རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ།
རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཤིག་ཡིན། ཡར་སྔོན་དེའི་མིང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་ཚན་ཆུང་གཞུང་སྒྲུབ་ཁང་ཟེར། སྤྱི་ལོ2021ལོའི་ཟླ2པའི་ཚེས16ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་སྤྱི་ལོ2021ལོའི་དེབ4པར་ཀྲུང་གུང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཏང་ཙུའུ་ཡི་མིང་ཐོག་ནས་སྤེལ་བའི་རྩོམ་ཡིག《མིའི་རིགས་ཀྱི་དབུལ་ཐར་ལོ་རྒྱུས་སྟེང་གི་ངོ་མཚར་རླབས་པོ་ཆེ》ཞེས་པ་ལས་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་བཙུགས་ཟིན་པ་གསལ་སྟོན་བྱས་འདུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家乡村振兴局
ངོ་བོ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།
བཙུགས་དུས།
སྤྱི་ལོ2021ལོའི་ཟླ1པོར།
སྲིད་འཛིན་རིམ་དབྱེ།
པུའུ་རིམ་པ་གཞོན་པ།
གཞུང་སྒྲུབ་ས་གནས།
པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཁུལ་ཉི་མའི་ཕོ་བྲང་གི་བྱང་ལམ1པོ།
ཅུའུ་ཀྲང་།
ཝང་ཀྲེང་ཕུའུ།
1 ངོ་སྤྲོད། 

རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཤིག་ཡིན། ཡར་སྔོན་དེའི་མིང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་ཚན་ཆུང་གཞུང་སྒྲུབ་ཁང་ཟེར། སྤྱི་ལོ2021ལོའི་ཟླ2པའི་ཚེས16ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་སྤྱི་ལོ2021ལོའི་དེབ4པར་ཀྲུང་གུང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཏང་ཙུའུ་ཡི་མིང་ཐོག་ནས་སྤེལ་བའི་རྩོམ་ཡིག《མིའི་རིགས་ཀྱི་དབུལ་ཐར་ལོ་རྒྱུས་སྟེང་གི་ངོ་མཚར་རླབས་པོ་ཆེ》ཞེས་པ་ལས་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་བཙུགས་ཟིན་པ་གསལ་སྟོན་བྱས་འདུག

སྤྱི་ལོ2021ལོའི་ཟླ2པའི་ཚེས25ཉིན་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡི་སྒོ་བྱང་དངོས་སུ་བཀལ།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1982ལོའི་ཟླ12པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《ཞི་གསུམ(ཧོ་ཞི་དང་། ཏེང་ཞི། ཞི་ཧའེ་ཀུའུ)ས་ཁུལ་གྱི་ཞིང་ལས་འཛུགས་སྐྲུན་ཚན་ཆུང་འཛུགས་པའི་བརྡ་སྦྱོར》(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་ཡིག་ཆ[1982]ཨང་རྟགས85པ)འགྲེམ་སྤེལ་བྱས་ཤིང་།  ཞི་གསུམ་ས་ཁུལ་གྱི་ཞིང་ལས་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་འཛུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

སྤྱི་ལོ1986ལོའི་ཟླ5པའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་ཕོངས་ས་ཁུལ་དཔལ་འབྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་བཙུགས།

སྤྱི་ལོ1988ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་ཕོངས་ས་ཁུལ་དཔལ་འབྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་དང་ཞི་གསུམ་ས་ཁུལ་གྱི་ཞིང་ལས་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་མཉམ་གཅིག་ཏུ་བསྒྲིལ་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་ཞེས་མིང་བཏགས་པ་དང་། རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དུ་མིང་བཏགས།

སྤྱི་ལོ1993ལོའི་ཟླ12པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ཞེས་མིང་གསར་དུ་བརྗེས།

སྤྱི་ལོ2021ལོའི་ཟླ1པོར། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་དངོས་སུ་ཚུགས།

སྤྱི་ལོ2021ལོའི་ཟླ2པའི་ཚེས16ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་སྤྱི་ལོ2021ལོའི་དེབ4པར་ཀྲུང་གུང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཏང་ཙུའུ་ཡི་མིང་ཐོག་ནས་སྤེལ་བའི་རྩོམ་ཡིག《མིའི་རིགས་ཀྱི་དབུལ་ཐར་ལོ་རྒྱུས་སྟེང་གི་ངོ་མཚར་རླབས་པོ་ཆེ》ཞེས་པ་ལས་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་བཙུགས་ཟིན་པ་གསལ་སྟོན་བྱས་འདུག ཟླ2པའི་ཚེས18ཉིན་ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ཁང་ནས་བརྙན་ཕབ་བྱས་པའི་དབུལ་ཐར་འགག་སྒྲོལ་དང་འབྲེལ་བའི་ཆེད་དོན་ལེ་ཚན《དབུལ་བོ་རྒྱང་དུ་གཡུགས་པ》ཞེས་པ་ཐོག་མར་བརྙན་འཕྲིན་ལས་བཏང་། ལེ་ཛན་འདི་ནི་ཀྲུང་དབྱང་བརྙན་འཕྲིན་ཁང་དང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་གཉིས་ནས་མཉམ་འབྲེལ་བགྱིས་ཏེ་བཟོས་པ་ཡིན་ལ། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་དངོས་སུ་ཕྱི་བ་བསྒྲགས། ཟླ2པའི་ཚེས25ཉིན་གྱི་ཆུ་ཚོད16སྟེང་། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡིས་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཁུལ་ཉི་མའི་ཕོ་བྲང་གི་བྱང་ལམ1པོ་ནས་དངོས་སུ་སྒོ་བྱང་བཀལ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་སྒོ་བྱང་དེའི་སྔོན་ལ་བླངས་ཟིན། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་བསྒྱུར་བཅོས་བྱས་ཏེ་བྱུང་བ་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཡིན། དེའི་ནང་གི་ལས་ཁུངས་ཀྱི་སྒྲིག་བཀོད་ནི་སྤྱིའི་ཆ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་གཅིག་འདྲ་ཡིན། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ནི་མ་འོངས་པ་ན་ཞིང་ལས་དང་ཞིང་སྡེ་པུའུ་ཡིས་བདག་གཉེར་བྱེད་པའི་རྒྱལ་ཁབ་ཀྱི་ལས་ཁུངས་སུ་འགྱུར་ངེས།

3 སྒྲིག་བཀོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་རུ་ཆ་འཕྲིན་ལྟེ་གནས་དང་། གསར་སྤེལ་མཛུབ་སྟོན་ཟི། དཔྱལ་ཞིབ་གདེང་འཇོག་ཟི ཕྱོགས་བསྡུས་ཟི། སྲིད་ཇུས་སྒྲིག་ཁྲིམས་ཟི། འཆར་འགོད་ནོར་སྲིད་ཟི་སོགས་ཀྱི་ལས་ཁུངས་ཡོད།

4 ལས་ཁུངས་ཀྱི་ལས་འགན།

སྤྱི་ལོ2021ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ཁྲོད་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་འགྲུབ་པའི་རྗེས་སུ་དབུལ་བོ་ལས་བའི་རྫོང་དག་ལ་དབུལ་བོ་ལས་ཐར་བའི་ཉིན་ནས་བཟུང་ལོ་ངོ5ཡི་བར་བརྒལ་དུས་རིམ་བཙུགས་ཏེ་དབུལ་ཐར་གྱི་ཕྱོགས་ལ་རོགས་རམ་བྱ་དགོས། བར་བརྒལ་དུས་རིམ་གྱི་རིང་ལ་ད་ཡོད་ཀྱི་དབུལ་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོར་སྤེལ་དགོས་པ་མ་ཟད། རིམ་པ་བཞིན་ལེགས་སྒྲིག་བྱས་ཏེ་འགྲོས་ཚད་དང་། ནུས་ཚད། དུས་ཚོད་བཅས་འོས་འཚམ་གྱིས་རྒྱུན་འཁྱོངས་བྱས་ཏེ་རིམ་པ་བཞིན་ཐོན་ཁུངས་གཅིག་སྡུད་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་དེ་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བར་བར་བརྒལ་བྱུང་བར་མངོན་འགྱུར་དང་། ཞིང་གསུམ་བྱ་བའི་གཙོ་གནད་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་གཏོང་དགོས། སྲིད་ཇུས་སྣ་ཚོགས་ཇེ་ལེགས་སུ་གཏོང་བའི་ཐབས་ལམ་སྤྱད་དེ་ལས་ཀ་དང་སྲིད་ཇུས་ཀྱི་ཐད་ནས་སྟོང་ཆ་མེད་པར་ཁག་ཐེག་བྱ་དགོས།

5 འོས་འགན་གཙོ་བོ།

ལོ་ལྔའི་བར་བརྒལ་དུས་སྐབས། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡི་ལས་འགན་གཙོ་བོ།  

གཅིག་ནས་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་བཀག་འགོག་བྱེད་པའི་ཕུགས་ཕན་ལམ་སྲོལ་ཡིན་ཞིང་། དབུལ་པོའི་མཐའ་མཚམས་སུ་གནས་པའི་ཉམས་ཞན་ཚོགས་སྤྱི་དང་ཉམས་ཞན་ས་ཁུལ་ལ་ཕུགས་ཕན་བྱེད་ཐབས་བརྒྱུད་བསྐྱར་དུ་དབུལ་པོར་མི་འགྱུར་རྒྱུའི་འགན་ལེན་བྱེད་དགོས།  གཉིས་ནས་ཕུགས་ཕན་བརྟན་པོའི་ངང་འཕར་བའི་ལམ་སྲོལ་ལག་ལེན་དུ་བསྟར་ནས་དབུལ་ཐར་གྱི་ཕན་འབྲས་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།  དེའི་ནང“གསར་དུ་དབུལ་པོར་བསྐྱོད་པའི”གནས་ཚུལ་ཚུད་ཡོད་པ་སྟེ། དུས་འགོའི་དུད་ཚང་དབུལ་པོས་རང་བྱུང་གནོད་འཚེ་དང་ཐོལ་བྱུང་ནད་གཞི་སོགས་ཀྱི་གནས་ཚུལ་འཕྲད་སྐབས་དབུལ་པོའི་གནས་སུ་གྱར་རྒྱུ་བཀག་འགོག་བྱ་རྒྱུ་དེ་རེད།  

གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་རྒྱུན་རྣམ་ཅན་དུ་འགྱུར་བའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ངལ་རྩོལ་བྱེད་ནུས་ཡོད་རིགས་ལ་གསར་སྤེལ་གྱི་རྣམ་པ་ལྡན་པའི་རོགས་སྐྱོར་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་དགོས། ངལ་རྩོལ་བྱེད་ནུས་མེད་མཁན་དག་དུས་ཐོག་ཏུ་ད་ཡོད་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་ནང་འཇུག་དགོས། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་གཙོ་གནད་དུ་བཟུང་སྟེ་མུ་མཐུད་ནས་ཤུགས་སྣོན་རྒྱག་དགོས། གནས་སྤོས་རྗེས་མཐུད་ཀྱི་རོགས་སྐྱོར་ལེགས་པར་བྱ་དགོས། ནུབ་རྒྱུད་ས་ཁུལ་གྱི་དབུལ་ཐར་རྫོང་དུ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ཁག་ཅིག་གཏན་འཁེལ་བྱ་དགོས།

སྲིད་ཇུས་ལེགས་སྒྲིག་གོ་རིམ་ལྡན་པར་བྱས་ནས་ལས་ཀའི་མ་ལག་བརྟན་པོའི་ངང་རིགས་བསྒྱུར་ཡོང་བར་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་བརྒྱུད་རིམ་ནང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་སྲིད་ཇུས་ཀྱི་ཡིག་ཆ་དང་ལག་བསྟར་ཇུས་གཞི200ལྷག་ཙམ་བཏོན་པ་རེད། གོམ་སྟབས་རྗེས་མར་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་སྲིད་ཇུས་རིགས་དབྱེ་ལེགས་སྒྱུར་ལེགས་སྒྲིག་ལ་གོ་རིམ་བཞིན་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་རིམ་བཞིན་བརྟན་པོའི་ངང་བར་བརྒལ་ཐུབ་པ་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-01

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།