ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།
ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོའི་ཟླ12པའི་ཚེས9ཉིན་བཙུགས་ཤིང་། སྔོན་མར་ཀན་སུའུ་མི་དམངས་ཁྲིམས་ཁང་གི་ཝུའུ་ཏུའུ་ཡན་ལག་ཁྲིམས་ར་ཡིན་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཆུས་ཏུང་ཅང་ཁུལ་གསར་གྱི་ཅི་ཀྲོའུ་ལམ་ཆེན་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陇南市中级人民法院
བཙུགས་ལོ།
སྤྱི་ལོ1949ལོའི་ཟླ12པའི་ཚེས9ཉིན།
འབྲེལ་གཏུག་ཁ་པར།
0939-8386511
མི་གྲངས།
མི90ཡོད།
སྦྲག་སྲིད་ཨང་རྟགས།
746000
ཡོན་ཀྲང་།
ཆན་ཧྥུའུ་ཞན།
གནས་ཡུལ།
ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཆུས་ཏུང་ཅང་ཁུལ་གསར་གྱི་ཅི་ཀྲོའུ་ལམ་ཆེན།
1 ངོ་སྤྲོད།

ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོའི་ཟླ12པའི་ཚེས9ཉིན་བཙུགས་ཤིང་། སྔོན་མར་ཀན་སུའུ་མི་དམངས་ཁྲིམས་ཁང་གི་ཝུའུ་ཏུའུ་ཡན་ལག་ཁྲིམས་ར་ཡིན་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་དེ་ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཆུས་ཏུང་ཅང་ཁུལ་གསར་གྱི་ཅི་ཀྲོའུ་ལམ་ཆེན་དུ་གནས་ཡོད། ཁྲིམས་ཁང་ཡོངས་སུ་མི90ཡོད་པ་དང་། སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་མི་གྲངས་བསྡོམས་འབོར་གྱི87%བཟུང་ཡོད། དེའི་ནང་རབ་འབྱམས་པ5དང་། དངོས་གཞིའི་མི་གྲངས73ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི81%ཟིན་ཡོད།

2 ནང་ཁུལ་གྱི་སྒྲིག་གཞི།

ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ད་ལྟ་གྱོད་དོན་ཐོ་འགོད་ཁྲིམས་ར་དང་། ཉེས་དོན་འདྲི་གཅོད་ཁྲིམས་ར་དང་པོ། ཉེས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར། སྲིད་འཛིན་ཁྲིམས་ར། ལག་བསྟར་ཅུའུ། ཆབ་སྲིད་པུའུ། ཁྲིམས་འཛིན་འདྲི་གཅོད་ཁང་། སྲིད་འཛིན་འདྲི་གཅོད་ཁང་། སྲིད་འཛིན་འདྲི་གཅོད་ཁང་། སྲིད་འཛིན་འདྲི་གཅོད་ཁང་། ཁྲིམས་འཛིན་ལག་རྩལ་ཁྲུའུ། སྐྱིན་ཚབ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་སོགས་ཁྱོན་བསྡོམས་སྡེ་ཁག21ཡོད།

3 ​གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ7པའི་ཚེས23ཉིན“སྲིད་ཁྲིམས་ཁོངས་གཏོགས་ཀྱི་སྨྱན་སྦྱོར་གསར་པའི་བཀོལ་སྤྱོད་གྱོད་དཔེ”སྐབས་དྲུག་པའི་འདེམས་སྒྲུག་བྱེད་སྒོའི་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་རྒྱལ་ཡོངས་ཁྲིམས་ཁང་ཁོངས་གཏོགས་ཀྱི“ཤུགས་རྐྱེན་ཆེ་ཤོས་ལྡན་པའི་སྨྱན་སྦྱོར་གསར་པའི་བྱ་དགའ”ཐོབ།

སྤྱི་ལོ2020ལོའི་ཟླ1པོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ལུང་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཞུང་དོན་ཁང་ལ“རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་ཐོན་ཐུན་མོང”གི་མཚན་སྙན་སྤྲད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-02-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།