ཁེ་ལས“ཁུར་ཡང་ལས་ཞུགས”བྱེད་པར་རོགས་འདེགས་བྱས་ཡོད། སྔོན་སྤྲོད་དང་སྔ་འདོན་སོགས་ཀྱི་རྣམ་པ་སྤྱད་དེ་སྔོན་ལ་སྒོར་དུང་ཕྱུར129གཤམ་སྤྲོད་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལས་གཞི་གལ་ཆེན་དག་གིས་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་ལ་འགན་སྲུང་བྱས་ཤིང་། དཔལ་འབྱོར་གྱི་གཞི་རྩ་བརྟན་འཇགས་བཏང་ཡོད། ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར3གཤམ་སྤྲོད་བྱས་ཤིང་། ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོའི་བྱ་དགའ་དང་དངུལ་བུན་སྐྱེད་གསབ། ཁང་གླ་འཕྲི་གཅོག ཆུ་གློག་རླངས་གསུམ་རིན་གྱི་ཁ་གསབ། རིམས་འགོག་རྒྱུ་དངོས་ཐོན་འཕར་རྒྱ་བསྐྱེད་ཀྱི་བྱ་དགའ་སོགས་ཀྱི་ཐད་ནས་ཁེ་ལས་ཆུང་འབྲིང་གི་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་ལ་རྒྱབ་སྐྱོར་བྱས་ཡོད། ཞིང་ཆེན་རིམ་པའི་ཁེ་ལས་ཆུང་འབྲིང་གི་སྤྱི་ཕན་རང་བཞིན་གྱི་བུན་རྒྱུན་སྲིང་བའི་འཁོར་སྐྱོད་མ་དངུལ་མཛོད་བཙུགས་ནས། ནོར་སྲིད་མ་དངུལ་སྒོར་དུང་ཕྱུར1ནང་འཇོག་བྱས་ནས། ཁེ་ལས་ཆུང་འབྲིང55ལ་བུན་རྒྱུན་སྲིང་བའི་འཁོར་སྐྱོད་ཡོད་མ་དངུལ་སྒོར་དུང་ཕྱུར2ལས་བརྒལ་བ་ཕྱིར་གཏོང་བྱས་ཡོད།

2.གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས། ནོར་སྲིད་ཀྱི་འགན་སྲུང་ནུས་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ཡོད། ཡོང་སྒོ་འཛིན་པ་དང་སྡོམ་འབོར་འཕར་བ་དེ་ནོར་སྲིད་བྱ་བའི་ལས་འགན་གཙོ་བོར་བཟུང་བ་རྒྱུན་འཁྱོངས་བྱས་ཏེ། ནང་དུ་སྦས་ཤུགས་སྔོག་འདོན་བྱེད་པ་གཙིགས་སུ་བཟུང་བའི་ཁར་ཕྱིའི་སྟོབས་ཤུགས་སྤྱོད་པར་འབད་བརྩོན་བྱས་ཡོད། ས་གནས་ཀྱི་ཡོང་སྒོ་རྩ་འཛུགས་ལེགས་པོར་བཟུང་བ། རིམས་བབ་དང་དཔལ་འབྱོར་འཁོར་སྐྱོད། ཁྲལ་རིན་གཉིས་གཅོག་སོགས་ནོར་སྲིད་ཡོང་སྒོ་ལ་ཤུགས་རྐྱེན་ཐེབས་པར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། བསྡུ་ལེན་ལག་བསྟར་སྡེ་ཁག་དང་འབྲེལ་མཐུད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཞིང་། ཡོང་སྒོ་སྔོན་དཔག་དོ་དམ་དང་ཁྲིམས་ལྟར་བསྡུ་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། ནོར་སྲིད་ཡོང་སྒོ་བརྟན་འཇགས་ངང་འཕར་བ་རྒྱུན་འཁྱོངས་བྱས་ཡོད། མ་དངུལ་གཅིག་གྱུར་གྱིས་ནང་འདྲེན་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དང་རྒྱལ་དབང་མ་རྩའི་གཉེར་སྐྱོང་གི་སྔོན་རྩིས་དང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཅིག་འདོམས་སྦྲེལ་མཐུད་དང་ནང་འདྲེན་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་ལས་སྒོར་དུང་ཕྱུར27.5ནང་འདྲེན་བྱས་པ་དང་། རྒྱལ་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ལས་སྒོར་དུང་ཕྱུར3.4ནང་འདྲེན་བྱས་ཡོད། མ་དངུལ་དང་རྒྱུ་ནོར་ཕན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་བ། བསྟུད་མར་ལོ་གཉིས་ཡན་ལ་རྩིས་ཁུངས་སྤོས་པའི་མ་དངུལ་དང་ལས་གཞིའི་ལྷག་འཕྲོ་ཕྱིར་བསྡུ་བྱས་པ་དང་། སྔོན་གྱི་སྤྱོད་སྒོ་ལྟར་བཀོལ་སྤྱོད་བྱེད་དཀའ་བའི་ལས་གཞིའི་མ་དངུལ་སྙོམ་སྒྲིག་བྱས་ནས། ལོ་ཧྲིལ་བོར་སྤྱི་སྡོམ་གསོག་ཚད་མ་དངུལ་སྒོར་དུང་ཕྱུར264.7ཕན་སྒྱུར་བྱས་ཡོད། ཡུན་རིང་བེད་མེད་དུ་བཞག་པ་ཁག་ཅིག་དང་བཀོལ་སྤྱོད་ཀྱི་ཕན་འབྲས་མ་ཐོན་པའི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་དངུལ་འཇོག་ཐེབས་རྩའི་ནོར་སྲིད་ཀྱི་བཏང་བའི་མ་དངུལ་སྒོར་དུང་ཕྱུར13.5ཕྱིར་བསྡུ་བྱས་ཡོད། ཀྲུང་དབྱང་གི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱས་པ། ཀྲུང་དབྱང་གི་སྲིད་ཇུས་གལ་ཆེན་གྱི་གོ་སྐབས་དམ་པོར་བཟུང་ནས། ཕན་ཡོད་རྒྱུ་རྐྱེན་སྔོག་འདོན་གཏིང་ཟབ་བྱས་ཐོག ཞིང་ཆེན་མགོ་ཁྲིད་ཀྱིས་རྒྱལ་ཁབ་པུའུ་ཨུ་ལ་མཇལ་ནས་གྲོས་ཆོད་བྱུང་བའི་དོན་ཚན་ཁག་ལ་རང་འགུལ་ངང་རྗེས་སྙེག་ནས། སྙན་སེང་འབྲེལ་མཐུད་ཤུགས་ཚད་ཆེ་རུ་བཏང་སྟེ། ལོ་ཧྲིལ་བོར་ཀྲུང་དབྱང་གི་རིགས་སྣ་ཚོགས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1509.3བརྩོན་ལེན་བྱས་པ་དང་། ས་གནས་སྲིད་གཞུང་གི་གསར་བསྣན་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར372བརྩོན་ལེན་བྱས་ཡོད། ཁ་གཏད་རོགས་སྐྱོར་སྲིད་ཇུས་མཐུན་སྦྱོར་དོན་འཁྱོལ་བྱས་པ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་འབྲེལ་འདྲིས་དང་འབྲེལ་གཏུག་ཇེ་དྲག་ཏུ་བཏང་ནས། དུས་ཐོག་ཏུ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར17.2མཐུན་སྦྱོར་གཏོང་སྤྲོད་བྱས་ཡོད་པ་དང་། ལྟ་སྐུལ་ཞིབ་བཤེར་སྤེལ་བ་དང་གནད་དོན་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་མ་དངུལ་དོ་དམ་དང་བཀོལ་སྤྱོད་བྱེད་ཐབས་ལ་བཟོ་བཅོས་བརྒྱབ་སྟེ། མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་ཤུགས་ཆེན་པོས་ཇེ་མཐོར་བཏང་ཡོད།

3.སྲིད་ཇུས་ཀྱིས་ཁ་གཏད་འཇལ་ཤུགས་ཆེ་རུ་བཏང་ནས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་སྔར་བས་དགེ་མཚན་ལྡན་པར་བྱས་པ། སྤྱི་ཁོག་དཔལ་འབྱོར་འཁོར་སྐྱོད་ལ་ཞིབ་འཇུག་ཐག་གཅོད་ཀྱི་དབྱེ་ཞིབ་བྱས་ནས། ནོར་སྲིད་སྲིད་ཇུས་ཀྱི“སྡེབ་སྒྲིག་བྱེད་ཐབས”ལེགས་པོར་བརྒྱབ་སྟེ། དཔལ་འབྱོར་མར་ཆག་པ་དང་རིམས་བབ་ཀྱི་ཕོག་ཐུག་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་འཇལ་དགོས། ཁྲལ་རིན་གཉིས་གཅོག་གི་བྱེད་ཤུགས་ཆེ་རུ་བཏང་བ། རྒྱལ་ཁབ་ཀྱི་ལམ་ལུགས་རང་བཞིན་དང་དུས་རིམ་རང་བཞིན་གྱི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་སོ་སོ་ལག་བསྟར་ནན་པོ་བྱས་པའི་རྨང་གཞིའི་ཐོག རང་ཞིང་གི་ཁང་ཁྲལ་དང་གྲོང་རྡལ་གྱི་ས་ཆ་བཀོལ་སྤྱོད་ཀྱི་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་དོན་འཁྱོལ་བྱས་ཤིང་། ལོ་ཧྲིལ་བོར་རིགས་སྣ་ཚོགས་ཀྱི་ཁྲོམ་རའི་བྱེད་པོར་ཁེ་སྤོགས་སྒོར་དུང་ཕྱུར85སྤྲད་པ་དང་། ཁེ་ལས་ཆུང་འབྲིང་གྲས་དང་སྒེར་གཉེར་ཚོང་ཁང་། དཀའ་ངལ་ཡོད་པའི་ཁེ་ལས་ལས་རིགས་ཀྱི་ཁྲལ་གྲོན་ཁུར་བོ་དང་ཚོང་གཉེར་མ་རྩ་གཙོ་གནད་དུ་བཟུང་ནས་ཇེ་ཡང་དུ་བཏང་ཡོད། གྲོན་ཆུང་སྒོས་འཚོ་བ་རོལ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་པ། “གནོན་བསྡུ་སྙོམ་འགོག”བཅས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་སྤྱད་དེ། གྲོན་ཆུང་སྒོས་འཚོ་བ་རོལ་བའི་སྲིད་ཇུས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། ཚོགས་འདུ་དང་། གསོ་སྦྱོང་། གཞུང་དོན་ལམ་གྲོན། གཞུང་དོན་སྣེ་ལེན་རིན་བཅས་ཀྱི་འགྲོ་སྒོ་ད་དུང20%ཉུང་འཕྲི་བྱེད་པ་དང་། བྱ་འགུལ་ཆེ་གྲས་ཀྱི་འགྲོ་སྒོ་ཡང་བསྐྱར40%ཉུང་འཕྲི་བྱས་ཤིང་། གཞུང་དོན་གྱིས་ཕྱི་རྒྱལ(ཁོངས)དུ་འགྲོ་བ་དང་སྤྱིར་བཏང་གི་གཞུང་འཁོར་ཉོ་བའི་སྔོན་རྩིས་སྙོམ་ཐུབ་པ་མཐའ་དག་སྙོམ་པ་དང་། ཚད་གཞིའི་ཁྱབ་ཁོངས་བརྒལ་བའི་མི་སྣའི་འགན་སྲུང་སྲིད་ཇུས་འགོག་ཐུབ་པ་མཐའ་དག་འགོག་དགོས། སྲིད་གཞུང་གི་ནུས་ལྡན་དངུལ་གཏོང་ཇེ་མང་དུ་བཏང་བ། ས་གནས་སྲིད་གཞུང་གི་བུན་འཛིན་དང་ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་། རིམས་འགོག་གི་རྒྱལ་ཁབ་ཀྱི་དམིགས་བསལ་བུ་ལོན་སོགས་ཀྱི་མ་དངུལ་གཅིག་གྱུར་བཀོད་འདོམས་བྱས་ཏེ། ཁྱོན་བསྡོམས་སྒོར་དུང་ཕྱུར546.6གཤམ་སྤྲོད་བྱས་ཤིང་། “གསར་བ་གཉིས་དང་གལ་ཆེན་གཅིག”དང་དེ་བཞིན་འགྲིམ་འགྲུལ་དང་སློབ་གསོ། སྤྱི་པའི་འཕྲོད་བསྟེན། ཞིང་ནགས་ཆུ་བེད། སྐྱེ་ཁམས་ཁོར་སྲུང་གི་རྨང་གཞིའི་སྒྲིག་ཆས་སོགས་ཀྱི་ཁྱབ་ཁོངས་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱས་ཏེ། དངུལ་གཏོང་གིས་བརྟན་འཇགས་ངང་འཕར་བ་དང་ནང་མཁོ་རྒྱ་བསྐྱེད། ཞན་ཆ་གསབ་པ་བཅས་ཀྱི་གནད་འགག་གི་བྱེད་ནུས་ཐོན་པར་བྱས་ཡོད། “འགན་གསུམ”གྱི་མཐའ་ཐིག་ཐ་སྐྱོར་བྱས་པ། ཞིང་ཆེན་རིམ་པའི“འགན་གསུམ”འགྲོ་སྒོའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཤིང་། གཞི་རིམ་གྱི་འགན་སྲུང་འགན་འཁྲི་ལ་ནན་དཀྲི་བཏང་ནས། སྔོན་རྩིས་བཀོད་སྒྲིག་དང་མཛོད་དངུལ་བཀོད་གཏོང་ལེགས་པོར་བསྒྲུབས་ཤིང་། ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་སྐྱོར་སྒོར་དུང་ཕྱུར1037ལ་སླེབས་པ་དང་། དེའི་ཁྲོད་དུ་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར801ལ་སླེབས་ནས། གཞི་རིམ་གྱི “འགན་གསུམ” ལ་འགན་སྲུང་ཅུང་ལེགས་པོ་ཐོབ་ཡོད། ནོར་སྲིད་ཀྱི་མ་དངུལ་ཐད་གཏོང་རྐྱེན་སྲོལ་དོན་འཁྱོལ་བྱས་པ། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས“ལམ་བརྒལ་ནོར་ལྷ”ལེགས་པོར་བྱས་ལ་ཡང“འགན་མེད་ཚོང་དཔོན”མི་བྱེད་པར། རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་སྲུང་དང་དམིགས་བསལ་སྤོ་སྒྱུར་གཏོང་སྤྲོད། དབུལ་སྐྱོར། སློབ་གསོ། འཕྲོད་བསྟེན་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས25ཡི་ཐད་གཏོང་མ་དངུལ་སྒོར་དུང་ཕྱུར270.9ཡོད་པ་དེ། གཟའ་འཁོར་གཅིག་ཙམ་གྱི་དུས་ཚོད་སྤྱད་དེ་གྲོང་ཁྱེར་དང་ཁུལ། རྫོང་རིམ་པར་ཡོངས་སུ་གཤམ་སྤྲོད་བྱས་ཚར་ཞིང་། ལྟ་བཤེར་མ་ལག་བཙུགས་ནས་མ་དངུལ་མགྱོགས་མྱུར་དང་གནད་འཁེལ་ངང་ཐོན་དགོས་སར་ཐོན་པར་སྐུལ་འདེད་བཏང་ནས། གཞི་རིམ་གྱི་ལས་ཞུགས་སྲུང་བ་དང་དམངས་འཚོ་སྲུང་བ། ཁྲོམ་རའི་བྱེད་པོ་སྲུང་བར་འདེགས་ཤུགས་ཆེན་པོ་སྤྲད་ཡོད།

4.གནད་འཁེལ་རུབ་བསྡུ་ངང་ཤུགས་བཏོན་ནས། འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་བ། ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་གནད་འཁེལ་ཇུས་བསྟར་བྱས་ནས། “འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ”ལེགས་པོར་རྒྱག་པར་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད། དབུལ་ཐར་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རྒྱབ་སྐྱོར་བྱས་པར་དམིགས་ནས། ཀྲུང་དབྱང་གི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར36.9ཧུར་ཐག་གིས་བརྩོན་ལེན་བྱས་པའི་རྨང་གཞིའི་ཐོག ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར22.6(ལོ་སྔོན་མ་ལས24%འཕར)དོན་འཁྱོལ་བྱས་ཤིང་། གཙོ་གནད་དབུལ་ནག་ས་ཁུལ་ཏུ་དམིགས་ནས། “འཚེམ་རྒྱག་མིག་འབྱེད”ཀྱི་འགུལ་སྐྱོད་ལག་བསྟར་ལ་རྒྱབ་སྐྱོར་དང་། གྲོང་ཁྱེར་གྱི་དཀའ་ཁག་ཅན་གྱི་ལས་བཟོ་བའི་དཀའ་ལས་དཀའ་ཁག་སེལ་བའི་བྱ་བར་མུ་མཐུད་རྒྱུན་མཐུད་བྱས་ཤིང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་འབུར་ཐོན་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་ལ་སྐུལ་འདེད་བཏང་བར་དམིགས་ནས། སྐྱེ་ཁམས་སྲུང་སྐྱོང་སྔོན་དུ་འགྲོ་བ་རྒྱུན་འཁྱོངས་བྱས་པ་དང་སྒོར་དུང་ཕྱུར64.9གཤམ་སྤྲོད་བྱས་ཏེ། སྐྱེ་ཁམས་ཀྱི་བྱ་དགའི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས། གཙང་གསུམ་མགོ་ཁུངས་ཀྱི་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་འབུད་ཀྱི་ཁ་གསབ་སྟེར་བའི་བྱ་བར་བརྟན་འཇགས་ངང་སྐུལ་འདེད་བཏང་ཞིང་། མཁའ་དབུགས་དང་ཆུ། ས་གཤིན་སྦགས་བཙོག་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་གཅིག་འདོམས་སྐུལ་སྤེལ་བཏང་ནས། མུ་རི་གཏེར་ཁུལ་དང་ཁུ་ནུ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་གཏོགས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་མ་དངུལ་རུབ་བསྡུ་འཆར་གཞི་གཏན་འབེབས་བྱས་ཡོད། སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་ནུས་ལྡན་ངང་སེལ་བར་དམིགས་ནས། ཞིང་ཆེན་ཡོངས་ཀྱི་བུ་ལོན་ཉེན་ཁའི་རིམ་པ་ཆག་པ་ལས་འཕར་མི་ཐུབ་པའི་སྤྱིའི་བླང་བྱ་གཞིར་བཟུང་ནས། དུས་བཀག་བརྡ་བསྒྲགས་དང་སྐོང་འདྲི་སོགས་ལམ་ལུགས་རྒྱུན་འཁྱོངས་བྱས། སྲིད་གཞུང་གི་བུ་ལོན་བཅད་གྲངས་དོ་དམ་ལག་བསྟར་ནན་མོ་བྱས་ནས། ལས་གཞིའི་གནད་སྨིན་ཚད་མཐོ་བ་དང་བུ་ལོན་འཇལ་ནུས་ཤུགས་ཆེ་བ། བུ་ལོན་གྱི་ཉེན་ཁ་ཆུང་བ་བཅས་ཀྱི་ས་ཁུལ་དུ་དངུལ་བུན་བརྒྱུད་སྤྲོད་ཀྱི་ཤུགས་ཚད་ཆེ་རུ་བཏང་ཡོད། ཞིང་ཆེན་ཐད་སྐྱོང་སྡེ་ཁག་གི་གཞུང་སྒྲུབ་དང་ལས་སྒོའི་བཀོལ་ཁང་གི་རྨང་འཛུགས་ལས་གཞིའི་བུ་ལོན་གྱི་ཉེན་ཁ་འགོག་སྡོམ་བྱེད་ཐབས་བཏོན་ནས། མགོ་ཁུངས་ནས་སྲོལ་འགལ་གཏོང་བརྒལ་གྱི་འཛུགས་སྐྲུན་ནུས་ལྡན་ངང་འགོག་སྡོམ་བྱས་ཏེ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་གསར་འཕར་ཉེན་ཁ་གྲུབ་པར་བྱས་ཡོད། མངོན་མེད་བུ་ལོན་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བུ་ལོན་གསོག་ཚད་འོས་འཚམ་གྱིས་སེལ་བ། འཕར་ཚད་བཀག་འགོག་མཐའ་གཅིག་ཏུ་བྱས་ཤིང་། སྒྲིག་གཞི་ཚང་བའི་རྫོང་གི་མངོན་མེད་བུ་ལོན་གྱི་ཉེན་ཁ་སེལ་བའི་ཡང་བསྐྱར་དངུལ་བསྡུའི་བུན་འཛིན་གྲངས་ཚད་བརྩོན་ལེན་ཐུབ་པར་བྱས་ནས། བུ་ལོན་འཇལ་བའི་གནོན་ཤུགས་ནུས་ལྡན་ངང་སེལ་བར་བྱས་ཡོད།

5.གསར་སྐྲུན་གྱི་སྣེ་ཁྲིད་ཇེ་དྲག་ཏུ་བཏང་ནས། དངོས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩ་སྔར་བས་སྲ་བརྟན་དུ་བཏང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ནས། དཔལ་འབྱོར་གསར་སྐྲུན་ནུས་པ་དང་འགྲན་རྩོད་ནུས་པ་ཤུགས་ཡོད་རྒུས་མཐོར་འདེགས་བཏང་ཡོད། ཐོན་ལས་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་བ། མ་དངུལ་སྒོར་དུང་ཕྱུར14.5གཤམ་སྤྲོད་བྱས་ཏེ། ཁེ་ལས་ཀྱིས་དངུལ་གཏོང་སྒྱུར་བཀོད་དང་ལག་རྩལ་གསར་སྐྲུན། ནུས་སྲི་གྲོན་འཕྲི། ཐོན་ནུས་ལྷག་མ་སེལ་བ་བཅས་དང་། དེ་བཞིན་ཞིང་ཆེན་ནང་ཁུལ་གྱི་རྒྱལ་དབང་ཁེ་ལས་གཙོ་གནད་ཅན་བཅོས་སྒྱུར་དཀའ་སྒྲོལ་དང་ཁྲིམས་འཛིན་བསྐྱར་སྒྲིག་སོགས་ལ་རྒྱབ་སྐྱོར་བྱས་ཏེ། སྲོལ་རྒྱུན་གྱི་ཐོན་ལས་གྲུབ་ཚུལ་སྙོམ་སྒྲིག་དང་དམངས་གཉེར་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། ཕྱི་ནང་ཉོ་ཚོང་འཁོར་རྒྱུག་མ་ལག་འཛུགས་པར་རྒྱབ་སྐྱོར་བྱས་པ། མ་དངུལ་སྒོར་དུང་ཕྱུར2.4གཤམ་སྤྲོད་བྱས་ཏེ། ཞབས་ཕྱིའི་ལས་རིགས་གོང་སྤེལ་རིགས་སྒྱུར་དང་། དེ་བཞིན་སྤྱི་ཕན་རང་བཞིན་གྱི་ཁྲོམ་ར་དང་དེང་རབས་འཁོར་རྒྱུག་མ་ལག སྤྱི་པའི་ཞབས་ཕྱིའི་ལས་སྟེགས་སོགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཤིང་། གློག་ཚོང་དབུལ་སྐྱོར་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས41གི་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པ་ཡོངས་སུ་མངོན་འགྱུར་བྱུང་ཡོད། ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག ”ལ་བརྟེན་ནས་གསར་དར་ཁྲོམ་ར་ཤུགས་ཆེན་པོར་རྒྱ་བསྐྱེད་གཏོང་བར་ཧུར་ཐག་གིས་རྒྱབ་སྐྱོར་བྱས་ཤིང་། ཕྱིར་གཏོང་ནང་འདྲེན་གྱི་འཕེལ་རྒྱས་སྦས་ཤུགས་ཡོད་པའི་ཁེ་ལས་ཆུང་འབྲིང་གྲས“ཕྱི་རུ་སྐྱོད་པར”སྐུལ་མ་བཏང་ཡོད། ཞིང་ཕྱུགས་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་བ། སྒོར་དུང་ཕྱུར57གཤམ་སྤྲོད་བྱས་ཏེ། ཞིང་སྡེ་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་དང་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས་ལ། ནོར་ནག་དང་ནས། བོད་ལུག འཕང་འབྲས། ལི་གྲོ་སོགས་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ཐོན་རྫས་ཀྱི་གདང་རིམ་སྤར་བར་རྒྱབ་སྐྱོར་བྱས་ཤིང་། ཐོན་ལས་ཡོངས་ཀྱི་སྦྲེལ་ཐག་གི་དེང་རབས་ཞིང་ལས་ཐོན་ལས་གླིང་དང་ནོར་ནག་ཐོན་ལས་འདུས་ཚོགས། ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་བཅས་གཙོ་གནད་དུ་བསྐྲུན་པ་དང་། རྫས་ལུད་ཞིང་སྨན་ཉུང་འཕྲི་ནུས་འཕར་གྱི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱས་ཡོད། གསར་སྐྲུན་སྒུལ་ཁྲིད་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་པ། བརྟན་འཇགས་ཀྱི་རྒྱབ་སྐྱོར་དང་འགྲན་རྩོད་རང་བཞིན་གྱི་རྒྱབ་སྐྱོར་ཕན་ཚུན་མཐུན་སྦྱོར་ཡོང་བའི་དངུལ་གཏོང་རྐྱེན་སྲོལ་བཙུགས་ཤིང་། ཚན་རྩལ་མ་དངུལ་སྒོར་དུང་ཕྱུར5.7གཤམ་སྤྲོད་བྱས་ཏེ། གཙོ་བོ་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་པར་བཀོལ་བ་དང་། ཚན་རྩལ་གསར་སྐྲུན་གྱི་འདེགས་སྐྱོར་ནུས་ཤུགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། ཚན་རིག་ཞིབ་འཇུག་གི་གྲོན་དངུལ་གྱི་དབང་ཚད་བཅད་གྲངས་ཚད་མཐོ་ས་ཞིག་ནས་ཇེ་ལྷོད་དུ་བཏང་ནས། ཚན་རིག་ཞིབ་འཇུག་མི་སྣའི་གྲུབ་འབྲས་སྒྱུར་བའི་ཁེ་ཕན་མཉམ་སྤྱོད་ཀྱི་བསྡུར་ཚད་མཐོ་རུ་བཏང་ཡོད།

6.འགྲོ་སྒོའི་སྒྲིག་གཞི་ལེགས་སྒྱུར་བྱས་ནས། གཞི་རྩའི་དམངས་འཚོ་འགན་སྲུང་གི་ཆུ་ཚད་བརྟན་འཇགས་ངང་ཇེ་མཐོར་བཏང་བ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་ལེགས་སྒྱུར་ཕན་ཚུན་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ཤིང་། དམངས་འཚོའི་ཁྱབ་ཁོངས་ཀྱི་དངུལ་གཏོང་བསྟུད་མར་ཇེ་ཆེར་བཏང་ནས། སྲིད་གཞུང་གི་ཁས་ལེན་བྱས་པའི་དམངས་འཚོའི་དོན་དངོས་ལས་གྲྭ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཡོད། ལས་ཞུགས་ལས་གཏོད་རྒྱ་བསྐྱེད་པ། མ་དངུལ་སྒོར་དུང་ཕྱུར17.3གཤམ་སྤྲོད་བྱས་ཏེ། མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཙོ་གནད་ཁྱུ་ཚོགས་ཀྱི་ལས་ཞུགས་ཁ་གསབ་རོགས་དངུལ་དོན་འཁྱོལ་བྱས་ཤིང་། ཁེ་ལས་རོགས་སྐྱོར་བྱས་ནས་ལས་རྐང་བརྟན་འཇགས་ཀྱི་ཤུགས་ཚད་ཆེ་རུ་བཏང་ནས། ལས་རིགས་རྩལ་ནུས་མཐོར་འདེགས་ལ་རྒྱབ་སྐྱོར་དང་། ལས་ཞུགས་སྒྲིག་གཞི་རང་བཞིན་གྱི་འགལ་བ་ཤུགས་ཆེན་པོས་སེལ་ཡོད། སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ། མ་དངུལ་སྒོར་དུང་ཕྱུར69.3གཤམ་སྤྲོད་བྱས་ཏེ། དུས་རིམ་སོ་སོའི་སློབ་མའི་རོགས་དངུལ་སྲིད་ཇུས་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་བབ་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། སློབ་སྔོན་སློབ་གསོའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་དང་འགན་བབ་སློབ་གསོའི་ཞན་ཆའི་ཁག་ལེགས་སྒྱུར་དང་ནུས་ཤུགས་མཐོར་འདེགས། མཐོ་འབྲིང་དཀྱུས་མའི་འགག་གཏོར་ལས་གཞི་ལག་བསྟར་བྱས་ཤིང་། ཟི་ལིང་སློབ་ཆེན་གསར་འཛུགས་དང་མཐོ་རིམ་ལས་རིགས་སློབ་གླིང་གི་སྤོ་སྐྲུན་གྱི་སྔ་དུས་བྱ་བ་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་བྱས་ལ། མཚོ་སྔོན་སློབ་ཆེན་གྱི་ཕྱོགས་བསྡུས་ལུས་རྩལ་ལྟེ་གནས་དང་དགེ་འོས་སློབ་ཆེན་གྱི་རྩིས་ཚན་དངོས་སྦྱོང་ཐོག་ཁང་། མི་རིགས་སློབ་ཆེན་གྱི་ལྷོ་རིའི་སློབ་ཁུལ་སོགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཟི་ལིང་སློབ་ཆེན་གྱི་ཁང་ས་ཉོ་བ་དང་བཤིག་སྤོའི་རིན་འདང་ངེས་བཀོད་སྒྲིག་བྱས་ཡོད། སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་ཇེ་མཐོར་བཏང་བ། མ་དངུལ་སྒོར་དུང་ཕྱུར196.1གཤམ་སྤྲོད་བྱས་ཏེ། ཁེ་ལས་དང་ལས་ཁུངས། དོན་ལས་སྡེ་ཚན་གྱི་ལས་འཁྱུར་ངལ་གསོ་མི་སྣ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་དངུལ་གྱི་ཆུ་ཚད་སྙོམ་སྒྲིག་བྱས་ཏེ་ཇེ་མཐོར་བཏང་བ་དང་། ལས་ཁུངས་དང་དོན་ལས་སྡེ་ཚན་གྱི་སྔ་དུས་ཀྱི་རྒན་གསོའི་དངུལ་ཞིབ་རྩིས་རྒྱབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དམའི་འཚོ་བའི་འགན་སྲུང་ཆུ་ཚད་བསྟུད་མར་ཇེ་མཐོར་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དམའི་འགན་སྲུང་ཆུ་ཚད་སོ་སོ་མི་རེ་ལ་ཟླ་རེར་ཆ་སྙོམ་སྒོར640དང་ལོ་རེར་ཆ་སྙོམ་སྒོར4800ཇེ་མཐོར་བཏང་ཡོད། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། མ་དངུལ་སྒོར་དུང་ཕྱུར70.1གཤམ་སྤྲོད་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་གྱི་དངུལ་གཏོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་སྒྱུར་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱི་དོ་མཉམ་ཅན་དང་མ་ལག་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་འགོག་ནོར་སྲིད་ཁ་གསབ་རོགས་དངུལ་ཚད་གཞི་མི་རེར་ཆ་སྙོམ་སྒོར626བར་ཇེ་མཐོར་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ནད་ཆེན་ཉེན་འགོག་ཐོག་མའི་རིན་སྤྲོད་ཚད་སྒོར5000ལ་མར་ཆག་པར་བྱས་ཡོད། གཞི་རྩའི་སྡོད་ཁང་གི་འགན་སྲུང་ཇེ་དྲག་ཏུ་བཏང་བ། མ་དངུལ་སྒོར་དུང་ཕྱུར22.2གཤམ་སྤྲོད་བྱས་ཏེ། གྲོང་རྡལ་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་ཁང་བ་ཁྲི1.1དང་གཞི་ཁུལ་རྙིང་བ་ཕྱོགས་བསྡུས་བཅོས་སྐྱོང་ཁང་བ་ཁྲི5། རོང་འབྲོག་དམངས་སྡོད་ཁུལ་ཆ་རྐྱེན་ལེགས་སྒྱུར་ཁང་ཁྱིམ་ཁྲི3བཅས་ཤུགས་ཆེན་པོས་འགན་སྲུང་བྱས་ཡོད། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱས་པ། མ་དངུལ་སྒོར་དུང་ཕྱུར6.5གཤམ་སྤྲོད་བྱས་ཏེ། “ཚོད་སླེ”དང“འབྲས་ཁུག”གི་འདོན་སྤྲོད་བརྟན་འཇགས་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར2.5གཤམ་སྤྲོད་བྱས་ཏེ། མུའུ་ཁྲི22ཡི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལག་བསྟར་ལ་རྒྱབ་སྐྱོར་བྱས་ནས་འབྲུ་རིགས་ཀྱི་ཐོན་ནུས་བརྟན་འཇགས་བཏང་ཡོད། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་འགན་སྲུང་བྱས་པ། མ་དངུལ་སྒོར་དུང་ཕྱུར30.5གཤམ་སྤྲོད་བྱས་ཏེ། སྲིད་ཁྲིམས་ཁྱབ་ཁོངས་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱས་ཤིང་། “བདེ་འཇགས་མཚོ་སྔོན”འཛུགས་སྐྲུན་དང་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་དང་། གཙོ་གནད་མི་སྣར་ཁེར་བཤེར་རོགས་སྐྱོར་དོ་དམ་ཚོད་འཛིན་དང་སྤྱི་པའི་ཁྲིམས་ལུགས་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་འགུལ་སྐྱོད་ལ་འགན་སྲུང་བྱས་ཡོད།

7.ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ནོར་སྲིད་བཅོས་སྐྱོང་གི་ཆུ་ཚད་མུ་མཐུད་མཐོར་འདེགས་བཏང་བ། ཕྱིར་བཏོན་ཟིན་པའི་བཅོས་སྒྱུར་འཆར་གཞི་དོན་འཁྱོལ་བྱེད་པའི་རྨང་གཞིའི་སྟེང་དུ། ལམ་ལུགས་གསར་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས། བཅོས་སྒྱུར་བྱ་བའི་ཤུགས་ཚད་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ཡོད། ནོར་སྲིད་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ། གཞི་རྒྱ་སྔར་ལས་ཆེ་བའི་ཁྲལ་རིན་གཉིས་གཅོག་ལག་བསྟར་བྱས་རྗེས་ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱི་ཡོང་སྒོ་དབྱེ་གཅོད་བཅོས་སྒྱུར་ཐད་སྙོམ་སྒྲིག་བྱས་ཤིང་། གསར་བསྣན་ཁྲལ་བསྡུ་འཕར་ཚད་སྔར་ལས་གཞི་རིང་ལ་དམིགས་ཡོད། ཞིང་ཆེན་མན་གྱི་སྤྱི་པའི་རིག་གནས་དང་། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་སྲུང་། འཚུབ་ཟློག་རོགས་སྐྱོར་སོགས་ཁྱབ་ཁོངས་དགར་ནས་ནོར་སྲིད་ཀྱི་དོན་དབང་དང་འགྲོ་སྒོའི་འགན་འཁྲི་བཅོས་སྒྱུར་འཆར་གཞི་གཏན་འབེབས་བྱས་ནས་བཏོན་པ་དང་། ས་གནས་ཀྱི་རིམ་པ་སོ་སོའི་ནོར་ཤུགས་དང་དོན་དབང་། འགྲོ་སྒོའི་འགན་འཁྲི་ཕན་ཚུན་མཐུན་པར་སྐུལ་སྤེལ་བཏང་ཡོད། ཞིང་ཆེན་ཡོངས་ཀྱིས་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་བརྟན་འཇགས་ངང་འཕར་བའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཤིང་། ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་གསལ་ཐོའི་དཀར་ཆག་གི་དོ་དམ་ལག་བསྟར་བྱས་ཡོད། སྔོན་རྩིས་དོ་དམ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། སྔོན་རྩིས་སྲ་གཤིས་ཀྱི་ཚོད་འཛིན་གཙིགས་སུ་བཟུང་ནས། བྱ་བའི་ཚད་ཀྱི་སྔོན་རྩིས་ཐབས་རྒྱུན་འཁྱོངས་དང་། སྔོན་རྩིས་ལེགས་སྒྲིག་དང་ཚབ་སྒྲིག་སྔོན་རྩིས་ཞིབ་ཚགས་ཅན། སྔོན་རྩིས་སྙོམ་སྒྲིག་ཆོག་མཆན་ཞུ་བ་བཅས་ཀྱི་དོ་དམ་བྱེད་ཐབས་བཟོ་བཅོས་བྱས་ཡོད། ལས་གཞིའི་མཛོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་གཙིགས་སུ་བཟུང་ནས། ལས་གཞིའི་མཛོད་ཀྱི་དོ་དམ་དང་ལས་གཞིའི་འགྲོ་སྒོ་སྔོན་རྩིས་ཀྱི་དོ་དམ་སོགས་སྒྲིག་སྲོལ་བྱེད་ཐབས་དུས་ཐོག་ཏུ་བཟོ་བཅོས་བྱས་ཡོད། ལས་གཞིའི་འགྲོ་སྒོའི་ཚད་གཞི་མ་ལག་འཛུགས་སྐྲུན་གཙིགས་སུ་བཟུང་ནས། ལས་གཞིའི་འཆར་འགོད་སྒྲིག་ལུགས་དང་བྱ་འགུལ་ཆེ་གྲས། ཆ་འཕྲིན་ཅན་འཁོར་སྐྱོད་དང་སྲུང་སྐྱོང་གི་ལས་གཞིའི་འགྲོ་སྒོའི་ཚད་གཞི་གཏན་འབེབས་བྱས་ཡོད། “སྒྲིག་སྲོལ+ལག་རྩལ”གྱི་དོ་དམ་རྐྱེན་སྲོལ་བསྐྲུན་པ་གཙིགས་སུ་བཟུང་ནས། ཞིང་ཆེན་རིམ་པ་དང་ཟི་ལིང་གྲོང་ཁྱེར་གྱི་སྔོན་རྩིས་དོ་དམ་གཞི་གཅིག་ཅན་འཛུགས་སྐྲུན་ལ་ཏན་ཏིག་ངང་སྐུལ་འདེད་བཏང་ཡོད། ཁྲལ་བསྡུ་སྒྲིག་སྲོལ་བཅོས་སྒྱུར་མགྱོགས་མྱུར་ངང་སྤེལ་བ། མཚོ་སྔོན་ཞིང་ཆེན་གྱི་ཐོན་ཁུངས་ཁྲལ་གྱི་ཁྲལ་ཐོ་ཁྲལ་གྲངས་དང་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་འཆར་གཞི་གཏན་འབེབས་བྱས་ཤིང་། ཐོན་ཁུངས་ཁྲལ་གྱི་ས་གནས་ཁྲིམས་འཛུགས་བྱ་བར་མཉམ་འབྲེལ་སྒོས་ལེགས་འགྲུབ་བྱས་ཡོད། དབང་བོ་སྐྱོན་ཅན་དང་བདག་མེད་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི་བཅས་ཀྱི་སྒེར་གྱི་ཐོབ་ཁྲལ་སྲིད་ཇུས་བྱེད་ཐབས་བཏོན་ནས། གན་ཁྲལ་དང་གྲོང་འཛུགས་ཁྲལ་གྱི་ས་གནས་ཁྲིམས་འཛུགས་ཐད་ཀྱི་ཞིབ་འཇུག་བརྟག་དཔྱད་འགོ་བརྩམས་ཡོད། བཅོས་སྒྱུར་གཞན་དག་ལ་གཅིག་གྱུར་སྐུལ་འདེད་བཏང་བ། རྒྱལ་དབང་མ་རྩ་ཁག་ཅིག་གཅོད་སྒྱུར་བྱས་ཏེ་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་བྱ་བ་རྩ་བའི་ཆ་ནས་ཡོངས་འགྲུབ་བྱས་ཤིང་། རང་ཞིང་གི་ས་གནས་ཀྱི་རྒྱལ་དབང་དངུལ་རྩའི་མ་དངུལ་འདོན་མཁན་གྱི་ལས་འགན་ལག་བརྟན་གཏན་འཁེལ་བཏོན་ནས། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལ་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་སྒྲིག་སྲོལ་སྙན་ཞུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། “མཉམ་འབྲེལ་དྲ་བ+ཚན་ཚན་ཕྲེང་འབྲེལ+གནད་འཁེལ་དབུལ་སྐྱོར་མ་དངུལ་ཚབ་སྒྲུབ་རྩིས་འགོད”རྣམ་པ་བཀོལ་ནས་རྩིས་གཉེར་བཤེར་རྩིས་གསར་སྐྲུན་ལ་སྐུལ་འདེད་བཏང་ཡོད།

8.ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་ནས། མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་བསྟུད་མར་ཇེ་མཐོར་བཏང་བ། སྒྲིག་སྲོལ་འཛུགས་སྐྲུན་དོན་འཁྱོལ་ནན་འཛིན་བྱས་ཤིང་། ནོར་སྲིད་ལྟ་སྐུལ་བྱེད་ཐབས་ཕུན་ཚོགས་རྒྱ་བསྐྱེད་དུ་བཏང་ནས། ནོར་སྲིད་མ་དངུལ་དངོས་གནས་དོ་དམ་བཟང་བ་དང་བཀོལ་སྤྱོད་ལེགས་པར་བྱས་ཡོད། སྔོན་རྩིས་ལས་ཕྱོད་དོ་དམ་ཇེ་དྲག་ཏུ་བཏང་བ། དོན་དག་སྔོན་གྱི་ལས་ཕྱོད་དཔྱད་དཔོག་ལ་སྐུལ་སྤེལ་བཏང་ནས། སྔོན་རྩིས་མ་དངུལ་དབྱེ་བགོའི་ཚན་རིག་རང་བཞིན་མཐོར་འདེགས་བཏང་ཡོད། ཞིང་ཆེན་རིམ་པའི་ལས་ཕྱོད་དམིགས་ཚད་དང་ཚད་གཞིའི་མ་ལག་མཛོད་འཐུས་ཚང་དུ་བཏང་ནས། ལས་ཕྱོད་དམིགས་འབེན་སྒྲིག་བཤེར་སྤུས་ཚད་ཇེ་མཐོར་བཏང་ཡོད། ཞིང་ཆེན་དམངས་ཆེན་ནོར་དོན་ཨུ་ལྷན་ཟབ་ཞུགས་ཀྱིས་དཔྱད་འཇོག་སྙན་ཞུའི་ཕྱོགས་བསྡུས་ཞིབ་བཤེར་རྐྱེན་སྲོལ་འཛུགས་པ་དང་། བྱ་བའི་དཔྱད་འཇོག་གི་ཟབ་ཚད་དང་ནང་སྙིང་ཕུན་ཚོགས་སུ་བཏང་ཡོད། མཛོད་དངུལ་ལྟ་བཤེར་ནན་མོ་བྱས་པ། “གཟའ”ནི་དུས་ཚོད་ཀྱི་ཚིགས་སུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མཛོད་དངུལ་གཞི་རྒྱའི་འགྱུར་བ་དང་ལྷག་གྲངས་འཕར་ཆག་ཚད། ནང་འདྲེན་ཕྱི་འགྲོའི་གྲུབ་ཚུལ་སོགས་ཀྱི་གནས་ཚུལ་ལ་འགུལ་རྣམ་ལྟ་བཤེར་བྱས་ནས། མཛོད་དངུལ་ཚན་རིག་གིས་གནད་འཁེལ་སྒོས་བཀོད་གཏོང་བྱས་ཡོད། ནོར་སྲིད་རྩིས་གཉེར་གྱི་ལྟ་སྐུལ་ཇེ་དྲག་ཏུ་བཏང་བ། རྩིས་གཉེར་གྱི་སྤུས་ཚད་དང་དབུལ་ཐར་འགག་གཏོར། རིམས་བབ་འགོག་སྡོམ་བཅས་ཀྱི་ནོར་ཁྲལ་སྲིད་ཇུས་ཀྱི་ལག་བསྟར་གྲུབ་འབྲས་ལ་ལྟ་སྐུལ་ཞིབ་བཤེར་དང་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ“གཱ་གཅིག་ཀུན་འཐུས”བཅོས་སྐྱོང་གི་བྱ་བ་ཏན་ཏིག་གིས་སྤེལ་ནས། ནོར་ཁྲལ་ཁྲིམས་སྲོལ་དང་ནོར་སྲིད་ཀྱི་སྲིད་ཇུས་གལ་ཆེན་དོན་ཐོག་ཏུ་སྨིན་པར་སྐུལ་འདེད་བཏང་ཡོད། དཔྱད་བཤེར་ཤུགས་ཚད་ཆེ་རུ་བཏང་བ། སྔོན་རྩིས་ངེས་རྩིས་ཀྱི་ལས་གཞིའི་དཔྱད་བཤེར་བྱ་བ་ཧུར་ཐག་གིས་སྤེལ་ནས། ལས་གཞི་དཔྱད་བཤེར1493ཡོངས་འགྲུབ་དང་། འོས་འཚམ་མིན་པའི་དངུལ་གཏོང་སྒོར་དུང་ཕྱུར6.85བཤེར་འཕྲི་བྱས་ཡོད། ཆེད་དོན་བཤེར་ཞིབ63ཡོངས་འགྲུབ་བྱས་ཤིང་མ་དངུལ་སྒོར་དུང་ཕྱུར298.56ལ་ཁྱབ་ཡོད། སྲིད་གཞུང་གི་ཉོ་སྒྲུབ་དོ་དམ་འཐུས་ཚང་དུ་བཏང་བ། སྲིད་གཞུང་གི་ཉོ་སྒྲུབ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཀྱི་སྤྱིའི་བླང་བྱར་དམིགས་ནས། ཉོ་སྒྲུབ་ཡིག་ཆ་བཟོ་འགོད་དང་གློག་རྡུལ་ཚོང་སྟེགས་དོ་དམ། དབུལ་ཐར་འགག་གཏོར་ལ་རྒྱབ་སྐྱོར་སོགས་ཀྱི་སྒྲིག་སྲོལ་བྱེད་ཐབས་གཏན་འབེབས་དང་འཐུས་ཚང་དུ་བཏང་ནས། སྲིད་གཞུང་གི་ཉོ་སྒྲུབ་ཀྱི་ཕན་འབྲས་མཐོར་འདེགས་ལ་སྐུལ་འདེད་བཏང་ཡོད།

ལོ་ལྔའི་རིང་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ལངས་ཕྱོགས་གསལ་བོར་ཆབ་སྲིད་གླེང་བ་དང་། “སྲིད”ཀྱིས“ནོར”ཁྲིད་པ་རྒྱུན་འཁྱོངས་བྱས་ཤིང་། ནོར་སྲིད་བྱ་བའི་ཁ་ཕྱོགས་ཡང་དག་པར་དམིགས་ལ། ནོར་སྲིད་ཀྱི་འགན་ནུས་ལས་འགན་ལག་བསྟར་དང། གསར་སྐྲུན་རང་བཞིན་གྱི་བྱ་བ་བསྒྲུབས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ནོར་སྲིད་ཀྱི་སྟོབས་ཤུགས་བྱས་རྗེས་སུ་ཕུལ་ཡོད། གཅིག་ནི་ནོར་སྲིད་ཀྱི་ཕྱོགས་བསྡུས་དངོས་ཤུགས་སྐས་རིམ་གསར་བར་བསྙེགས་པ། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་རྒྱུན་རྣམ་ཅན་དུ་སོང་བ་དང་གཞི་རྒྱ་ཆེ་བའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལག་བསྟར་བྱེད་པ། ད་དུང“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”ནོར་སྲིད་གཏོང་ཡོང་གི་གཞི་གྲངས་མཐོ་བའི་གནས་ཚུལ་འོག་ཏུ། སྤྱིའི་ནོར་ཤུགས་དང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ། ཀྲུང་དབྱང་གི་སྤོ་སྒྱུར་གཏོང་སྤྲོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་ཡོང་བསྟུད་མར་ཇེ་མཐོར་སོང་བས། ལོ་ལྔའི་རིང་བསྡོམས་པས་སྒོར་དུང་ཕྱུར9455དང་སྒོར་དུང་ཕྱུར1338། སྒོར་དུང་ཕྱུར8209། སྒོར་དུང་ཕྱུར8500བཅས་མངོན་འགྱུར་བྱས་པས། “ལོ་ལྔའི་འཆར་འགོད་བཅུ་གཉིས་པ”ལས་སོ་སོར35.2%དང23.8%དང40.8%དང36.7%བཅས་འཕར་ནས། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་བདེ་ཐང་གིས་འཕེལ་རྒྱས་འགྲོ་བར་སྲ་བརྟན་གྱི་དངོས་པོའི་རྨང་གཞི་འདོན་སྤྲོད་བྱས་ཡོད། གཉིས་ནི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལ་གྲུབ་འབྲས་གསར་བ་བླངས་པ། ཆབ་སྲིད་ཀྱི་རྩིས་དང་རྒྱང་རིང་གི་རྩིས་རྒྱག་པ་རྒྱུན་འཁྱོངས་བྱས་ཏེ། སྦ་གསང་ཅི་ཡང་མེད་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲལ་ལུགས་སྲིད་ཇུས་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་དུ། རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པ་ལྟར“རྩེ་གྲའི”འབྲེལ་ཡོད་ཁྲལ་རིན་ཕབ་གཅོག་གི་སྲིད་ཇུས་བྱེད་ཐབས་བཏོན་པ་དང་། ལོ་ལྔའི་རིང་ལ་བསྡོམས་པས་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར430ཡན་བྱས་ཤིང་། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དང་གསར་སྐྲུན་གསོན་ཤུགས་སྐུལ་སྤེལ། སྡོད་དམངས་ཀྱི་འཛད་སྤྱོད་སྐུལ་སློང་། ལས་ཞུགས་རྒྱ་བསྐྱེད་སོག་ཀྱི་ཐད་དུ་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཡོད། གསུམ་ནི“འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ”ལ་རོགས་འདེགས་བྱས་ཏེ་གྲུབ་འབྲས་གསར་བ་བླངས་པ། ཞིང་ཆེན་རིམ་པའི་ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་ལོའི་འཕར་ཚད20%ཡི་གཏོང་འཇོག་འགན་སྲུང་རྐྱེན་སྲོལ་བཙུགས་པ་དང་། ཞིང་ཆེན་ཡོངས་ཀྱིས“བལྟོས་མེད་དབུལ་ཕོངས”མི་གྲངས་གཙང་སེལ་ལས་འགན་སྔོན་ལ་འགྲུབ་པར་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། སྐྱེ་ཁམས་ཁོར་སྲུང་ཁྱབ་ཁོངས་ཀྱི་གཏོང་སྒོ་བསྟུད་མར་ཇེ་མང་དུ་བཏང་ནས། སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་གལ་ཆེན་ལག་བསྟར་ལ་རྒྱབ་སྐྱོར་བྱས་ཤིང་། སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མའི་འགོག་སྲུང་དམག་འཐབ་ལ་རྒྱལ་ཁ་ལེན་པར་སྐུལ་འདེད་བཏང་ཡོད། འཕེལ་རྒྱས་སྐུལ་བ་དང་ཉེན་ཁ་འགོག་པ་མཉམ་འདེགས་རྒྱུན་འཁྱོངས་བྱས་ཤིང་། ལོ་ལྔའི་རིང་ལ་བུན་འཛིན་སྒོར་དུང་ཕྱུར1331གསར་བསྣན་དང་། དངུལ་བསྐྱར་བསྡུ་དང་བུན་འཛིན་བརྗེ་གསོར་སྒོར་དུང་ཕྱུར1079.8བྱས་ནས། གཙོ་གནད་ལས་གཞིའི་མ་དངུལ་གྱི་དགོས་མཁོ་དང་བུན་འཛིན་གྱི་མ་འཇལ་གནོན་ཤུགས་ནུས་ལྡན་ངང་ཁ་གསབ་དང་སེལ་བར་བྱས་ཡོད། ཉེན་ཁ་འགོག་སྡོམ་ལ་ཚད་མཐོའི་གཙིགས་ཆེན་བྱས་ནས། བུ་ལོན་བསྐྱི་བཀོལ་འཇལ་གཉེར་འཛིན་བཅས་ཀྱི་བར་ཚིགས་ཡོངས་སུ་ཁེབས་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་ནས། མངོན་མེད་བུ་ལོན་བརྟན་འཇགས་ངང་སེལ་བ་དང་། མ་ལག་རང་བཞིན་དང་ཁྱབ་ཁོངས་རང་བཞིན་གྱི་ནོར་སྲིད་ཉེན་ཁ་མི་འབྱུང་བའི་མཐའ་ཐིག་བརྟན་སྲུང་བྱས་ཡོད། བཞི་ནི་དམངས་འཚོ་འགན་སྲུང་གི་གཏོང་སྒོར་སྲ་བརྟན་གསར་བ་བྱུང་བ། ནོར་སྲིད་ཇི་འདྲའི་དཀའ་ཁག་ཆེ་ནའང་། དམངས་འཚོའི་གཏོང་སྒོ་འཕར་བ་ལས་མི་ཆག་ཅིང་། དམངས་འཚོའི་དོན་དངོས་ལས་གྲྭ་ནན་དཀྲི་ངང་སྐུལ་འདེད་བྱས་ཏེ། མང་ཚོགས་ཀྱི་བྲེལ་འཚུབ་དང་དཀའ་ཁག དགོས་ངེས་ཀྱི་དོན་དག་བཅས་མུ་མཐུད་ཤུགས་བཏོན་ནས་ཐག་གཅོད་བྱས་ལ། གཟིགས་སྐྱོང་རང་བཞིན་དང་རྨང་གཞིའི་རང་བཞིན། མཐར་སྐྱོར་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་སྔར་བས་གཙིགས་སུ་བཟུང་སྟེ། དམངས་འཚོ་ཁྱབ་ཁོངས་ཀྱི་འགན་སྲུང་ཆུ་ཚད་མུ་མཐུད་ཇེ་མཐོར་བཏང་བ་དང་། དམངས་འཚོའི་གཏོང་སྒོ་ཡིས་ནོར་སྲིད་ཀྱི་འགྲོ་སྒོའི་བསྡུར་ཚར་ནམ་ཡང75%ཡན་ཟིན་པར་རྒྱུན་འཁྱོངས་བྱས་ཤིང། 2020ལོར་སྒོར་དུང་ཕྱུར1633.7ལ་བསླེབས་པ་དང་། 2015ལོ་དང་བསྡུར་ན་སྒོར་དུང་ཕྱུར387ཇེ་མང་དུ་སོང་ཡོད། ལྔ་ནི་གཞི་རིམ་གྱི་ནོར་ཤུགས་ཆུ་ཚད་རིམ་མཐོ་གསར་བར་སླེབས་པ། ནོར་ཤུགས་གཤམ་སྤྲོད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་ཀྱི་ཟིན་ཚད་བརྟན་འཇགས་ངང་ཇེ་མཐོར་བཏང་བ་དང་། ཀྲུང་དབྱང་གིས་རང་ཞིང་ལ་ཁ་གསབ་རོགས་སྐྱོར་སྤོ་སྒྱུར་གཏོང་སྤྲོད་བྱས་པའི70%ཡན་གྲོང་ཁྱེར་དང་ཁུལ་ལ་གཤམ་སྤྲོད་བྱས་ཤིང། 2020ལོར་གཞི་རིམ་ནོར་ཤུགས་སྒོར་དུང་ཕྱུར1300ཐོལ་བརྒལ་བྱུང་ལ། དེའི་ནང་དུ་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་ཚད80%ཡན་ཟིན་པ་ལས། གཞི་རིམ་ནོར་སྲིད་ཀྱི་གཅིག་འདོམས་འགན་སྲུང་ནུས་ཤུགས་མངོན་གསལ་གྱི་ཇེ་དྲག་ཏུ་སོང་ཡོད། དྲུག་ནི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྐུལ་འདེད་ལས་བྱས་རྗེས་གསར་བ་བླངས་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གི་ཞབས་ཕྱིའི་འགན་སྲུང་ལ་དམིགས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་གཏོང་སྒོ་བསྟུད་མར་རྒྱུན་མཐུད་བྱས་ཏེ། འགྲིམ་འགྲུལ་དང་ཆུ་བེད། སློབ་གསོ། སྐྱེ་ཁམས། སྤྱི་པའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་གཞིའི་མ་དངུལ་གྱི་དགོས་མཁོ་ནུས་ལྡན་ངང་འགན་སྲུང་བྱས་ཤིང་། ཤར་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་དང་མཛེས་པའི་གྲོང་རྡལ། མཛེས་པའི་གྲོང་གསེབ་སོགས་གཙོ་གནད་ལས་གཞིའི་ལག་བསྟར་ལ་སྐུལ་འདེད་བཏང་ནས། སྤྱི་པའི་ཞབས་ཕྱིའི་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་སྒྱུར་བྱས་ཡོད། བདུན་ནི་ནོར་སྲིད་ལམ་ལུགས་བཅོས་སྒྱུར་མངོན་འགྱུར་ལ་ཐོད་བརྒལ་གསར་བ་བྱུང་བ། སྔ་རྗེས་སུ་ཞིང་ཆེན་མན་གྱི་ནོར་སྲིད་ལམ་ལུགས་སྙོམ་སྒྲིག་དང་འཐུས་ཚང་དུ་ཐེངས་གཉིས་ལ་བྱས་ཤིང་། ཁྲལ་བསྡུ་འཕར་བ་དང་ཀྲུང་དབྱང་གི་སྤོ་སྒྱུར་གཏོང་སྤྲོད་མུ་མཐུད་གཤམ་སྤོ་བྱས་ཏེ། གཞི་རིམ་གྱི་མི་རེའི་ཆ་སྙོམ་ནོར་ཤུགས་ཆུ་ཚད་ལོ་རེ་བཞིན་ཇེ་མཐོར་སོང་ཡོད། ཞིང་ཆེན་མན་གྱི་གཞི་རྩའི་སྤྱི་པའི་ཞབས་ཕྱི་སོགས་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་དབང་དང་འགྲོ་སྒོའི་འགན་འཁྲི་དབྱེ་བགོའི་བཅོས་སྒྱུར་འཆར་གཞི་བསྟུད་མར་བཏོན་ཡོད། རབས་གསར་བའི་སྔོན་རྩིས་དོ་དམ་བཅོས་སྒྱུར་ལག་བསྟར་བྱས་ཏེ། ལོ་མགོའི་སྔོན་རྩིས་ཐོན་ཚད་དང་ལས་གཞིའི་མཛོད་འཛུགས་སྐྲུན། མ་དངུལ་ལྷག་པ་སོགས་ཀྱི་འབུར་ཐོན་གནད་དོན་ལ་ནུས་ལྡན་གྱི་གཏོར་སེལ་བྱུང་ནས། སྔོན་རྩིས་ལས་ཕྱོད་དོ་དམ་ཆུ་ཚད་སྔར་བས་མཐོར་འདེགས་བྱུང་ཡོད།

གྲུབ་འབྲས་ཐོབ་དཀའ་ཞིང་ཉམས་མྱོང་ཁ་གསབ་རིན་ཐང་ལྡན། གྲུབ་འབྲས་འདི་དག་ཐོབ་པ་ནི། ཞིང་ཆེན་ཏང་ཨུའི་སྤྱི་ཡོངས་ཀྱི་བཀོད་འདོམས་དང་ཡང་དག་པའི་དབུ་ཁྲིད་ཀྱི་གྲུབ་འབྲས་ཡིན་ལ། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་དང་འཐུས་མི་ཨུ་ཡོན་དག་གིས་ལྟ་སྐུལ་མཛུབ་སྟོན་དང་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པའི་མཇུག་འབྲས་ཡིན་ཞིང་། ཡང་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་འབད་བརྩོན་ལས་བྱུང་བའི་འབྲས་བུའང་ཡིན། དེ་དང་མཉམ་དུ། ང་ཚོས་ཀྱང་གསལ་བོར་ངེས་ཡོད་པ་ནི། མིག་སྔའི་ནོར་སྲིད་འཁོར་སྐྱོད་དང་སྔོན་རྩིས་དོ་དམ་གྱི་བྱ་བར་སྔར་བཞིན་དཀའ་ཁག་དང་གནད་དོན་གསར་བ་ཁག་ཅིག་ཡོད་ལ། གཙོ་བོ་ནི། ནོར་སྲིད་ཀྱི་ཡོང་སྒོ་འཕར་ཚད་དལ་བ་དང་། སྲ་གཤིས་དང་གཙོ་གནད་འགྲོ་སྒོའི་དགོས་མཁོ་འཕར་བ་ལས་མི་ཆག་པ། སྤྱི་ཚོགས་འགན་སྲུང་ཐེབས་རྩ་འཁོར་སྐྱོད་ཀྱི་ཉེན་ཁ་རིམ་བཞིན་མངོན་གསལ་དུ་གྱུར་ཞིང་། ས་ཁུལ་ཁག་ཅིག་གི་བུན་འཇལ་གནོན་ཤུགས་ཇེ་ཆེར་སོང་བས། ནོར་སྲིད་ཀྱི་གཏོང་ཡོང་གི་འགལ་བ་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད། སྔོན་རྩིས་ཀྱི་ཚད་གཞི་མ་ལག་འཛུགས་སྐྲུན་ད་དུང་འཐུས་ཚང་མིན་པར། ས་ཁུལ་དང་སྡེ་ཁག་ཁག་ཅིག་གིས་གྲོན་ཆུང་སྒོས་འཚོ་བ་རོལ་བའི་བླང་བྱ་དོན་འཁྱོལ་ཐད་སྔར་བཞིན“ཆད་ལྷག”ཡོད་ཅིང་། ལས་ཕྱོད་དཔྱད་འཇོག་གི་མཇུག་འབྲས་བཀོལ་སྤྱོད་རྐྱེན་སྲོལ་ལ་ད་སྔ་ནུས་ལྡན་གྱི་དོན་འཁྱོལ་བྱུང་ཐུབ་མེད། ཁྱབ་ཁོངས་ཁག་ཅིག་གི་འགྲོ་སྒོའི་སྒྲིག་གཞི་སྲ་འགྱུར་དང་རེངས་པོར་གྱུར་ལ། སྔ་དུས་ཀྱི་བྱ་བ་ཏན་ཏིག་མིན་པས“མ་དངུལ་གྱིས་ལས་གཞི་ལ་སྒུག་པའི”རྣམ་པ་བྱུང་ཞིང་། མ་དངུལ་མི་འདང་བ་དང་མ་དངུལ་ལྷག་གསོག་གི་འགལ་བ་མཉམ་གནས་བྱས་ཡོད། རིམ་པ་སོ་སོའི་ནོར་སྲིད་ལས་བྱེད་པ་གནས་བབ་གསར་བ་ལས་འགན་གསར་བ་བླང་བྱ་གསར་བར་འཚམ་པའི་ནུས་ཤུགས་མི་འདང་བ་དང་། ནོར་གཉེར་དོ་དམ་གྱི་ཆུ་ཚད་ད་དུང་ཇེ་མཐོར་གཏོང་དགོས་འདུག དེར་བརྟེན། ང་ཚོས་ཚད་མཐོན་པོས་གཙིགས་སུ་བཟུང་ནས། དོན་དང་ལྡན་པའི་བྱེད་ཐབས་སྤྱད་ནས་སྔར་ལས་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱ་རྒྱུ།

1_2 གཉིས། སྤྱི་ལོ2021ལོའི་ཞིང་ཆེན་ཡོངས་དང་ཞིང་ཆེན་རིམ་པའི་སྔོན་རྩིས་སྐོར་གྱི་འཆར་ཟིན།

སྤྱི་ལོ2021ལོ་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་དུ་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལྡན་པའི་ལོ་གཅིག་ཡིན་ཞིང་། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”ལག་བསྟར་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་བ་མགོ་རྩོམ་པའི་ལོ་དང་པོའང་ཡིན། སྤྱི་ལོ2021ལོའི་སྔོན་རྩིས་ལེགས་པོར་བཟོ་བ་དང་ནོར་སྲིད་བྱ་བ་སྣ་སོ་སོ་ལེགས་པོར་བསྒྲུབ་པར། དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཡིན།

(གཅིག) སྤྱི་ལོ2021ལོའི་ནོར་སྲིད་ཀྱི་གནས་བབ་དབྱེ་ཞིབ།

སྤྱི་ལོ2021ལོར་རང་རྒྱལ་གྱི་གོང་སྤེལ་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཏུ་གནས་ཡོད་པར་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སྒྱུར་ཡོད་ལ། དཔལ་འབྱོར་རྒྱུན་རིང་ལེགས་ཅིང་འཕེལ་རྒྱས་སྲ་བརྟན་ངར་ཤུགས་ལྡན་ལ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་ལྡན་པས། ཕྱོགས་མང་བོའི་ལེགས་ཆ་དང་ཆ་རྐྱེན་འཛོམས་ཡོད། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤྱིའི་རྣམ་པར་འགྱུར་བྱུང་མེད་ཅིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བཏང་ནས། རྒྱལ་ནང་གི་རེས་འཁོར་ཆེན་པོ་དང་རྒྱལ་ནང་རྒྱལ་སྤྱིའི་རེས་འཁོར་ཟུང་གི་ཟབ་སར་ཞུགས་ནས། དེངས་རབས་ཅན་འཛུགས་སྐྲུན་ལ་སྟོབས་ཤུགས་གསོག་པའི་དུས་རིམ་ཡིན་ལ། འཕེལ་རྒྱས་ཀྱི་གོ་སྐབས་གསར་བར་འཕྲད་ཡོད། དེ་དང་མཉམ་དུ། དེང་སྐབས་ཀྱི་འཛམ་གླིང་ནི་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་འཕྲད་བཞིན་ཡོད་ཅིང་། རང་རྒྱལ་གོང་སྤེལ་གྱི་ནང་གི་ཆ་རྐྱེན་དང་ཕྱིའི་ཁོར་ཡུག་ལ་རྙོག་འཛིང་གི་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པས། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་གཏོང་ཡོང་གི་འགལ་བ་སྔར་བས་འབུར་དུ་ཐོན་པ་དང་། གདོད་གཏོད་པའི་འགྲན་སློང་སྔར་བས་ཆེ་བས། ནོར་སྲིད་འཁོར་སྐྱོད་ཐོག་མཐའ་བར་གསུམ་དུ་དོ་སྙོམ་འཚུབ་པའི་རྣམ་པར་གནས་ཡོད།

ནོར་སྲིད་ཀྱི་ཡོང་སྒོ་ལས་བལྟས་ན། དོན་དང་ལྡན་པའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་བྱེད་པའི་ལས་འགན་དང་པོ་ཡིན་པའི་ཆ་ནས། སྤྱི་ལོ2021ལོར་རྒྱལ་ཁབ་ཀྱིས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ད་དུང་མུ་མཐུད་འཐུས་ཚང་དུ་གཏང་བ་དང་། ཉེ་བའི་ལོ་ཤས་རིང་ལ་རིམ་པ་སོ་སོས་ཐོན་ཁུངས་རྒྱུ་ནོར་གསོག་ཚད་ཤུགས་ཆེན་པོས་གསོན་སྒྱུར་བྱས་ཤིང་། གྲངས་འབོར་ཆེ་བའི་ཐེངས་གཅིག་རང་བཞིན་གྱི་ཡོང་སྒོ་བྱུང་བ་དང་། ཐོན་འཕར་ཡོང་སྒོ་སྔོག་འདོན་གྱི་བར་སྟོང་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཡོད། རང་ཞིང་གི་ལས་རིགས་དང་ཁེ་ལས་སླར་གསོ་ད་དུང་དོ་མཉམ་མིན་ལ། གཙོ་གནད་ཁེ་ལས་ཁག་ཅིག་གི་ཐོན་སྐྱེར་གཉེར་སྐྱོང་དཀའ་ཁག་ལ་འཕྲད་ཅིང་། རྡོ་སྣུམ་སོགས་བཟོ་ལས་ཐོན་རྫས་ཀྱི་རིན་གོང་བསྟུད་མར་ཇེ་དམའ་རུ་སོང་བས། ནོར་སྲིད་ཡོང་སྒོ་འཕར་བ་སྔོན་དཔག་བྱས་ན་ཅུང་དཀག་ཁག་ཡོད། དེ་དང་མཉམ་དུ། སྤྱི་ལོ2021ལོར་རྒྱལ་ཡོངས་ཀྱི་ཆད་གྲངས་ཚད་ཅུང་ཙམ་མར་སྙོམ་པ་དང་། དེའི་སྟེང་རིམས་འགོག་གི་དམིགས་བསལ་གྱི་རྒྱལ་ཁབ་ཀྱི་བུ་ལོན་སོགས་ཐེངས་གཅིག་རང་བཞིན་ཅན་གྱི་བྱེད་ཐབས་ཕྱིར་འབུད་བྱས་པས། ཀྲུང་དབྱང་གིས་ས་གནས་ལས་སྤོ་སྒྱུར་གཏོང་སྤྲོད་ཀྱི་འཕར་ཚད་ཅུང་དོག་པར་འགྱུར་ངེས། དེ་ལས་གཞན། ཀྲུང་དབྱང་གིས་སྤོ་སྒྱུར་གཏོང་སྤྲོད་ཀྱི་དབྱེ་བགོ་དེ་ལས་ཚད་ལྡན་དང་དྭངས་གསལ་དུ་གྱུར་ཅིང་། རྒྱུ་རྐྱེན་ཐབས་ཀྱི་ཚད་ལེན་དང་འགྲན་རྩོད་རང་བཞིན་གྱི་དབྱེ་བགོ་དེ་ལས་མང་བ་སྤྱད་དགོས་ཤིང་། རང་ཞིང་གི་དཔལ་འབྱོར་སྤྱི་འབོར་དང་སྤྱིའི་མི་གྲངས། ནོར་སྲིད་ཀྱིས་གསོ་བའི་མི་གྲངས་སོགས་རྒྱུ་རྐྱེན་དག་བལྟོས་བཅས་ཀྱིས་ལེགས་ཆ་མི་འདུག ཀྲུང་དབྱང་གི་ཁ་གསབ་བརྩོན་ལེན་བྱེད་པའི་དཀའ་ཚད་ཀྱང་དེ་བས་ཇེ་ཆེར་འགྱུར་བཞིན་ཡོད།

ནོར་སྲིད་ཀྱི་འགྲོ་སྒོ་ལས་བལྟས་ན། ནོར་ཤུགས་འཕར་ཚད་ཚད་ཡོད་ཀྱི་གནས་ཚུལ་འོག་ཏུ། སྲ་གཤིས་འགྲོ་སྒོ་དང་གཙོ་གནད་ལས་གཞིའི་དགོས་མཁོ་ཆེ་ལ། “བརྟན་བརླིང་དྲུག”གི་བྱ་བ་ལེགས་པོར་བསྒྲུབ་པ་དང“འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ། “འགན་གསུམ”གྱི་མཐའ་ཐིག་ཐ་སྐྱོར་བཅས་ཀྱི་དགོས་མཁོར་རྒྱབ་སྐྱོར་བྱས་ནས་ནོར་ཤུགས་ཐོན་ཁུངས་རིགས་སྣ་ཚོགས་གཅིག་འདོམས་སྒོས་ལེགས་པོར་དགོས་ཤིང་། སྤྱི་ཚོགས་འགན་སྲུང་ཐེབས་རྩ་ཐ་སྐྱོར་དང་བུ་ལོན་མ་འཇལ་སྐྱེད་སྤྲོད། མངོན་མེད་བུ་ལོན་སེལ་བ་སོགས་ཀྱི་སྲ་གཤིས་འགྲོ་སྒོ་ཇེ་མང་ནས་ཇེ་མང་དུ་གྱུར་ལ། ཉེན་ཁ་སེལ་བ་དང་སྔོན་འགོག་གི་ལས་འགན་ལྗིད་ཅིང་། ཟི་ལིང་ནས་ཁྲིན་ཏུ་བར་གྱི་ལྕགས་ལམ་དང་ཟི་ལིང་གནམ་གྲུ་ཐང་གི་སྐབས་གསུམ་པ་སོགས་གཙོ་གནད་ལས་གཞི་ཁག་ཅིག་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས་ལ། ཚན་རྩལ་གསར་སྐྲུན་དང་ལྗང་མདོག་གོང་སྤེལ། འབྲུ་རིགས་ཐོན་སྐྱེད། གྲོང་གསེབ་དར་སྤེལ། མངའ་ཁོངས་གོང་སྤེལ། སྤྱི་ཚོགས་བཅོས་སྐྱོང་སོགས་ཐད་དུ་ད་དུང་ཞན་ཆ་མི་ཉུང་བ་ཞིག་ལ་ནོར་སྲིད་ཀྱི་ཁ་གསབ་མཁོ་བས། གཏོང་ཡོང་གི་འགལ་བ་དེ་སྔར་བས་འབུར་ཐོན་རེད།

(གཉིས) སྤྱི་ལོ2021ལོའི་སྔོན་རྩིས་སྒྲིག་བཟོའི་མཛུབ་སྟོན་བསམ་བློ།

སྤྱི་ལོ2020ལོའི་སྔོན་རྩིས་སྒྲིག་བཟོའི་མཛུབ་སྟོན་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་གསུམ་པ་བཞི་བ་ལྔ་བ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་བའི་དགོངས་དོན་འཁྱོལ་གཏིང་ཟབ་བྱེད་པ། ནོར་སྲིད་ཀྱི་འགྲོ་སྒོའི་སྒྲིག་གཞིའི་ཤུགས་ཚད་ལེགས་སྒྱུར་ཆེ་རུ་བཏང་ཞིང་། གྲོན་ཆུང་སྒོས་འཚོ་བ་རོལ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། གཞི་རིམ་གྱི“འགན་གསུམ”མཐའ་ཐིག་ཐ་སྐྱོར་མཐའ་གཅིག་ཏུ་བྱས་ཤིང་། ནོར་སྲིད་མ་དངུལ་གྱི་ཐོན་ཁུངས་གཅིག་གྱུར་བཀོད་སྒྲིག་ཇེ་དྲག་ཏུ་བཏང་ནས། འགྲོ་སྒོའི་ཚད་གཞི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྔོན་རྩིས་ཚད་བཀག་དང་ལས་ཕྱོད་དོ་དམ་ལ་ཤུགས་བསྣན་ནས། ནོར་སྲིད་ཀྱི་གཏོང་ཡོང་ལས་ཆོད་ཇེ་མཐོར་བཏང་ཡོད། ཞིང་ཆེན་མན་གྱི་ནོར་སྲིད་དོན་དབང་དང་འགྲོ་སྒོའི་འགན་འཁྲི་དབྱེ་བགོ་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། སྔོན་རྩིས་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་གཏིབ་ཟབ་དང་། ཀྲུང་དབྱང་གི་ཁྲལ་ལུགས་བཅོས་སྒྱུར་གྱི་གོམ་སྟབས་དམ་པོར་བསྙེག་ནས། དེང་རབས་ནོར་ཁྲལ་ལམ་ལུགས་མགྱོགས་མྱུར་ངང་བསྐྲུན་དགོས། ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་ཇེ་དྲག་ཏུ་བཏང་ནས། སྲིད་གཞུང་གི་མངོན་མེད་བུ་ལོན་སེལ་བ་དམ་འཛིན་དང་། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་བདེ་ཐང་གོང་སྤེལ་འགྲོ་བར་སྐུལ་འདེད་བཏང་ནས། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་ལེའུ་གསར་བའི་འགྱུར་མེད་ཀྱི་ནོར་སྲིད་འགན་སྲུང་འདོན་སྤྲོད་བྱས་ཤིང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་བ”མགོ་ལེགས་པོ་རྩོམ་པར་ཁག་ཐེག་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ།

གོང་གི་མཛུབ་སྟོན་བསམ་བློ་ལྟར། ང་ཚོས“རྩ་བ་ཚུགས་པར་རྨང་གཞི་བརྟན་དགོས་ལ། སྒྲིག་ལམ་སྲུང་ནས་གསར་སྐྲུན་བྱེད་དགོས”པའི་བླང་བྱར་བརྩི་འཇོག་བྱས་ཏེ། “ཇེ་དྲག་བཞི”དང“རྒྱུན་འཁྱོངས་བཞི” “འཐུས་ཚང་བཞི”བཅས་ཕྱོགས3ནས་སྤྱི་ལོ2021ལོའི་གཏོང་ཡོང་སྔོན་རྩིས་ཀྱི་སྒྲིག་བཟོ་དང་དོ་དམ་གྱི་གཞི་རྩའི་རྩ་དོན་བཏོན་པ་འདི་ལྟར།

“ཇེ་དྲག་བཞི”ནི། ཆབ་སྲིད་འདུ་ཤེས་ཇེ་དྲག་སྟེ། ཆབ་སྲིད་ཀྱིས་ནོར་སྲིད་གཅིག་འདོམས་དང་ནོར་སྲིད་ཀྱིས་ཆབ་སྲིད་ལ་རོགས་འདེགས་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྦ་གསང་ཅི་ཡང་མེད་པར་དོན་འཁྱོལ་བྱེད་པ་དེ་ནོར་སྲིད་སྲིད་ཇུས་གཏན་འབེབས་དང་སྔོན་རྩིས་མ་དངུལ་བཀོད་སྒྲིག་གི་ལས་འགན་དང་པོར་བཞག་ནས་མ་དངུལ་འགན་སྲུང་གི་ནུས་ཤུགས་མཐོར་འདེགས་གཏང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་དྲག་སྟེ། ཞིང་ཆེན་ཡོངས་བསམ་ཇུས་གཅིག་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་བར་གྱི་གཞི་རྩའི་སྤྱིི་པའི་ཞབས་ཕྱིའི་ཆུ་ཚད་ཀྱི་བར་ཁྱད་མགྱོགས་མྱུར་ངང་ཇེ་ཆུང་དུ་གཏང་དགོས་ལ། གཞི་རིམ་གྱི“འགན་གསུམ”འགྲོ་སྒོ་འགན་སྲུང་ལེགས་པོ་བྱེད་པར་རྒྱབ་སྐྱོར་བྱ་དགོས། མཐའ་ཐིག་གི་བསམ་གཞིགས་ཇེ་དྲག་སྟེ། སྒྲིག་གཞི་སྙོམ་པ་དང་ཉེན་ཁ་སྔོན་འགོག་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། འགྲོ་སྒོའི་ཚད་གཞི་དང་ཚད་འདེགས་འགྱུར་ཚད་ལ་འོས་འཚམ་གྱིས་དཔྱད་དཔོག་དང་འོས་འཚམ་གྱིས་ཚོད་འཛིན་བྱས་ཏེ། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ལ་སྔར་ལས་གཙིགས་ཆེན་བྱ་དགོས། གཅིག་འདོམས་ནུས་ཤུགས་ཇེ་དྲག་སྟེ། དེང་སྐབས་དང་མ་འོངས། འཕར་ཚད་དང་གསོག་ཚད། མ་དངུལ་དང་ཐེབས་རྩ། ནོར་ཤུགས་དང་བུན་འཛིན། ཐོན་ཁུངས་དང་རྒྱུ་ནོར་བཅས་ལ་གཅིག་གྱུར་བཀོད་འདོམས་བྱས་ཏེ། སྤུས་ཚད་སྔར་ལས་མཐོ་བ་དང་ལས་ཕྱོད་སྔར་ལས་ལྡན་པ། བརྟན་འཇགས་སྔར་ལས་ཡིན་པའི་ནོར་ཤུགས་གྱི་འདེགས་སྐྱོར་ལེགས་པོར་བསྒྲུབ་དགོས།

“རྒྱུན་འཁྱོངས་བཞི”ནི། ཡོང་སྒོའི་སྔོན་དཔག་རང་བཞིན་རྒྱུན་འཁྱོངས་སྟེ། དངོས་ཐོག་བདེན་འཚོལ་དང་ཧུར་བརྩོན་བརྟན་ཚུགས། ཚན་རིག་སྔོན་དཔག་བཅས་ཐུབ་པར་བྱས་ཏེ། སྤྱི་ཚོགས་དཔལ་འབྱོར་གོང་སྤེལ་དང་ཕན་ཚུན་འཚམ་པ་གཙིགས་སུ་འཛིན་དགོས་ཤིང་། དོན་དང་ལྡན་པའི་ནོར་སྲིད་སྲིད་ཇུས་ལ་སྦྲེལ་མཐུད་བྱ་དགོས། འགྲོ་སྒོའི་ཚད་བཀག་རང་བཞིན་རྒྱུན་འཁྱོངས་སྟེ། ཡོང་སྒོ་ལས་འགྲོ་སྒོ་གཏན་འཁེལ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག གཙོ་གནད་འབུར་ཐོན། འགན་སྲུང་ཡོད་ལ་ཚོད་འཛིན་ཡོད་པ་བཅས་བསྒྲུབ་ཐུབ་པར་བྱས་ཏེ། རྨང་གཞི་མེད་པའི་སྔོན་རྩིས་འདུ་ཤེས་ལས་འགྲོ་སྒོ་བཀོད་སྒྲིག་བྱེད་པ་དང་། སྔོན་ལ“འགན་གསུམ”གྱི་འགྲོ་སྒོ་བཀོད་སྒྲིག་བྱེད་དགོས་ཤིང་། གྲོན་ཆུང་སྒོས་འཚོ་བ་རོལ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། སྔོན་རྩིས་འཕར་བ་ལས་མི་འཕྲི་བའི་སྒྲིག་གཞི་མཐའ་གཅིག་ཏུ་གཏོར་ནས། སྔོན་རྩིས་ཀྱི་སྲ་གཤིས་ཚོད་འཛིན་སྲུང་སྐྱོང་བྱ་དགོས། སྔོན་རྩིས་ཚད་ལྡན་ཅན་རྒྱུན་འཁྱོངས་སྟེ། སྔོན་རྩིས་ཀྱི་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་ནི་སྣེ་ཁྲིད་བྱས་ཏེ། སྔོན་རྩིས་སྒྲིག་བཟོའི་བྱ་བ་ཚད་ལྡན་ངང་སྤེལ་ནས། ལོ་མགོའི་སྔོན་རྩིས་ཀྱི་དོན་འཁྱོལ་ཚད་ཇེ་མཐོར་གཏང་དགོས། དོ་དམ་གཞི་གཅིག་ཅན་རྒྱུན་འཁྱོངས་སྟེ། སྔོན་རྩིས་ཀྱི་དོ་དམ་གཞི་གཅིག་ཅན་གྱི་མ་ལག་དང་ནོར་སྲིད་ཐད་གཏོང་མ་དངུལ་གྱི་ལྟ་བཤེར་མ་ལག་ནི་འདེགས་སྐྱོར་བྱས་ཏེ། རིམ་བཞིན་ཐད་གཏོང་མ་དངུལ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་ནས། སྦྲེལ་ཐག་ཡོངས་ཀྱི་ལྟ་བཤེར་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏང་དགོས།

“འཐུས་ཚང་བཞི”ནི། ལས་གཞིའི་ཚད་ལྡན་མ་ལག་འཐུས་ཚང་སྟེ། ལས་གཞི་ནི་སྔོན་རྩིས་དོ་དམ་གྱི་རྩ་བའི་སྡེ་ཚན་དུ་བཟུང་སྟེ། ཆེད་སྤྱོད་མ་དངུལ་གྱི་ཞིབ་ཐོ་དོ་དམ་ལག་བསྟར་བྱས་དང། འགུལ་རྣམ་སྙོམ་སྒྲིག་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། ལས་གཞིའི་སྔོན་རྩིས་ཀྱི་བཤེར་ཞིབ་ཇེ་དྲག་ཏུ་གཏང་དགོས། འགྲོ་སྒོའི་ཚད་གཞི་མ་ལག་འཐུས་ཚང་སྟེ། གཞི་རྩའི་འགྲོ་སྒོའི་མི་སྣ་དང་དངུལ་གྲངས་གཏན་འཁེལ་གྱི་ཚད་གཞི་མ་ལག་འཐུས་ཚང་དུ་བཏང་སྟེ། ལས་ཁུངས་ཀྱིས་འོས་འཚམ་གྱི་དགོས་མཁོ་ལག་བསྟར་ལ་འགན་སྲུང་བྱེད་པ་དང་། ལས་གཞིའི་ཐུན་མོང་རང་བཞིན་གྱི་འགྲོ་སྒོའི་ཚད་གཞི་མགྱོགས་མྱུར་ངང་ཕྱིར་བཏོན་ནས། ཚད་གཞིའི་བཀོལ་སྤྱོད་ཇེ་དྲག་ཏུ་གཏོང་བ་དང་། སྔོན་རྩིས་སྒྲིག་བཟོ་དང་དོ་དམ་ལ་ཟུར་ལྟའི་གཞི་འཛིན་ས་འདོན་སྤྲོད་བྱ་དགོས། ལས་ཕྱོད་ཀྱི་བྱ་དགའ་དང་ཆད་གཅོད་མ་ལག་འཐུས་ཚང་སྟེ། ཞིང་ཆེན་རིམ་པའི་ལས་ཁུངས་དང་འོག་རིམ་སྲིད་གཞུང་གི་ཕྱོགས་བསྡུས་ལས་ཕྱོད་དཔྱད་འཇོག་དང་ལས་གཞིའི་སྔོན་རྩིས་ཀྱི་ཚོད་འཛིན་གྲངས་དང་ནོར་ཤུགས་འཕར་ཚད་སྦྲེལ་བའི་རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། སྔོན་རྩིས་དོ་དམ་གྱི་ཆུ་ཚད་མཐོར་འདེགས་ལ་ལྡོག་སྐུལ་བྱ་དགོས། ལམ་ལུགས་ཀྱི་ཚད་བཀག་མ་ལག་འཐུས་ཚང་སྟེ། ད་ཡོད་ཀྱི་སྔོན་རྩིས་དོ་དམ་ལམ་ལུགས་སྣ་ཚོགས་དོན་འཁྱོལ་ལེགས་པར་བྱས་ཏེ། ལམ་ལུགས་ཀྱི་ལག་བསྟར་ཤུགས་ཚད་ཤུགས་ཆེན་པོས་མཐོར་འདེགས་བཏང་ནས། སྔོན་རྩིས་དོ་དམ་བཅོས་སྒྱུར་གྱི་བྱེད་ཐབས་དོན་ཐོག་ཏུ་སྨིན་པར་སྐུལ་འདེད་གཏང་དགོས།

(གསུམ) སྤྱི་ལོ2021ལོའི་ཡོང་སྒོ་དང་འགྲོ་སྒོའི་བཀོད་སྒྲིག་གི་གནས་ཚུལ།

སྔོན་རྩིས་སྒྲིག་བཟོའི་བླང་བྱ་དང་རྩ་དོན་ལྟར། ཞིང་ཆེན་ཡོངས་དང་ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་བཅས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་གཤམ་གསལ་ལྟར།

1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

(1) ཞིང་ཆེན་ཡོངས་ཀྱི་གནས་ཚུལ། ལོ་མགོའི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར2020.7ཡོད་ཅིང་ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས5.4%འཕར། དེའི་ནང་དུ་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར305.5བཀོད་སྒྲིག་བྱས་ཡོད་ཅིང་ལོ་སྔོན་མའི་ལག་བསྟར་ཚད་ལས2.5%འཕར། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་དུང་ཕྱུར1286.5ཡོད་ལ། ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར152ཡོད་པ་དང། སྔོན་རྩིས་བརྟན་འཇགས་ལེགས་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར130ནང་འདྲེན་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར5.3ནང་འདྲེན་བྱས་པ་དང། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར141.3ཡོད།

སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར2015.4བཀོད་སྒྲིག་བྱས་ལ་ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས5.4%འཕར། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར5.3གཏང་རྒྱུ།

(2) ཞིང་ཆེན་རིམ་པའི་གནས་ཚུལ། ལོ་མགོའི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར806.2ཡོད་ཅིང་ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས5.9%འཕར། དེའི་ནང་དུ་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར34བཀོད་སྒྲིག་བྱས་ཡོད་ལ་ལོ་སྔོན་མའི་ལག་བསྟར་ཚད་ལས4%འཕར་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་དུང་ཕྱུར354.5(ཀྲུང་དབྱང་གིས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1286.5ལས་གྲོང་ཁྱེར་དང་ཁུལ་ལ་ཁ་གསབ་ཀྱི་སྒོར་དུང་ཕྱུར932ཕུད་ཡོད)ཡོད། ས་གནས་སྲིད་གཞུང་གི་གསར་བསྣན་བུན་འཛིན་སྒོར་དུང་ཕྱུར138.5(ཞིང་ཆེན་ཡོངས་གྱི་སྒོར་དུང་ཕྱུར152ལས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར13.5བུན་སྒྱུར་བྱས་ཡོད)ཡོད་ཅིང་། མ་དངུལ་སྒོར་དུང་ཕྱུར3.2ནང་འདྲེན་དང་། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར85བཀོལ་བ་དང། གྲོང་ཁྱེར་དང་ཁུལ་གྱིས་གོང་སྤྲོད་བྱས་པའི་མ་དངུལ་སྒོར་དུང་ཕྱུར72.2དང། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར118.8ཡོད།

སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར800.9བཀོད་སྒྲིག་བྱས་པ་དང། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས5.8%འཕར། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར5.3ཡོད།

2021ལོའི་སྡེ་ཁག་གི་སྔོན་རྩིས་ཕྱོགས་བསྡོམས་བྱས་ན། ཞིང་ཆེན་རིམ་པའི་སྲིད་འཛིན་དོན་ལས་སྡེ་ཚན་གྱིས་ནོར་སྲིད་ཀྱི་བཏང་བའི“གཞུང་གསུམ་གྲོན་དངུལ”འགྲོ་སྒོ་སྒོར་དུང་ཕྱུར1.56བཀོད་སྒྲིག་བྱས་ཅིང་ལོ་སྔོན་མའི་སྔོན་རྩིས་གྲངས་ལས15.4%མར་ཆག་ཡོད།

(3) ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྟེར་བའི་གནས་ཚུལ། སྤྱིའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར932ཡོད་པ་དང་། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་སྒོར་དུང་ཕྱུར35.5ཇེ་མང་དུ་བཏང་ལ4%འཕར། དེའི་ནང་དུ་ཕྱིར་སློག་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར39.2ཡོད་ལ། སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར712.7ཡོད་པ་དང་། ཆེད་སྤྱོད་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར180.1ཡོད།

2.སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར216.7བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར138.2ཡོད་པ་དང། ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་ཡོང་སྒོ་སྒོར་དུང་ཕྱུར2.2དང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར54.3དང་། ས་གནས་སྲིད་གཞུང་གི་གསར་བསྣན་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར22བཀྲམ་ཡོད། འགྲོ་སྒོ་སྒོར་དུང་ཕྱུར184.9བཀོད་སྒྲིག་བྱས་ཅིང་། མ་དངུལ་སྒོར་དུང་ཕྱུར5ཕྱིར་གཏོང་དང་། བུ་ལོན་གྱི་མ་རྩ་སྤྲོད་པར་འགྲོ་སྒོ་སྒོར་དུང་ཕྱུར26.8གཏང་རྒྱུ།

ཞིང་ཆེན་རིམ་པའི་ཡོང་སྒོ་སྒོར་དུང་ཕྱུར61.4བཀོད་སྒྲིག་བྱས་ཅིང་། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར16.2ཡོད་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་ཡོང་སྒོ་སྒོར་དུང་ཕྱུར-0.4(ཀྲུང་དབྱང་གིས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར2.2ལས་གྲོང་ཁྱེར་དང་ཁུལ་ལ་ཁ་གསབ་ཀྱི་སྒོར་དུང་ཕྱུར2.6ཕུད་ཡོད)དང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར23.6ཡོད། ས་གནས་སྲིད་གཞུང་གི་གསར་བསྣན་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར22བཀྲམ་ཡོད། འགྲོ་སྒོ་སྒོར་དུང་ཕྱུར55.9བཀོད་སྒྲིག་བྱས་ཅིང་། མ་དངུལ་སྒོར་དུང་ཕྱུར3ཕྱིར་གཏོང་དང་། བུ་ལོན་གྱི་མ་རྩ་སྤྲོད་པར་འགྲོ་སྒོ་སྒོར་དུང་ཕྱུར2.5གཏང་རྒྱུ།

3.རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར1.7བཀོད་སྒྲིག་བྱས་ལ། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར1.1ཡོད་པ་དང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར0.6ཡོད། འགྲོ་སྒོ་སྒོར་དུང་ཕྱུར1.4བཀོད་སྒྲིག་བྱས་ཡོད་ལ། མ་དངུལ་སྒོར་དུང་ཕྱུར0.3ཕྱིར་གཏོང་བྱས་ཡོད།

ཞིང་ཆེན་རིམ་པའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར0.9བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར0.5ཡོད་པ་དང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར0.4ཡོད། འགྲོ་སྒོ་སྒོར་དུང་ཕྱུར0.7བཀོད་སྒྲིག་བྱས་ལ། མ་དངུལ་སྒོར་དུང་ཕྱུར0.2ཕྱིར་གཏོང་བྱས་ཡོད།

4.སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར747.9བཀོད་སྒྲིག་བྱས་ལ། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར462.9ཡོད་པ་དང་། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར285ཡོད། འགྲོ་སྒོ་སྒོར་དུང་ཕྱུར424བཀོད་སྒྲིག་བྱས་ལ། ལོ་མཇུག་གི་ལྷག་འཕྲོ་སྒོར་དུང་ཕྱུར323.9ཡོད།

ཞིང་ཆེན་རིམ་པའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར507.8བཀོད་སྒྲིག་བྱས་ལ། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར378.6ཡོད་པ་དང་། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར129.2ཡོད། འགྲོ་སྒོ་སྒོར་དུང་ཕྱུར367.4བཀོད་སྒྲིག་བྱས་ལ། ལོ་མཇུག་གི་ལྷག་འཕྲོ་སྒོར་དུང་ཕྱུར140.4ཡོད།

བྱེ་བྲག་གི་གནས་ཚུལ་ནི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ལོ2020ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་སྤྱི་ལོ2021ལོའི་སྔོན་རྩིས་འཆར་ཟིན་ལས་གསལ།

(བཞི) སྤྱི་ལོ2021ལོའི་གཙོ་གནད་འགྲོ་སྒོའི་གནས་ཚུལ།

ཕྱོགས་སོ་སོའི་འོས་འཚམ་གྱི་འགྲོ་སྒོ་དང་ཁྱད་པར་དུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གི་དོན་འཁྱོལ་ལ་འགན་སྲུང་བྱ་ཆེད། ང་ཚོས་གཤམ་གྱི་ཕྱོགས་ལྔའི་ཐད་དུ་གཙོ་གནད་སྒོས་རྒྱུན་འཁྱོངས་དང་ངོས་འཛིན་བྱས་ཡོད་དེ། གཅིག་ནི་ཁག་སོ་སོའི་མི་སྣའི་འགྲོ་སྒོ་བཀོད་སྒྲིག་འདང་ངེས་བྱ་བ། གཉིས་ནི་མངོན་གསལ་གྱི་རེ་བ་བཏོན་ཡོད་པའི་དམངས་འཚོའི་ཚད་འདེགས་རྒྱ་བསྐྱེད་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་བ། གསུམ་ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་གཙོ་གནད་དོན་ཚན་དང་གཙོ་གནད་ཁྱབ་ཁོངས། གཙོ་གནད་བཅོས་སྒྱུར་ལས་འགན་བཅས་ལ་ཤུགས་ཡོད་རྒུས་འགན་སྲུང་བྱ་བ། བཞི་ནི་ས་གནས་སོ་སོས་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ཐད་ཀྱི་མ་དངུལ་གྱི་རེ་ཞུ་གཅིག་འདོམས་བསམ་གཞིགས་གཏང་བ། ལྔ་ནི་ལས་ཁུངས་དང་དོན་ལས་བཅོས་སྒྱུར་གོང་སྤེལ་ལ་མཁོ་བའི་མ་དངུལ་འོས་འཚམ་གྱིས་ཁག་ཐེག་བྱ་བ། གཙོ་གནད་འགྲོ་སྒོའི་བཀོད་སྒྲིག་གཤམ་ལྟར།

1.སྤྱི་ཚོགས་བདེ་འཇགས་དང་བརྟན་བརླིང་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར23.6བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར16.5དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར7.1གཏང་རྒྱུ། བྱེ་བྲག་ནི། རྒྱལ་སྲུང་དང་སྤྱིི་པའི་བདེ་འཇགས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར17.6བཏང་ནས། སྲིད་ཁྲིམས་ཁྱབ་ཁོངས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་བསྐྲུན་པ་དང། ལངས་གཟུགས་ཅན་གྱི་སྤྱི་ཚོགས་བདེ་སྐྱོང་གི་འགོག་སྡོམ་མ་ལག་འཐུས་ཚང་དུ་བཏང་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་དང་། ཁྲིམས་འགལ་ཉེས་འགལ་གྱི་བྱ་འགུལ་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བཏང་སྟེ། སྤྱི་ཚོགས་བདེ་སྐྱོང་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། མེ་སྐྱོན་འགོག་བཅོས་དང་འཚུབ་ཟློག་དོ་དམ་གྱི་འགྲོ་སྒོ་སྒོར་དུང་ཕྱུར3.6བཏང་ནས། རང་བྱུང་གནོད་འཚེའི་རོགས་སྐྱོབ་དང་བདེ་འཇགས་ཐོན་སྐྱེད། མེ་འགོག་འཚུབ་ཟློག་རོགས་སྐྱོབ་སོགས་ལ་རྒྱབ་སྐྱོར་བྱས་ཏེ། ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་གྱི་འཚུབ་ཟློག་ནུས་ཤུགས་དང་རང་བྱུང་གནོད་འཚེ་འགོག་སྲུང་གི་ཆུ་ཚད་ཇེ་མཐོར་གཏང་དགོས། འབྲུ་སྣུམ་རྒྱུ་དངོས་གསོག་གྲབས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར2.4བཏང་ནས། འབྲུ་རིགས་ཉེན་འགོག་ཐེབས་རྩའི་བྱེད་ནུས་འདོན་སྤེལ་བྱས་ཏེ། དམག་དམངས་མཉམ་འདྲེས་ཀྱིས་དམག་ཆས་ལག་བསྟར་ལ་སྐུལ་འདེད་བཏང་ནས་གསར་སྐྲུན་དཔེ་སྟོན་དང་སྤུས་ལེགས་འབྲུ་རིགས་ཀྱི་ལས་གྲྭར་འགན་སྲུང་དང་། གཙོ་གནད་རྒྱུ་དངོས་གསོག་གྲབས་ཀྱི་སྐྱེད་སྤྲོད་དང་དམག་དཔུང་གི་འབྲུ་སྣུམ་གྱི་ཁྱད་རིན་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རྒྱུ་དངོས་གསོག་གྲབས་ལ་ཤུགས་ཡོད་རྒུས་འགན་སྲུང་བྱ་རྒྱུ།

2.སྤུས་ཚད་མཐོ་བའི་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར33.7བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར19.2དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར14.5གཏང་རྒྱུ། བྱེ་བྲག་ནི། ཚན་རིག་ལག་རྩལ་གྱི་འགྲོ་སྒོ་སྒོར་དུང་ཕྱུར6.4བཏང་ནས། ཚན་རྩལ་གསར་སྐྲུན་དང་ཞིབ་འཇུག་གསར་སྤེལ་ལ་རྒྱབ་སྐྱོར་བྱས་ཏེ། ཁྱོན་ཡོངས་ནས་ཚན་རིག་སྤུས་ཀའི་འགུལ་སྐྱོད་འཆར་གཞི་ལ་སྐུལ་འདེད་གཏང་བ་དང་། ཚན་རྩལ་ཁང་རིན་མེད་སྒོ་འབྱེད་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ནས། ཚན་རྩལ་གྲུབ་འབྲས་སྒྱུར་བར་ཧུར་ཐག་གིས་སྐུལ་འདེད་གཏང་རྒྱུ། བཟོ་ལས་ཆ་འཕྲིན་སོགས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར21.5བཏང་ནས། བཟོ་ལས་རིགས་སྒྱུར་རིམ་སྤར་ལ་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ཆུང་འབྲིང་གི་བདེ་ཐང་གོང་སྤེལ་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་སྒྲིག་གཞི་མགྱོགས་མྱུར་ངང་སྙོམ་སྒྲིག་བྱེད་པར་སྐུལ་སྤེལ་གཏོང་བ་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཀྱི་ཉེན་ཁ་གལ་ཆེན་འོས་འཚམ་གྱིས་ཐག་གཅོད་བྱ་རྒྱུ། ཚོང་ལས་ཞབས་ཕྱི་ལས་རིགས་སོགས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར4.3བཏང་ནས། ཁེ་ལས་ཆུང་འབྲིང་གི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བསྐྲུན་པར་རྒྱབ་སྐྱོར་བྱེད་པ་དང་། མི་རིགས་ཉོ་ཚོང་དང་མི་རིགས་ཀྱི་མྱུར་མཁོ་ཚོང་རྫས་ཐོན་སྐྱེད་ཀྱི་བུ་ལོན་སྐྱེད་སྤྲོད་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཕྱི་རྒྱལ་གྱི་ཟོང་ཟོག་ཉོ་ཚོང་དང་ཞབས་ཕྱིའི་ཉོ་ཚོང་གོང་སྤེལ་ལ་རྒྱབ་སྐྱོར་བྱ་རྒྱུ། དངུལ་རྩའི་འགྲོ་སྒོ་སྒོར་དུང་ཕྱུར1.5བཏང་ནས། གཟིགས་སྐྱོང་དངུལ་རྩར་རྒྱབ་སྐྱོར་བྱས་ཏེ། དམངས་གཉེར་དང་ཁེ་ལས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཕྱི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་སོགས་གཏིང་ཟབ་ཏུ་སྤེལ་བར་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱ་བ།

3.སྤུས་ཚད་མཐོ་བའི་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར271.7བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར143.5དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར128.2གཏང་རྒྱུ། བྱེ་བྲག་ནི། སློབ་གསོའི་འགྲོ་སྒོ་སྒོར་དུང་ཕྱུར53.7བཏང་ནས། སློབ་སྔོན་སློབ་གསོ་ནས་མཐོ་རིམ་སློབ་གསོའི་འབྲེལ་ཡོད་བཅོས་སྒྱུར་གོང་སྤེལ་བྱ་བར་རྒྱབ་སྐྱོར་བྱས་ཏེ། རིམ་པ་སོ་སོའི་སློབ་མ་སྣ་ཚོགས་ཀྱི་མི་རེར་དངུལ་གཏོང་དང་དཀའ་ཁག་སློབ་མའི་རོགས་སྐྱོར། མཚོ་འཕགས་མཐོ་བའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་དང་། “ཁུལ་གསུམ”གྱི་འཇོན་མིའི་རྒྱབ་སྐྱོར་འཆར་གཞི་དང་མཚོ་སྔོན་ལྷོ་ཕྱོགས་ཀྱི་ཁ་གཏད་སློབ་གསོའི་རོགས་སྐྱོར་བྱ་བར་རྒྱབ་སྐྱོར་བྱས་ནས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣོན་རྒྱུ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་འགྲོ་སྒོ་སྒོར་དུང་ཕྱུར137.8བཏང་ནས། སློབ་ཆེན་པ་དང་ཞིང་བ་གླ་རྒྱག་པ། ཟུར་ཐོན་དམག་མི་སོགས་གཙོ་གནད་དཀའ་ཁག་ཡོད་པའི་ཁྱུ་ཚོགས་ཀྱི་ལས་ཞུགས་ལས་བཏོད་ལ་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ནོར་སྲིད་ཁ་གསབ་རོགས་སྐྱོར་དང་དམིགས་བསལ་དཀའ་ཁག་མི་སྣ་གསོ་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དམའི་འཚོ་བའི་འགན་སྲུང་། དབང་བོ་སྐྱོན་ཅན་གྱི་འཚོ་བ་དང་ནད་གཡོག་ཁ་གསབ། གཟིགས་སྐྱོང་བྱ་ཡུལ་བཀོད་འཇོག་སོགས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། རྒན་གསོ་ཞབས་ཕྱི་དང་ལོ་ལོན་གྱི་ཁ་གསབ་སོགས་སྤྱི་ཚོགས་ཕན་བདེ་ལམ་ལུགས་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། དམག་མིའི་ལས་སྒྱུར་དང་ཟུར་ཐོན་དམག་མིའི་ཐོབ་ཆའི་འགན་སྲུང་ལེགས་པོར་བསྒྲུབ་རྒྱུ། འཕྲོད་བསྟེན་བདེ་ཐང་གི་འགྲོ་སྒོ་སྒོར་དུང་ཕྱུར58.5བཏང་ནས། སྨན་བཅོས་ཞབས་ཕྱི་དང་འགན་སྲུང་ནུས་ཤུགས་མཐོར་འདེགས་ལ་བསྟུད་མར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཉེན་འགོག་དང་སྨན་བཅོས་རོགས་སྐྱོབ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱི་སོགས་ཁ་གསབ་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས། འགོ་ནད་གལ་ཆེན་འགོག་སྡོམ་དང་ཀྲུང་བོད་གསོ་སྨན་ཀྱི་ལས་དོན་གོང་སྤེལ། འཆར་ལྡན་བུ་སྐྱེ་ཞབས་ཕྱི་སོགས་བྱ་བར་རྒྱབ་སྐྱོར་བྱ་རྒྱུ། སྡོད་ཁང་འགན་སྲུང་གི་འགྲོ་སྒོ་སྒོར་དུང་ཕྱུར8.1བཏང་ནས། གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་དང་ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་སོགས་ལས་གྲྭ་ལག་བསྟར་བྱས་ནས། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་ལ་ཤུགས་བསྣོན་པ་དང་། སྡོད་ཁང་བོགས་གཏོང་ཁྲོམ་རའི་གོང་སྤེལ་ལ་རྒྱབ་སྐྱོར་བྱ་རྒྱུ། རིག་གནས་ཡུལ་སྐོར་ལུས་རྩལ་དང་སྨྱན་སྦྱོར་འགྲོ་སྒོ་སྒོར་དུང་ཕྱུར13.6བཏང་ནས། སྤྱི་པའི་རིག་གནས་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གཟུགས་འདས་ཤུལ་བཞག་རིག་གནས་དང་རིག་དངོས་སྲུང་སྐྱོང་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

4.སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར53.3བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར19.4དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར33.9གཏང་རྒྱུ། རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་མགྱོགས་མྱུར་ངང་བསྐྲུན་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པར་སྐུལ་འདེད་གཏང་རྒྱུ། “ཀྲུང་ཧྭའི་ཆུ་གཏེར”དང་གཙང་གསུམ་མགོ་ཁུངས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཞིག་གསོ། འབྲི་ཆུ་དང་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཞིག་གསོ། མཚོ་སྔོན་པོའི་བཞུར་རྒྱུན་གྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་འགོག་བཅོས་སོགས་ཀྱི་ལས་གྲྭ་གལ་ཆེན་དག་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཏེར་ལས་དབང་ཆ་ལས་ཕྱིར་འབུད་བྱེད་པའི་བྱ་བར་བརྟན་འཇགས་ངང་སྐུལ་འདེད་གཏང་རྒྱུ། སྦགས་བཙོག་འགོག་བཅོས་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་མཁའ་དབུགས་སྦགས་བཙོག་འགོག་བཅོས། གཤིན་ས་སྦགས་བཙོག་ཚོད་འཛིན་དང་བཅོས་སྐྱོང་། གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་བཅས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

5.གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར328བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར176.6དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར151.4གཏང་རྒྱུ། བྱེ་བྲག་ནི། ཞིང་ནག་ཆུ་ལ་འགྲོ་སྒོ་སྒོར་དུང་ཕྱུར166.9བཏང་ནས། དབུལ་ཐར་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་ངང་སྦྲེལ་མཐུད་བྱེད་པར་རྒྱབ་སྐྱོར་བྱས་ནས། ཞིང་ལས་ཐོན་སྐྱེད་དང་ནགས་ལས་བཅོས་སྒྱུར། ཆུ་བེད་གོང་སྤེལ་བཅས་ལ་གཅིག་འདོམས་ངང་སྐུལ་འདེད་བཏང་སྟེ། ཞིང་ལས་ཐོན་ཁུངས་དང་སྐྱེ་ཁམས་སྲུང་སྐྱོབ། ཞིང་ལས་ཕྱོགས་བསྡུས་བཅོས་སྒྱུར། ཞིང་ལས་ཉེན་འགོག་གི་འགན་རིན། སྲོག་ཆགས་ཀྱི་རིམས་འགོག་སོགས་སྣ་སོ་སོའི་ཁ་གསབ་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། “མཚོ་སྔོན་རྟགས”ཀྱི་ཁྱད་ལྡན་ལེགས་ཆའི་གཙོ་ཁྲིད་ཀྱི་ཐོན་ལས་གསོ་སྐྱོང་གི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་བཏང་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་སྐུལ་འདེད་གཏང་རྒྱུ། ཞིང་བསྟེན་འབུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོ་བའི་ཞིང་ས་བསྐྲུན་པར་སྐུལ་འདེད་བཏང་ནས། སོན་རྒྱུ་ཐོན་ཁུངས་ཀྱི་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་བསྣོན་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་ལ་འགྲོ་སྒོ་སྒོར་དུང་ཕྱུར152བཏང་ནས། མྱུར་ལམ་དང་རྒྱལ་ལམ་སོགས་གཙོ་གནད་གཞུང་ལམ་འཛུགས་སྐྲུན་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་གཙོ་ལམ་དང་ཞིང་སྡེའི་གཞུང་ལམ་བཅས་ཀྱི་དོ་དམ་བདག་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ། དམངས་སྤྱོད་མཁའ་འགྲུལ་དང་ལྕགས་ལམ་གྱི་སྐྱེལ་འདྲེན་ཁ་གསབ་དང་ཟི་ལིང་གྲོང་ཁྱེར་གྱི་སྤྱི་འཁོར་གསར་སྒྱུར་དང་གཉེར་སྐྱོང་ཁ་གསབ་རོགས་སྐྱོར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་གྱི་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པ་གོང་སྤེལ་ལ་རོགས་འདེགས་བྱས་ནས། ནུས་ཁུངས་གསར་བའི་རླངས་འཁོར་ཁྱབ་བརྡལ་དང་བཀོལ་སྤྱོད་ལ་སྐུལ་འདེད་གཏང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་འགྲོ་སྒོ་སྒོར་དུང་ཕྱུར9.1བཏང་ནས། མཐོ་སྒང་གི་མཛེས་པའི་གྲོང་གསེབ་དང་རོང་འབྲོག་མང་ཚོགས་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་སོགས་ཀྱི་ལས་གྲྭ་ལག་བསྟར་ལ་རྒྱབ་སྐྱོར་བྱས་ཏེ། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་སྒྱུར་ལ་སྐུལ་འདེད་དང་། གྲོང་རྡལ་གྱི་གོང་སྤེལ་སྤུས་ཀ་ཧུར་ཐག་གིས་མཐོར་འདེགས་གཏང་རྒྱུ།

6.རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར134.9བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར35.6དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར99.3གཏང་རྒྱུ། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང་ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ། ཟི་ལིང་སློབ་ཆེན། ཟི་ལིང་ནས་ཚྭ་ཁ་བར་གྱི་ལྕགས་ལམ། ཟི་ལིང་ནས་ན་གོར་མོ་བར་དུ་མྱུར་འཁོར་ཕྱེ་བ། གུང་ཧོ་གནམ་གྲུ་ཐང་། རང་བྱུང་སོལ་རླངས་གསོག་རླངས་རྩེ་སྒང་སྙོམ་བྱེད་སྒྲིག་བཀོད། གཙང་གསུམ་མགོ་ཁུངས་ས་ཁུལ་གྱི་དྭངས་གཙང་དྲོད་ལེན། བོད་ཁུལ་གྱི་སྤྱི་ཕན་བཞིན་གྱི་ལས་གཞིའི་ཆ་འགྲིག མཛེས་པའི་གྲོང་རྡལ། ཁྱད་ལྡན་གྲོང་རྡལ་ཆུང་བ་འཛུགས་སྐྲུན། མཚོ་སྔོན་ཀན་སུའུ་སི་ཁྲོན་བཅས་ཀྱི་འབྲེལ་མཚམས་ཀྱི་བདེ་འཇགས་དར་སྤེལ་ལས་གྲྭ། སྤྱོད་ཁང་གསར་བརྗེ། ཞིང་སྡེ་དབུལ་སྐྱོར་གཞུང་ལམ་སོགས་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་གཙོ་གནད་སྒོས་རྒྱབ་སྐྱོར་བྱ་རྒྱུ།

7.གཞན་དག་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར143བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར124.5དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར18.5གཏང་རྒྱུ། གཙོ་བོ་ས་གནས་བུ་ལོན་གྱི་མ་འཇལ་སྐྱེད་སྤྲོད་དང་ལས་ཁུངས་བཅོས་སྒྱུར། འཇོན་མི་གོང་སྤེལ་དང་དེའི་གྲ་སྒྲིག་རིན་སོགས་འགྲོ་སྒོ་ཐད་བཀོལ་རྒྱུ།

1_3 གསུམ། སྤྱི་ལོ2021ལོའི་ནོར་སྲིད་བྱ་བ་དངོས་གནས་ལེགས་སྒྲུབ་བྱ་དགོས།

སྤྱི་ལོ2021ལོར། ང་ཚོས་ནོར་སྲིད་ཀྱི་སྲིད་ཇུས་དེ་ཕན་འབྲས་མཐོར་འདེགས་དང་སྔར་ལས་རྒྱུན་མཐུད་ལྡན་པའི་བླང་བྱ་ཧུར་ཐག་གིས་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། འགན་ནུས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཕྱི་བྱས་ཏེ། མངོན་འཛིན་དངོས་སྒྲུབ་དང་རང་འགུལ་ལས་སྒྲུབ་སྒོས་གཤམ་གྱི་བྱ་བ་དག་གཙོ་གནད་དུ་འཛིན་རྒྱུ།

(གཅིག) སྔོན་ལ་སྒྲུབ་པ་དང་རང་འགུལ་སྒོས་འཐབ་པ་རྒྱུན་འཁྱོངས་བྱས་ཏེ། ནོར་ཤུགས་ཀྱི་སྤྱི་ཚད་དང་གཏོང་ཡོང་གི་སྤུས་ཚད་སྔར་ལས་ཇེ་མཐོར་གཏང་རྒྱུ། ཐོག་མཐའ་བར་གསུམ་དུ་གཏོང་ཡོང་དོ་དམ་ལེགས་པོར་འཛིན་པ་དེ་སྔར་ལས་འབུར་ཐོན་གྱི་གནས་སུ་བཞག་སྟེ། ནོར་ཤུགས་ཀྱི་སྤྱི་ཚད་དང་གཏོང་ཡོང་གི་སྤུས་ཚད་མཉམ་དུ་མཐོར་འདེགས་གཏོང་རྒྱུ་ཧུར་ཐག་གིས་མངོན་འགྱུར་བྱ་དགོས། ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་བརྩོན་ལེན་བྱེད་རྒྱུ་ལེགས་པོར་འཛིན་པ། སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་གོང་འཕེལ། དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྒྲིག་གཞི་གསར་བ་གྲུབ་པར་སྐུལ་སྤེལ་གཏོང་བ། ཀྲུང་དབྱང་གི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སོགས་སྲིད་ཇུས་ཀྱི་གོ་སྐབས་ཡང་དག་པར་ངོས་འཛིན་བྱས་ནས། མཚོ་སྔོན་གྱི་གཞི་རྩའི་སྤྱི་པའི་ཞབས་ཕྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད“བཏགས་གྲངས”དང་། སྤྱི་པའི་ནོར་སྲིད་དོན་དབང་གི་སྤོ་སྒྱུར་གཏོང་སྤྲོད“སྲིད་ཇུས”། ཆེད་སྤྱོད་སྤོ་སྒྱུར་གཏོང་སྤྲོད“ལས་གཞི”བཅས་ཀྱི་སྟེང་དུ་དངོས་སྒྲུབ་ཞིབ་སྒྲུབ་བྱེད་པ་དམིགས་སུ་བཟུང་ནས། ཀྲུང་དབྱང་གི་རོགས་སྐྱོར་རིགས་སྣ་ཚོགས་བརྟན་འཇགས་ངང་འཕར་བར་ཁག་ཐེག་བྱ་དགོས། ཀྲུང་དབྱང་གི་གསར་བསྣན་བུན་འཛིན་གྲངས་བཅད་ཤུགས་ཆེན་པོས་བརྩོན་ལེན་བྱས་ཏེ། གཙོ་གནད་ལས་གཞིའི་འཛུགས་སྐྲུན་དང་ཞན་ཆ་ཁ་གསབ་ཁྱབ་ཁོངས་ཀྱི་མ་དངུལ་དགོས་མཁོ་ཁ་གསབ་བྱ་དགོས། ས་གནས་ཀྱི་ཡོང་སྒོ་རྩ་འཛུགས་ལ་ཤུགས་བསྣོན་པ། ཡོང་སྒོའི་གནས་བབ་ལ་སྔོན་དཔག་དང་དབྱེ་ཞིབ་ཞིབ་འཇུག་ཐག་གཅོད་པར་ཤུགས་བསྣོན་བྱས་ཏེ། བསྡུ་དམ་རྣམ་པ་འཐུས་ཚང་དང་བསྡུ་དམ་བྱེད་ནུས་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་ནས། ཁྲིམས་ལྟར་བསྡུ་ལེན་བྱེད་པར་ཁག་ཐེག་བྱ་དགོས་ལ། འཕྲི་དགོས་པ་མཐའ་དག་འཕྲི་བ་དང་བསྡུ་དགོས་པ་མཐའ་དག་བསྡུ་བ་མངོན་འགྱུར་བྱ་དགོས། རྒྱལ་ཁབ་ཀྱིས་སྤྲད་པའི་ཁྲལ་སྲིད་དབང་ཆ་བཀོལ་སྤྱོད་ལེགས་པོ་བྱས་ཏེ། ས་གནས་ཁྲལ་གྱི་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དང་། “ཡོང་སྒོ་འཕར་བར”ཧུར་ཐག་བྱ་དགོས། སྔོན་རྩིས་ཀྱི་འགྲོ་སྒོའི་ཕན་འབྲས་མཐོར་འདེགས་གཏང་བ། “འགན་གསུམ”དེ་ནོར་སྲིད་འགྲོ་སྒོའི་ཁྲོད་ཀྱི་སྔོན་ལ་བྱེད་པའི་གོ་གནས་དོན་འཁྱོལ་བྱས་ཏེ། སྔོན་རྩིས་བཤེར་འབེབས་དང་ལག་བསྟར་ལྟ་བཤེར་ཇེ་དྲག་ཏུ་བཏང་ནས། “འགན་གསུམ”ལ་གནད་དོན་མི་འབྱུང་བར་ཁག་ཐེག་བྱ་དགོས། གྲོན་ཆུང་སྒོས་འཚོ་བ་རོལ་བའི་བླང་བྱ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོར་བསྟུད་མར་ཚོད་འཛིན་ནན་མོ་བྱེད་པ་དང་། གཙོ་གནད་མིན་པ་དང་སྲ་གཤིས་མིན་པའི་འགྲོ་སྒོ་ཆ་སྙོམ15%བར་ཉུང་འཕྲི་དང“འགན་གསུམ”གྲོན་དངུལ་ད་དུང5%ཡན་ཉུང་འཕྲི་བྱ་རྒྱུ། གཞི་གྲངས་རྟོག་དོན་དང་སྔོན་རྩིས་ཀྱི་འགྲོ་སྒོ་སྲ་འགྱུར་དང་རེངས་འགྱུར་བྱེད་པའི་སྒྲིག་གཞི་གཏོར་ནས། གཞི་གྲངས་མེད་པའི་སྔོན་རྩིས་འདུ་ཤེས་ལྟར། དངོས་ཡོད་ཀྱི་དགོས་མཁོ་དང་ནོར་ཤུགས་ཀྱིས་བཀོད་སྒྲིག་འོས་འཚམ་ཐུབ་པའི་ཁྱབ་ཁོངས་སོ་སོའི་འགྲོ་སྒོ་གཞིར་འཛིན་རྒྱུ། འགྲོ་སྒོའི་འགྲོས་ཚད་ཇེ་མགྱོགས་སུ་གཏོང་བ་དང་། འགྲོ་སྒོའི་གནས་བབ་དབྱེ་ཞིབ་དང་བརྡ་བསྒྲགས། ལྟ་ཁྲིད་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་ནས། མ་དངུལ་སྔར་ལས་འདོན་སྤེལ་དང་དེ་ལྟར་ཕན་འབྲས་ཐོན་པར་ཁག་ཐེག་བྱ་རྒྱུ།

(གཉིས) གཙོ་གནད་རུབ་བསྡུ་དང་གནད་འགག་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་གསོན་ཤུགས་དང་གོང་སྤེལ་སྒུལ་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུ། འཕེལ་རྒྱས་ཀྱི་གནས་བ་གསར་བ་བསྐྲུན་པའི་གཙོ་གནད་དང་གནད་འགག་ལ་དམིགས་ནས། སྲིད་ཇུས་གལ་ཆེན་དང་ཁ་ཕྱོགས་གཙོ་བོ། གཙོ་གནད་ལས་གྲྭ་བཅས་ཀྱི་དངུལ་གཏོང་ཤུགས་ཚད་བསྟུད་མར་ཇེ་ཆེར་གཏོང་རྒྱུ། སྐྱེ་ཁམས་ཁོར་སྲུང་སྔོན་ལ་བྱེད་པ་རྒྱུན་འཁྱོངས་བྱེད་པར་དམིགས་ནས། གཙང་གསུམ་མགོ་ཁུངས་སོགས་མངའ་ཁོངས་ཀྱི་སྐྱེ་ཁམས་བཅོས་སྐྱོང་གྲུབ་འབྲས་མཐོར་འདེགས་གཏོང་བ་སྲ་བརྟན་དུ་བཏང་ནས། རྒྱལ་དབང་ས་ཁོངས་ཕྱོགས་བསྡུས་བཅོས་སྐྱོང་དང་གཏེར་ལས་ཐོན་ཁུངས་གསར་སྤེལ་བྱེད་པའི་གཅིག་འདུས་ས་ཁུལ་གྱི་ས་གཤིས་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་ཞིག་གསོ་ལ་ཤུགས་བསྣོན་པ་དང་། གནམ་སྔོ་ཆུ་དྭངས་ས་གཙང་གི་འགོག་སྲུང་དམག་འཐབ་བསྟུད་མར་ལེགས་པོ་བརྒྱབ་ནས། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་མ་དངུལ་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་རྒྱུ། ཚན་རྩལ་གསར་སྐྲུན་གྱི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པར་དམིགས་ནས། ཚན་རིག་ཞིབ་འཇུག་གི་དངུལ་གཏོང་བསྟུད་མར་ཆེ་རུ་བཏང་སྟེ། གནད་འགག་སྲོག་ཤིང་གི་ལག་རྩལ་འགག་གཏོར་ལ་རྒྱབ་སྐྱོར་བྱས་ནས། ཚོད་ལྟ་ཁང་འཛུགས་སྐྲུན་དང་ཚན་རྒལ་ནུས་འགྱུར་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུ། ཚན་རིག་ཞིབ་འཇུག་གི་གྲོན་དངུལ་དོ་དམ་རྣམ་པ་གསར་སྐྲུན་བྱས་ཏེ། གནག་འགག་སྲོག་ཤིང་གི་ལག་རྩལ་འགག་གཏོར་ཞིབ་འཇུག་མི་སྣའི་གླ་ཆའི་སྐུལ་སློང་རྐྱེན་སྲོལ་བསྐྲུན་པ་དང་། ཚན་རིག་ཞིབ་འཇུག་མི་སྣར་མི་རྒྱུ་དངོས་གསུམ་གྱི་དབྱེ་བགོ་དབང་ཆ་དེ་བས་ཆེ་བ་བྱིན་ནས། གསར་སྐྲུན་གསོན་ཤུགས་སྐུལ་སྤེལ་བྱ་རྒྱུ། ལས་གཞི་གལ་ཆེན་གྱི་འགན་སྲུང་ལག་བསྟར་ལ་དམིགས་ནས། རྟེན་གཞི་གསར་བ་འཛུགས་པར་རུབ་བསྡུ་བྱས་ཏེ། ཆུ་བེད་དང་འགྲིམ་འགྲུལ། ནུས་ཁུངས། ཆ་འཕྲིན། གྲོང་རྡལ། ཐོན་ལས་ལེགས་སྒྱུར་རིམ་སྤར། སྐྱེ་ཁམས་འཛུགས་སྐྲུན་དང་དམངས་འཚོ་ལེགས་སྒྱུར་སོགས་ཐད་ཀྱི་དགོས་མཁོར་འགན་སྲུང་བྱས་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པར་རྒྱབ་སྐྱོར་བྱ་རྒྱུ། འཁོར་འགྲིལ་སྔོན་རྩིས་ཀྱི་བླང་བྱ་ལྟར། བརྒྱུད་ལམ་མང་བོ་ནས་མ་དངུལ་རུབ་བསྡུ་བྱས་ཏེ། གཙོ་གནད་ལས་གཞིའི་འཆར་འགོད་དང་། ལོ་འཁོར་མ་དངུལ་གྱི་དགོས་མཁོ་དང་ནོར་སྲིད་སྔོན་རྩིས་ཀྱི་འགན་སྲུང་ནུས་ཤུགས་ཕན་ཚུན་འབྲེལ་མཐུད་བྱེད་པ་དང་། ལས་གཞིའི་མ་དངུལ་གྱི་སྐས་རིམ་འགན་སྲུང་ལོ་འཁོར་བརྒལ་བའི་དོ་མཉམ་རྐྱེན་སྲོལ་འཛུགས་རྒྱུ། དབུལ་ཐར་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་ལ་དམིགས་ནས། དབུལ་ཐར་འགག་གཏོར་དང་གྲོང་གསེབ་དར་སྤེལ་ཀྱི་ནུས་ལྡན་སྦྲེལ་མཐུད་ཏན་ཏིག་ངང་ལེགས་པོར་བསྒྲུབ་སྟེ། ཞིང་ལས་དང་འབྲེལ་བའི་མ་དངུལ་གྱི་གཅིག་འདོམས་བསྡུ་རུབ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ནོར་སྲིད་རྒྱབ་སྐྱོར་སྲིད་ཇུས་དང་མ་དངུལ་གཞི་རྒྱའི་སྤྱིའི་བརྟན་འཇགས་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་འགག་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་ཀྱི་ལས་འགན་ལྗིད་བ་དང་གྲོང་གསེབ་དར་སྤེལ་རྨང་གཞི་ཞན་པའི་ས་ཁུལ་ལ་གཙོ་བོར་དམིགས་རྒྱུ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འདོན་སྤེལ་ལ་དམིགས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དམངས་གཉེར་དཔལ་འབྱོར་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར། ཁེ་ལས་ཆུང་འབྲིང་གི་སྤུས་ཚད་མཐོ་བའི་གོང་སྤེལ་སོགས་སྐོར་གྱི་བྱེད་ཐབས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཁྲལ་རིན་གཉིས་གཅོག་དང་ཡིད་རྟོན་དངུལ་བུན་ཉེན་ཁའི་ཁ་གསབ། གཟིགས་སྐྱོང་དངུལ་རྩ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་དང་། ནོར་སྲིད་ཀྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་རྣམ་པ་འཐུས་ཚང་དུ་བཏང་སྟེ། ཁྲོམ་རའི་བྱེད་པ་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་གྲས་དང་སྒེར་གྱི་བཟོ་ཚོང་ཁང་གི་གསོན་ཤུགས་ཇེ་ཆེར་གཏང་དགོས། ནོར་སྲིད་དངུལ་རྩའི་སྲིད་ཇུས་སྡོམ་ཤུགས་འདོན་སྤེལ་བྱས་ཏེ། ཡིད་རྟོན་དངུལ་བུན་ཉེན་ཁའི་ཁ་གསབ་དང་གཟིགས་སྐྱོང་དངུལ་རྩ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཡིད་རྟོན་བསྡུ་བ་སྔར་ལས་འཐུས་ཚང་དུ་བཏང་ནས་ཡིད་རྟོན་འཕར་བར་སྐུལ་སྤེལ་བྱེད་པ། དངུལ་རྩ་ལས་ཁུངས་ཀྱིས་ཡིད་རྟོན་དངུལ་བུན་གཏོང་བར་ཁྲིད་སྟོན་བྱས་ཏེ། དངུལ་རྩའི་ཞབས་ཕྱིའི“ཆུང་གྲས”དང“ཞིང་གསུམ”གྱི་དངོས་གཉེར་དཔལ་འབྱོར་གསོན་ཤུགས་ལ་ཤུགས་ཆེན་པོས་ཇེ་དྲག་ཏུ་གཏང་རྒྱུ། ཕྱི་ནང་འདྲེས་པའི་རེས་འཁོར་གྱི་གོང་སྤེལ་ལ་དམིགས་ནས། ཐོན་ཁུངས་གསར་སྤེལ་དང་གཙོ་གནད་ཁྱབ་ཁོངས། ཀ་འདེགས་ཐོན་ལས་བཅས་ཀྱི་ལེགས་ཆ་གཙོ་ཁྲིད་བྱས་ཏེ། སྲིད་ཇུས་ཀྱི་རོགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་ཀྱི་སྔོན་དཔག་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཇེ་དྲག་ཏུ་གཏང་རྒྱུ། སྲོལ་རྒྱུན་ཐོན་ལས་རིགས་སྒྱུར་རིམ་སྤར་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཏེ། ཁྱད་ལྡན་གསར་དར་ཐོན་ལས་གསོ་སྐྱོང་བྱེད་པ་དང་། ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་གོང་སྤེལ་ལ་སྐུལ་འདེད་གཏང་རྒྱུ། སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཤུགས་མཐོར་འདེགས་གཏོང་བར་དམིགས་ནས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དང་དངོས་གཉེར་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་ཀྱི་འགལ་བའི་རྩོད་གཞི་སྙོམ་སྒྲིག་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་ནས། “རིག་ནུས་གྲོང་ཁྱེར”འཛུགས་སྐྲུན་ལ་གཞི་བཅོལ་ནས། “དྭངས་གསལ་ལས་གྲྭ”སྣེ་འཁྲིད་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ།

(གསུམ) གང་ནུས་ཅི་ཐུབ་དང་ཐུབ་ཚོད་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོ་འགན་སྲུང་དང་ཚད་ལྡན་དོ་དམ་སྔར་བས་ཇེ་དྲག་ཏུ་གཏང་རྒྱུ། མི་དམངས་ལྟེ་བ་ཡིན་པའི་གོང་འཕེལ་གྱི་བསམ་བློ་བརྟན་པོར་བཙུགས་ནས། གཞི་རྩའི་དམངས་འཚོ་འགན་སྲུང་མ་ལག་འཐུས་ཚང་དུ་བསྐྲུན་པ་དང་། མང་ཚོགས་ཀྱི་ཉིན་རེར་འཕར་བའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་སྔར་ལས་བསྐང་ཐུབ་པར་བྱ་རྒྱུ། ལས་ཞུགས་འགན་སྲུང་ནུས་ཤུགས་ཇེ་དྲག་ཏུ་གཏང་རྒྱུ། ལས་ཞུགས་ཁ་གསབ་རོགས་སྐྱོར་དང་ལས་རིགས་རྩལ་ནུས་མཐོར་འདེགས་འགུལ་སྐྱོད། བཟོ་ལས་ཁེ་ལས་ཀྱི་སྒྲིག་གཞི་སྙོམ་སྒྲིག་གི་ཆེད་སྤྱོད་བྱ་དགའི་ཁ་གསབ་དང་ལས་ཤོར་ཉེན་འགོག་ཐེབས་རྩ་སོགས་ཀྱི་མ་དངུལ་གཅིག་འདོམས་སྒོས་བཀོལ་སྤྱོད་ལེགས་པོར་བྱས་ཏེ། གཙོ་གནད་ཁྱུ་ཚོགས་ལས་ཞུགས་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་ནས། ངལ་རྩོལ་པའི་རྩལ་ནུས་ཆུ་ཚད་དང་ལས་ཞུགས་གསར་སྐྲུན་ནུས་ཤུགས་མཐོར་འདེགས་གཏང་རྒྱུ། སློབ་གསོའི་སྤུས་ཚད་མཐོ་བའི་གོང་སྤེལ་ལ་སྐུལ་སྤེལ་གཏང་རྒྱུ། ཁྱིམ་ཚང་གི་དཔལ་འབྱོར་དཀའ་ཁག་ཡོད་པའི་སློབ་མའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས། སློབ་སྔོན་སློབ་གསོའི་ནོར་སྲིད་ཀྱི་དངུལ་གཏོང་ཆེ་རུ་གཏོང་དང་། འགན་བབ་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། དབུལ་ཕོངས་ས་ཁུལ་གྱི་སློབ་སྒྲུབ་ཆ་རྐྱེན་སྔར་བས་ལེགས་སྒྱུར་བཏང་ནས། མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིག་གི་གནས་སྤོར་བྱ་བ་གོ་རིམ་ལྡན་པར་སྐུལ་སྤེལ་དང་། ཟི་ལིང་སློབ་ཆེན་མགྱོགས་མྱུར་ངང་འཛུགས་པར་རྒྱབ་སྐྱོར་བྱས་ནས། མཐོ་རིམ་སློབ་གྲྭའི་རིག་ཚན་རྩེ་གྲ་དང་ཆེད་ལས་རྩེ་གྲ་འཛུགས་སྐྲུན་ལ་རིགས་དབྱེ་སྒོས་སྐུལ་འདེད་གཏང་རྒྱུ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏང་རྒྱུ། སྤྱི་ཚོགས་འགན་སྲུང་གི་གླ་ཆ་སྙོམ་སྒྲིག་རྐྱེན་སྲོལ་བཙུགས་ནས། ཉེན་འགོག་རིགས་སྣ་ཚོགས་ཀྱི་གླ་ཆའི་ཆུ་ཚད་འོས་འཚམ་གྱིས་བརྟན་འཇགས་ངང་ཇེ་མཐོར་གཏང་རྒྱུ། གཞི་རྩའི་རྨང་གཞིའི་རྒན་གསོ་ཉེན་འགོག་ཐེབས་རྩའི་འཁོར་སྐྱོད་ཀྱི་ལྟ་བཤེར་ཇེ་དྲག་ཏུ་བཏང་ནས། ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་འགོག་ཐེབས་རྩའི་ཁ་ཆག་མཉམ་འཁུར་རྐྱེན་སྲོལ་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱས་ནས། གཞི་རྩའི་རྒན་གསོ་ཉེན་འགོག་གི་གླ་ཆ་དུས་ལྟར་འདང་ངེས་སྟེར་བར་ཁག་ཐེག་བྱ་རྒྱུ། སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། དཀའ་ཁག་མང་ཚོགས་ཀྱི་རོགས་སྐྱོབ་དང་ཟུར་ཐོན་དམག་མིའི་བདེ་སྡོད་འགན་སྲུང་སོགས་ཀྱི་བྱ་བ་མུ་མཐུད་ལེགས་པོར་བསྒྲུབ་རྒྱུ། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏང་རྒྱུ། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་དང་རིམས་བབ་གལ་ཆེན་འགོག་སྡོམ་སྐྱོབ་བཅོས་མ་ལག་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གལ་ཆེན་ལ་ཁ་གཏད་འཇལ་བའི་ནུས་ཤུགས་དང་ཆུ་ཚད་ཇེ་མཐོར་གཏང་རྒྱུ། སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་མ་ལག་འཛུགས་པར་མུ་མཐུད་ཤུགས་བསྣན་ནས། གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ། དམངས་འཚོའི་གཏོང་ཡོང་གི་དོ་དམ་ཚད་ལྡན་དུ་གཏང་རྒྱུ། རྒྱལ་ཁབ་དང་ཞིང་ཆེན་གྱིས་གཅིག་གྱུར་སྒོས་བཏོན་པའི་དམངས་འཚོ་སྲིད་ཇུས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། དམངས་འཚོ་སྲིད་ཇུས་སྔོན་ལ་བདེན་སྤྲོད་དཔྱད་དཔོག་བྱེད་པར་ཤུགས་བསྣན་ནས། དམངས་འཚོའི་འགྲོ་སྒོའི་ཞིབ་ཐོ་དོ་དམ་ལམ་ལུགས་འཛུགས་པ་དང་། དམངས་འཚོ་འགྲོ་སྒོའི་སྔོན་རྩིས་ཀྱི་དོ་དམ་འཐུས་ཚང་དུ་བཏང་ནས། ནོར་སྲིད་ཀྱི་འདེགས་ཚད་ནུས་ཤུགས་ལ་དཔྱད་དཔོག་བྱས་ནས། དཔྱད་དཔོག་བདེན་སྤྲོད་ལས་ལག་བསྟར་ཆ་རྐྱེན་མི་འདང་བའམ་མངོན་མེད་ཉེན་ཁ་ཡོད་པའི་དམངས་འཚོའི་སྲིད་ཇུས་གཅིག་ཀྱང་ལག་བསྟར་མི་བྱེད་པར་ཤུགས་བསྣན་ནས། ནོར་སྲིད་འཁོར་སྐྱོད་ཀྱི་རྒྱུན་མཐུད་རང་བཞིན་ལ་དངོས་གནས་ཤུགས་འདོན་རྒྱུ།

(བཞི) སྐབས་བསྟུན་གསར་སྐྲུན་དང་དཀའ་ཁག་གཏོར་བ་རྒྱུན་འཁྱོངས་བྱས་ཏེ། དོ་དམ་ལམ་ལུགས་དང་འཁོར་སྐྱོད་རྐྱེན་སྲོལ་སྔར་ལས་ལེགས་འགོད་གཏང་རྒྱུ། ཀྲུང་དབྱང་གི་རྩེ་རིམ་ཇུས་འགོད་ལ་དམ་པོར་བསྙེགས་ནས། རང་འགུལ་རང་བཞིན་དང་གསར་སྐྲུན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ། བཅོས་སྒྱུར་གསར་སྐྲུན་སྐུལ་སྤེལ་ལ་ཤུགས་ཡོད་རྒུ་གཅིག་ཏུ་བསྡུ་བར་བྱ་རྒྱུ། ནོར་སྲིད་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ། གཅིག་གྱུར་གྱི་སྔོན་རྩིས་དོ་དམ་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། སྲིད་འཛིན་དབང་ཆ་དང་རྒྱལ་དབང་ཐོན་ཁུངས་ཀྱི་རྒྱུ་ནོར་ལས་ཐོབ་པའི་ཡོང་སྒོ་སྣ་ཚོགས་དང་། ཁྱད་དམིགས་ཆོག་མཆན་ཐོབ་པའི་ཚོང་གཉེར་དབང་ཆའི་ཕམ་ཚོང་གི་ཡོང་སྒོ་དང་སྡེ་ཁག་དང་སྡེ་ཚན་ལ་ཐོབ་པའི་ཡོང་སྒོ་སྣ་ཚོགས་ཁྱོན་ཡོངས་ནས་སྔོན་རྩིས་དོ་དམ་ནང་བསྡུ་ལེན་བྱེད་པར་གཞི་བཅོལ་ནས། འགྲོ་སྒོའི་དགོས་མཁོ་གཅིག་གྱུར་འགན་སྲུང་བྱེད་པ་དང་། སྔོན་རྩིས་ནང་བསྡུ་ལེན་བྱས་མེད་པ་གཅིག་ཀྱང་རང་འགུལ་ངང་འགྲོ་སྒོ་བཀོད་སྒྲིག་བྱས་མི་ཆོག གཞུང་ནས་རྩ་དང་འཕྲེད་ནས་འགྲམ། མཉམ་འབྲེལ་མཉམ་ཞུགས་བཅས་གཞི་གཅིག་ཅན་གྱི་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྔོན་རྩིས་གཏོང་ཡོང་གི་གཞི་གྲངས་ཆ་འཕྲིན་ཡོངས་སུ་བརྒྱུད་གཏོང་ཐུབ་པ་མངོན་འགྱུར་བྱས་ནས། སྔོན་རྩིས་དོ་དམ་བཅོས་སྒྱུར་བྱེད་ཐབས་སྣ་ཚོགས་ཀྱི་ཕྱོགས་ཡོངས་རང་བཞིན་ལ་སྐུལ་འདེད་དང་དེང་རབས་ནོར་ཁྲལ་ལམ་ལུགས་འཁོར་སྐྱོད་ལ་ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ། ཞིང་ཆེན་འོག་རིམ་གྱི་ནོར་སྲིད་འབྲེལ་བ་ལེགས་འགོད་བྱ་རྒྱུ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་རྒན་གསོའི་ཉེན་འགོག་སོགས་ཁྱབ་ཁོངས་བགར་ནས་ཞིང་ཆེན་འོག་རིམ་གྱི་ནོར་སྲིད་དོན་དབང་དང་འགྲོ་སྒོའི་འགན་འཁྲི་དབྱེ་བགོ་བཅོས་སྒྱུར་དོན་འཁྱོལ་བྱས་ཏེ། ནོར་སྲིད་ཀྱི་འགན་སྲུང་རྐྱེན་སྲོལ་དང་དོ་དམ་རྣམ་པ་ཚན་རིག་ལྟར་འོས་འཚམ་གྱིས་གཏན་འཁེལ་བྱ་རྒྱུ། སྤོ་སྒྱུར་གཏོང་སྤྲོད་ལམ་ལུགས་སྔར་ལས་འཐུང་ཚང་དུ་བཏང་ནས། སྤོ་སྒྱུར་གཏོང་སྤྲོད་ཀྱི་བྱེད་ནུས་སྣ་ཚོགས་གཏན་འཁེལ་གསལ་བོར་བྱེད་པ་དང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་དང་ཐུན་མོང་ནོར་སྲིད་ཀྱི་དོན་དབང་སྤོ་སྒྱུར་གཏོང་སྤྲོད་བསྡུར་ཚད་བརྟན་འཇགས་ངང་མཐོར་འདེགས་གཏང་རྒྱུ། གྲོང་ཁྱེར་དང་ཁུལ་སྡེ་ཚན་ཡིན་པའི་ནོར་ཤུགས་རང་བཞིན་གྱི་གཅིག་གྱུར་ཁ་གསབ་རོགས་སྐྱོར་སྲིད་ཇུས་གཏོར་ནས། རྫོང་སྡེ་ཚན་ཡིན་པའི་བར་ཁྱད་ཅན་གྱི་ཁ་གསབ་རོགས་སྐྱོར་གྱི་བསྡུར་ཚད་ཞིབ་འཇུག་སྒོས་བཙུགས་ནས། ས་ཁུལ་བར་གྱི་ནོར་ཤུགས་སྔར་བས་སྙོམ་སྒྲིག་དང་དོ་མཉམ་ཡོང་བར་བྱ་རྒྱུ། ནོར་ཁྲལ་ལམ་ལུགས་བཅོས་སྒྱུར་དོན་འཁྱོལ་བྱ་རྒྱུ། རྒྱལ་ཁབ་ཀྱི་འཛད་སྤྱོད་ཁྲལ་བསྡུ་ལེན་ལྷུ་ཚིགས་རྗེས་སྣུར་དང་ཆུའི་ཐོན་ཁུངས་ཁྲལ་བཅོས་སྒྱུར་གྱི་འགུལ་ཕྱོགས་ལ་རྗེས་བསྙེག་དོ་སྣང་དམ་ཟབ་བྱས་ཏེ། དཔག་རྩིས་ཀྱི་དབྱེ་ཞིབ་ལེགས་པོར་བསྒྲུབ་པ་དང་། རང་ཞིང་གི་བཅོས་སྒྱུར་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏང་རྒྱུ། གན་ཁྲལ་དང་གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་ཁྲལ་གྱི་ས་གནས་ཁྲིམས་འཛུགས་བྱ་བ་སྤེལ་བར་མཉམ་འབྲེལ་བྱ་རྒྱུ། དེ་ལས་གཞན། “གློད་སྡོམ་ཞབས”གསུམ་གྱི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྲིད་གཞུང་གི་ཉོ་སྒྲུབ་དང་རྒྱལ་དབང་རྒྱུ་ནོར། རྩིས་གཉེར་ལམ་ལུགས་བཅས་ཐད་ཀྱི་བཅོས་སྒྱུར་བྱ་བ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏང་རྒྱུ།

(ལྔ) སྒྲིག་ལུགས་གཉིས་འཛུགས་དང་རྨང་རྩ་གཉིས་བརྟན་རྒྱུན་འཁྱོངས་བྱས་ཏེ། དོ་དམ་འགུལ་ནུས་དང་ལྟ་སྐུལ་ཕྱོད་ནུས་སྔར་ལས་མཐོར་འདེགས་གཏང་རྒྱུ། ནོར་དཔལ་སྒྲིག་ཁྲིམས་ནན་མོ་བྱས་ཏེ། ནོར་སྲིད་མ་དངུལ་དོ་དམ་གྱི་སྐུལ་སྤེལ་དང་ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། ནོར་སྲིད་ཀྱི་ལྟ་སྐུལ་དོ་དམ་ཇེ་ཆེར་བཏང་ནས། ནོར་སྲིད་མ་དངུལ་གྱི་བཀོལ་སྤྱོད་ཕན་འབྲས་ཧུར་ཐག་གིས་ཇེ་དྲག་ཏུ་གཏང་རྒྱུ། སྔོན་རྩིས་དོ་དམ་ལམ་ལུགས་དོན་འཁྱོལ་ཇེ་དྲག་ཏུ་གཏང་རྒྱུ། སྔོན་རྩིས་ཁྲིམས་ལག་བསྟར་སྲོལ་ཡིག་དང་འབྲེལ་ནས། རང་ཞིང་གི་སྔོན་རྩིས་དོ་དམ་སྲོལ་ཡིག་དང་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག་སོགས་བཟོ་བཅོས་བྱ་བ་ལེགས་པོར་བསྒྲུབ་ནས། གོང་ཁྲིམས་དང་མི་མཐུན་པའི་སྒྲིག་ཁྲིམས་ལམ་ལུགས་ཁྱོན་ཡོངས་ནས་གཙང་སེལ་བྱ་རྒྱུ། ཁྲིམས་བཀོད་དབང་བཅད་དང་གོ་རིམ་སྒྲུབ་རིམ་གྱི་སྔོན་རྩིས་ལེགས་སྒྲིག་སྙོམ་སྒྲིག་གི་དོན་ཚན་ལྟར། སྔོན་རྩིས་ཀྱི་ཁྲིམས་ལུགས་དབང་གྲགས་ལ་དངོས་གནས་སྲུང་སྐྱོབ་བྱ་རྒྱུ། སྔོན་རྩིས་ལས་ཕྱོད་གོ་རིམ་དོ་དམ་དངོས་གནས་བསྒྲུབ་རྒྱུ། དོན་དག་གི་མགོ་མཇུག་བར་གསུམ་གྱི་བར་ཚིགས་སོ་སོར་གཅིག་བསྡུས་བྱས་ཏེ། ལས་ཕྱོད་དམིགས་འབེན་ཞིབ་བཤེར་ནན་འཛིན་དང་། ལས་ཕྱོད་དམིགས་འབེན་གྱི་ལྟ་བཤེར་ཇེ་དྲག།ལས་ཕྱོད་དཔྱད་འཇོག་མཇུག་འབྲས་དང་སྔོན་རྩིས་སྒྲིག་ལུགས། མ་དངུལ་བཀོད་སྒྲིག་གི་དངུལ་སྤྱོད་རང་བཞིན་ཟུང་འབྲེལ་བྱེད་པར་ཤུགས་བསྣན་ནས། ལས་ཕྱོད་ཆ་འཕྲིན་ཡོངས་བསྒྲགས་ཤུགས་ཚད་ཆེ་རུ་གཏོང་བ་དང་། མ་དངུལ་དབྱེ་བཀོད་དང་བཀོལ་སྤྱོད་ཀྱི་མཉམ་འབྲེལ་བཟང་བོར་སྐུལ་སྤེལ་གཏང་རྒྱུ། སྲིད་གཞུང་གི་བུ་ལོན་ཚད་ལྡན་ཚོད་འཛིན་ནན་མོ་བྱ་རྒྱུ། “གཡོར་བཀོལ་སྤྲོད་དམ་འཛིན”བཅས་ཀྱི་གོ་རིམ་ཡོངས་ཀྱི་དོ་དམ་གཏན་འཁེལ་ཁྱོན་ཡོངས་ནས་དོན་འཁྱོལ་སྒོས། ས་གནས་སྲིད་གཞུང་གི་བུ་ལོན་བཅད་གྲངས་དོ་དམ་དང་སྔོན་རྩིས་དོ་དམ་ནན་མོ་བྱས་ཏེ། སྒྲིག་འགལ་བུན་ལེན་དང་ཁག་འཁུར་བྱ་སྤྱོད་གཏན་འགོག་བྱེད་པ་དང་། བུན་སྒྱུར་རྫུན་བཟོ་གཏན་འགོག་བྱས་ནས་ཉེན་ཁ་ཐག་གཅོད་ཀྱི་ཉེན་ཁ་ནན་འགོག་བྱ་རྒྱུ། བུན་འཛིན་མ་དངུལ་དེ་ད་ལྟ་བསྐྲུན་པ་དང་མཐུད་བསྐྲུན་བྱེད་བཞིན་པའི་ལས་གྲྭར་སྔོན་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱུན་ལྡན་རང་བཞིན་གྱི་འགྲོ་སྒོར་བཀོལ་མི་ཆོག་ལ། བུ་ལོན་འཇལ་བར་བཀོལ་མི་ཆོག བུན་འཛིན་མ་དངུལ་ལས་གཞིའི་མཛོད་འཛུགས་སྐྲུན་ལ་སྔར་བས་ཤུགས་བསྣན་ནས། རྒྱུ་རྐྱེན་གྱི་འགན་སྲུང་ལེགས་པོར་བསྒྲུབ་པ་དང“མ་དངུལ་གྱིས་ལས་གཞིར་སྒུག་པ”སོགས་འབུར་ཐོན་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱ་རྒྱུ། སྲིད་གཞུང་གི་དངུལ་གཏོང་ཐེབས་རྩ་དོ་དམ་ཚད་ལྡན་དང་ཤུགས་བསྣོན་བྱ་རྒྱུ། དཔལ་འབྱོར་རིགས་སྒྱུར་དང་སྤུས་ཚད་མཐོ་བའི་གོང་སྤེལ། འཐབ་ཇུས་གལ་ཆེན་གྱི་དམིགས་འབེན་ལ་རུབ་བསྡུ་བྱས་ཏེ། ཐེབས་རྩ་ཚད་ལྡན་འཛུགས་པ་དང་། གཙོ་གནད་དང་ལེགས་སྐྱོར་ཞན་འདོར་འབུར་དུ་བཏོད་ནས། དུས་བཀག་གི་གཏན་འཁེལ་ལྟར་དངུལ་གཏོང་ལས་སྒོ་མ་སྤེལ་བའི་ཐེབས་རྩ་མཚམས་འཇོག་དང་ཕྱིར་བསྡུ་བྱེད་པ་དང་། དངོས་ཡོད་མཆན་བཀོད་གཞི་རྒྱ་ཆུང་བའི་ཆོག་ཡིག་གཞི་རྒྱ་མ་ཟད་རྗེས་མཐུད་དངུལ་བསྡུ་ལས་སྒོ་མེད་པའི་ཐེབས་རྩ་ཉུང་འཕྲི་བྱས་ནས། གནད་དོན་བཅོས་སྐྱོང་དོན་འཁྱོལ་ལ་ཤུགས་བསྣོན་རྒྱུ། སྲིད་གཞུང་གི་དངུལ་གཏོང་ཐེབས་རྩ་ཕྱིར་འབུད་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་ནས། ཉིན་རེའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣོན་པ་དང་། དོ་དམ་རིན་འོས་འཚམ་གྱིས་ཚོད་འཛིན་བྱས་ནས། སྲིད་གཞུང་གི་དངུལ་གཏོང་ཐེབས་རྩའི་སྐུལ་ཁྲིད་སྒུལ་ཤུགས་ཀྱི་བྱེད་ནུས་དངོས་གནས་འདོན་སྤེལ་བྱེད་པ་དང་ཐེབས་རྩའི་འཁོར་སྐྱོད་ལས་ཕྱོད་ཇེ་མཐོར་གཏང་རྒྱུ། རྒྱལ་དབང་དངུལ་རྩའི་མ་རྩ་དོ་དམ་འཐུས་ཚང་དུ་གཏང་རྒྱུ། དངུལ་གཏོང་མཁན་གྱི་དོ་དམ་ལས་འགན་ལག་བསྟར་ནན་མོ་བྱས་ཏེ། མ་རྩ་འཁོར་སྐྱོད་ཚད་ལྡན་དང་མ་རྩའི་ཕྱིར་ཐོན་ཇེ་མཐོ། མ་རྩའི་བདེ་འཇགས་སྲུང་སྐྱོབ་བཅས་བྱས་ཏེ། རྒྱལ་དབང་དངུལ་རྩའི་ལས་ཁུངས་སྟོབས་ལྡན་དུ་འགྲོ་བར་རྒྱབ་སྐྱོར་དང་། དངུལ་རྩའི་ཞབས་ཕྱིའི་དངོས་གཉེར་དཔལ་འབྱོར་གྱི་ནུས་ཤུགས་ཇེ་དྲག་ཏུ་གཏང་རྒྱུ། ནོར་རྩིས་ལྟ་སྐུལ་ཁྲིམས་མཐུན་སྒྲིག་མཐུན་ངང་སྤེལ་རྒྱུ། སྲིད་གཞུང་ལས་ཁུངས་ཀྱི་དངུལ་རྩའི་ལྟ་སྐུལ་གཙོ་ཁྲིད་ཡིན་པའི་མ་ལག་གི་སྒྲོམ་གཞི་བཙུགས་ནས། དངུལ་རྩིས་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་གི་མཉམ་སྦྱོར་མཐུན་སྦྱོར་ཆེ་རུ་བཏང་སྟེ། དངུལ་རྩིས་ལྟ་སྐུལ་གྱི་གོ་རིམ་ཚད་ལྡན་དང་ལྟ་སྐུལ་ཕྱོད་ནུས་མཐོར་འདེགས་གཏང་རྒྱུ། རྩིས་གཉེར་ཚད་གཞི་སྤུས་ཚད་མཐོ་བར་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། རྩིས་གཉེར་པའི་རྩིས་བཤེར་ལྟ་སྐུལ་དོ་དམ་ལ་སྔར་ལས་ཇེ་དྲག་ཏུ་གཏང་རྒྱུ། ནོར་སྲིད་ལས་བྱེད་པའི་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལས་སྒོའི་མཛུབ་སྟོན་དང་སློབ་གསོའི་གསོ་སྦྱོང་ཇེ་ཆེར་བཏང་སྟེ། ནོར་སྲིད་ལས་བྱེད་པས་གཞུང་ལས་གསར་བ་བཀོལ་བ་དང་སྲིད་ཇུས་ཀྱིས་ནོར་སྲིད་བཅོས་སྒྱུར་གོང་སྤེལ་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། ཁྲིམས་ལྟར་ནོར་གཉེར་དང་ཚན་རིག་གིས་ནོར་གཉེར་བྱེད་པའི་ནུས་ཤུགས་མཐོར་འདེགས་གཏང་རྒྱུ། དམངས་ཆེན་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱ་རྒྱུ། དམངས་ཆེན་ལ་སྙན་ཞུ་བཀོད་པའི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ལམ་ལུགས་མུ་མཐུད་དུ་དོན་འཁྱོལ་བྱས་ཏེ། སྔོན་ངེས་རྩིས་དང་སྲིད་གཞུང་གི་ཉོ་སྒྲུབ། སྲིད་གཞུང་གི་བུ་ལོན་སོགས་ཆ་འཕྲིན་ཁྲིམས་མཐུན་སྒྲིག་མཐུན་ངང་ཡོངས་བསྒྲགས་བྱ་རྒྱུ། འཐུས་མི་ཨུ་ཡོན་ལ་ཞབས་ཕྱི་བྱེད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ནོར་སྲིད་བྱ་བའི་གནས་ཚུལ་བརྡ་བསྒྲགས་དང་ནོར་ཁྲལ་སྲིད་ཇུས་དྲིལ་སྒྲོག་ལ་ཤུགས་བསྣན་ནས། བསམ་ཚུལ་དང་གྲོས་གཞི་སྒྲུབ་པའི་སྤུས་ཚད་མུ་མཐུད་ཇེ་མཐོར་གཏང་རྒྱུ། དམངས་ཆེན་གྱི་སྔོན་རྩིས་སྦྲེལ་དྲའི་ལྟ་སྐུལ་སྐུལ་འདེད་གཏོང་བར་ཧུར་ཐག་གིས་མཉམ་འབྲེལ་བྱས་ཏེ། དམངས་ཆེན་གྱིས་ནོར་སྲིད་ཀྱི་སྔོན་རྩིས་སྒྲིག་ལུགས་དང་ལག་བསྟར་གྱི་གོ་རིམ་ཡོངས་ལ་ལྟ་སྐུལ་བྱེད་པར་སྐུལ་འདེད་གཏང་རྒྱུ།

འཐུས་མི་རྣམ་པ། སྤྱི་ལོ2021ལོར་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་ལས་འགན་ལྗིད་ཅིང་འགན་འཁྲི་ཆེན་པོ་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་དམ་པོར་དམིགས་ནས། ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་དང་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱེད་དགོས་ཤིང་། ལས་འགན་གྱི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། མུ་མཐུད་གསར་འབྱེད་མཐུད་སྐྱོད་བྱས་ཏེ། དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཤུགས་ཡོད་རྒུ་བཏོན་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་བར”མགོ་ལེགས་པོ་ཞིག་རྩོམ་པར་ཁག་ཐེག་བྱས་སྟེ། མཚོ་སྔོན་གསར་བ་བསྐྲུན་པར་སྐུལ་འདེད་བྱེད་པ་དེས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་བསྐྲུན་པའི་བགྲོད་ལམ་གསར་བའི་སྟེང་དུ་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-11

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།