ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ།
ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཁྲའོ་དབྱང་དཀྱིལ་ལམ་ཨང43པར་གནས་པ་དང་། སྤྱི་ལོ1973ལོའི་ཟླ5པར་དངོས་སུ་བཙུགས། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་དོན་བཀོད་སྒྲིག་བྱེད་པའི་འགན་འཁུར་བ་དང་། ཁོངས་གཏོགས་སུ་ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ་མའོ་ཅན་ཆུས་ཡན་ལག་ཅུའུ་དང་། ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཀྲང་ཝན་ཁུལ་ཡན་ལག་ཅུའུ། ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡན་དབྱང་ཆུས་ཡན་ལག་ཅུའུ་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
十堰市公安局
བཙུགས་ལོ།
སྤྱི་ལོ1973ལོའི་ཟླ5པ།
གཞུང་སྒྲུབ་ས་གནས།
ཧུའུ་པེ་ཞིང་ཆེན་ཧྲི་དབྱང་གྲོང་ཁྱེར་ཁྲའོ་དབྱང་དཀྱིལ་ལམ་ཨང43རུ་གནས།
འགན་འཁྲི་གཙོ་བོ།
གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ།
ཅུའུ་ཀྲང་།
སུན་ཞུའེ་ཡུས།
ནང་བཙུགས་ཚན་ཁག
22ཡོད།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ966ལོའི་ཟླ9པར་ཡུན་རྫོང་སྤྱི་བདེ་ཅུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད་ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་མངག་གཏོང་ཁང་བཙུགས་པ་དེ་ནི་ཧྲི་ཡན་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་དང་པོ་ཡིན། སྤྱི་ལོ1967ལོའི་ཟླ4པའི་ཚེས1ཉིན་ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ་བཙུགས་པ་དང་། ལོ་དེའི་ཟླ5པར་སྤྱི་བདེ་ལས་ཁུངས་ཀྱིས་དམག་དོན་དོ་དམ་བྱས་པ་དང་། དེའི་མིང་ལ“ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་དམག་དོན་དོ་དམ་ཚོ་ཆུང”ཞེས་བཏགས།  སྤྱི་ལོ1973ལོའི་ཟླ་5པར་ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ་དངོས་སུ་བཙུགས་པ་དང་། ཧྲི་དབྱང་གྲོང་ཁྱེར་དང་ཨར་སྐྲུན་རླངས་འཁོར་སྲིད་ཁེ་ལོགས་སུ་བཙུགས། སྤྱི་ལོ1985ལོའི་ཟླ6པར་ཧྲི་ཡན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད་མའོ་ཅན་ཆུས་དང་ཀྲང་ཝན་ཆུས་སོ་སོར་ཧྲི་ཡན་གྲོང་ཁྱེར་གྱི་སྤྱི་བདེ་ཅུའུ་མའོ་ཅན་ཆུས་ཡན་ལག་ཅུའུ་དང་ཧྲི་ཡན་གྲོང་ཁྱེར་གྱི་སྤྱི་བདེ་ཅུའུ་ཀྲང་ཝན་ཆུས་ཡན་ལག་ཅུའུ་བཙུགས།  སྤྱི་ལོ1995ལོའི་ཟླ6པར་ཡོན་ཡན་དབྱང་ས་ཁུལ་གྱི་སྤྱི་བདེ་ཁྲུའུ་དང་དེ་སྔའི་ཧྲི་ཡན་གྲོང་ཁྱེར་གྱི་སྤྱི་བདེ་ཅུའུ་ཟླ་སྒྲིལ་བཏང་ནས་ཧྲི་ཡན་གྲོང་ཁྱེར་གྱི་སྤྱི་བདེ་ཅུའུ་གསར་པ་ཞིག་ཏུ་གྱུར་པ་དང་། དེ་ནི་ཞིན་ཧྲི་ཡན་གྲོང་ཁྱེར་གྱི་རྫོང་རིམ་པའི་ལས་ཁུངས་ཤིག་ཡིན། ཁོངས་གཏོགས་སུ་ཀྲང་ཝན་ཁུལ་དང་མའོ་ཅན་ཁུལ་གྱི་ཡན་ལག་ཅུའུ་གཉིས་ཡོད། སྤྱི་ལོ1999ལོར་དེ་སྔའི་ཤར་རླུང་རླངས་འཁོར་ཀུང་སིའི་སྤྱི་བདེ་ཁྲུའུ་ཡིས་ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ་ལ་བགོས་ནས་ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཏུང་ཡུའེ་ཡན་ལག་ཅུའུ་བཙུགས། སྤྱི་ལོ2020ལོར་ཧྲི་ཡན་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ་དཔལ་འབྱོར་གསར་སྤེལ་ཁུལ་ཡན་ལག་ཅུའུ་བཙུགས། སྤྱི་ལོ2008ལོའི་ཟླ11པའི་ཚེས1ཉིན་ཀྲུང་གོ་ལྕགས་ལམ་ཅུའུ་བཅུ་གཅིག་པའི་ཀུང་སི་གཉིས་པ་དང་། ཀུང་སི་གསུམ་པའི་སྤྱི་བདེའི་ལས་ཁུངས་ཧྲི་ཡན་གྲོང་ཁྱེར་གྱི་སྤྱི་བདེ་ཅུའུ་ཡིས་ཟླ་སྒྲིལ་བཏང་།

2 ནང་འཛུགས་ཚན་ཁག

(གཅིག) ཉེན་རྟོག་བཀའ་རྒྱ་པུའུ།(ནང་ཁུལ་དུ་དྲུང་ཡིག་ཁུ་དང་། བརྟག་ཞིབ་ཁུ། བཀོད་འདོམས་མཐུན་སྦྱོར་ཁུ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཁུ་བཅས་བཙུགས་ཡོད)

ལས་ཀའི་འགན་འཁྲི། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཀའི་གནས་ཚུལ་ཁོང་དུ་ཆུད་པ་དང་ཕྱོགས་བསྡུས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ཆ་འཕྲིན་བརྟག་ཞིབ་དང་། བསྡོམས་རྩིས། སྤྱི་བདེ་ཡིག་ཚགས་ལས་སྒོ་བཅས་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གཞུང་ཡིག་ཐག་གཅོད་བྱེད་པར་ལས་སྒོའི་མཛུབ་ཁྲིད་དང་ཅུའུ་ལས་ཁུངས་ཀྱི་གཞུང་ཡིག་དོ་དམ་དང་། གསང་སྲུང་། ཡིག་རིགས་པར་སྐྲུན་བཅས་ཀྱི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་དགོས།“110”ཉེན་བརྡ་གཏོང་བ་དང་། ཉེན་རྟོག་པ་བསུ་བ། ཉེན་རྟོག་པ་ཐག་གཅོད་བཅས་ཀྱི་ལས་དོན་གྱི་འགན་འཁུར་བ། རོགས་ལས་ཅུའུ་ཡིས་འགོ་ཁྲིད་ཀྱིས་ཛ་དྲག་གི་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་མཐུན་སྦྱོར་དང་། བཀོད་འདོམས། བཀོད་གཏོང་བཅས་ཀྱི་ལས་དོན་འགན་འཁུར་དགོས།

(གཉིས) ཆབ་སྲིད་པུའུ།(དེའི་ནང་ཚན་ཁག་དང་། དྲིལ་བསྒྲགས་ཁང་། གསོ་སྦྱོང་ཁོ། ལས་བྱེད་པའི་ཚན་ཁག བུད་མེད་ཨུ་ཡོན་ལྷན་ཁང་། གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་བཅས་བཙུགས་ཡོད།)

ལས་ཀའི་འགན་འཁྲི། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་གི་བསམ་བློ་དང་། རྩ་འཛུགས། རིག་གནས། སྒྲིག་ཁྲིམས་སྤྱོད་ཚུལ་བཅས་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་རྒྱུ་དང་། ལས་ཁུངས་དང་། སྒྲིག་ཁོངས། མི་དོན། ངལ་རྩོལ་གླ་ཕོགས། གཟིགས་སྐྱོང་། ཉེན་རྟོག་པའི་གོ་རྟགས་བཅས་ཀྱི་ལས་ཀ་བྱེད་འགན་འཁུར་དགོས། ཏང་ཨུ་རྩ་འཛུགས་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ལས་བྱེད་པ་དོ་དམ་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་དྲིལ་བསྒྲགས་དང་གཟེངས་བསྟོད་བྱ་དགའི་ལས་དོན་ལ་འགན་འཁུར་རྒྱུ་དང་མཛུབ་ཁྲིད་བྱེད་པ། སྤྱི་བདེ་སློབ་གསོ་སྦྱོང་བརྡར་དང་ཉེན་རྟོག་པའི་གོ་རྟགས་སྤར་བའི་གསོ་སྦྱོང་སྒྲིག་འཛུགས་བྱེད་པ། གྲོང་ཁྱེར་ཅུའུ་ཡིས་ལས་ཁུངས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ལས་ཀ་དང་ །བཟོ་ཚོགས་དང་ན་གཞོན་དང་བུད་མེད་བཅས་ཀྱི་ལས་ཀ་བྱེད་འགན་འཁུར་དགོས།

(གསུམ) སྒྲིག་ཨུ། (ལྟ་ཞིབ་ཁང)

ལས་ཀའི་འགན་འཁྲི། གྲོང་ཁྱེར་དང་ཅུའུ་ཡིས་ལས་ཁུངས་དང་དེའི་ཁོངས་གཏོགས་ཚན་པའི་སྒྲིག་བཤེར་དང་ལྟ་ཞིབ་ཀྱི་ལས་ཀའི་འགན་འཁུར་དགོས།

(བཞི) ཉེན་རྟོག་ལས་དོན་ལྟ་ཞིབ་ཉིང་ལག་རུ་ཁག

ལས་ཀའི་འགན་འཁྲི། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཉེན་རྟོག་པའི་ཉེན་རྟོག་ཁྲིམས་འཛིན་ལྟ་སྐུལ་དང་ཉེན་རྟོག་པའི་ཉམས་འགྱུར་དང་སྒྲིག་ཁྲིམས་ཡོ་བསྲང་དང་ཞིབ་བཤེར་བྱེད་འགན་འཁུར་དགོས།

(ལྔ)ཡིག་སྐུར་ངོ་གཏུག་གི་ཚན་ཁག

ལས་ཀའི་འགན་འཁྲི། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཡིག་སྐུར་ངོ་གཏུག་ལས་ཀར་མཛུབ་སྟོན་དང་།མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་བདག་སྤྲོད། ཁྲིམས་སྦྱོར་རམ་རྒྱུ་མཚན་ཞུ་འབུལ་གྱི་གྱོད་གཞི་སྒྲུབ་པ། གོང་རིམ་ལས་ཁུངས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་ཡིག་སྐུར་ངོ་གཏུག་གི་གྱོད་གཞི་གཙོ་གྲས་ལ་ལྟ་སྐུལ་བཅས་བྱེད་དགོས།

3 འགན་འཁྲི་གཙོ་བོ།

(གཅིག) གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱེད་པ་དང་འབྲེལ་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

(གཉིས) ཆ་འཕྲིན་ཤེས་རྟོགས་དང་། གྲོང་ཁྱེར་ཡོངས་ཀྱི་དགྲ་བོའི་གནས་ཚུལ་དང་སྤྱི་ཚོགས་བདེ་སྐྱོང་གི་གནས་ཚུལ་ལ་དབྱེ་ཞིབ་དང་སྔོན་དཔག་བྱ་རྒྱུ་མ་ཟད། ཁ་གཏད་འཇལ་ཐབས་ཀྱང་གཏན་འབེབས་བྱེད་དགོས།

(གསུམ) རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གནོད་འཚེ་གཏོང་བའི་ཆབ་སྲིད་ཀྱི་གྱོད་གཞི་དང་། ཉེས་དོན་གྱི་བྱས་ཉེས་ཚབས་ཆེན། དཔལ་འབྱོར་གྱི་བྱས་ཉེས་བསགས་པ། དུག་རྫས་བཟོ་རྫས། དུག་ཚོང་བཅས་ཀྱི་གྱོད་གཞི་མྱུལ་ཞིབ་དང་། གྲོང་ཁྱེར་ཡོངས་ཀྱི་ཆབ་སྲིད་དང་། ཉེས་དོན་གྱི་གྱོད་གཞི། དཔལ་འབྱོར་གྱི་ཉེས་གསོག་གྱོད་གཞི་བཅས་ལ་མྱུལ་ཞིབ་བྱེད་པའི་ལས་ཀར་ཁྲིད་སྟོན་བྱེད་དགོས།

(བཞི) གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་འགོ་ཁྲིད་བྱས་ཏེ་སྤྱི་ཚོགས་བདེ་འཇགས་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་། མེ་ཟོན། ཐེམ་ཐོ་དང་རྒྱལ་མཚམས་ནས་འགྲོ་འོང་དོ་དམ་བཅས་ཀྱི་ལས་དོན་ཁྲིམས་ལྟར་དོ་དམ་བྱེད་དགོས།

(ལྔ) གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟར་ལས་ཁུངས་དང་། ཚོགས་པ། ཁེ་ལས་བྱ་གཞག་ཚན་པ་བཅས་ཀྱི་བདེ་འཇགས་སྲུང་སྐྱོབ་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་མཛུབ་ཁྲིད་བྱེད་རྒྱུ་དང་ཁེ་ལས་བྱ་གཞག་ཚན་པའི་སྲུང་སྐྱོབ་རྩ་འཛུགས་དང་སྲུང་སྐྱོབ་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་མཛུབ་ཁྲིད་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ཚན་རིག་ལག་རྩལ་དང་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་ཐོན་རྫས་དོ་དམ་ལས་དོན་གྱི་འགན་འཁུར་དགོས།

(དྲུག) རང་རེའི་གྲོང་ཁྱེར་དུ་གཟིགས་ཞིབ་དང་ལྟ་སྐོར་དུ་ཡོང་མཁན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གལ་ཆེན་རྣམས་ཀྱི་བདེ་སྲུང་ཉེན་སྲུང་གི་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས།

(བདུན) གྲོང་ཁྱེར་ཡོངས་ཀྱི་ལྟ་སྲུང་ཁང་དང་བདེ་འཇགས་བཀག་ཉར་ཁང་གི་འཛུགས་སྐྲུན་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

(བརྒྱད) གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་གི་ལྟ་ཞིབ་དང་། སློབ་གསོ། སྦྱོང་བརྡར། དོ་དམ་བཅས་ཀྱི་འགན་འཁུར་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དྲིལ་བསྒྲགས་ལས་དོན་ལ་མཛུབ་ཁྲིད་དང་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྱོང་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས།

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ12པར་ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ་བདེ་འཇགས་ཉིང་ལག་རུ་ཁག་ལ་ཧུའུ་པེ་ཞིང་ཆེན་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གིས“ཧུའུ་པེ་ཞིང་ཆེན་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་སྔོན་ཐོན་ཚན་པའི”གཟི་བརྗིད་མཚན་སྙན་སྤྲད།  

སྤྱི་ལོ2020ལོའི་ཟླ3པའི་ཚེས29ཉིན་ཧྲི་ཡན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས“སྤྱི་ལོ2019ལོའི་ཧྲི་ཡན་གྲོང་ཁྱེར་གྱི་མ་འཇོག་རྣམ་གྲངས་ལས་དོན་གྱི་སྔོན་ཐོན་ཚན་པའི”གཟི་བརྗིད་མཚན་སྙན་སྤྲད། 

སྤྱི་ལོ2020ལོའི་ཟླ་བཞི་པར་ཧྲི་ཡན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས110ཉེན་བརྡའི་ཞབས་ཞུའི་སྟེགས་བུར་ཧུའུ་པེ་ཞིང་ཆེན་བཟོ་པའི་གདོང་ལེན་རྟགས་ཅན་ཐོབ། 

སྤྱི་ལོ2020ལོའི་ཟླ9པའི་ཚེས8ཉིན་ཐུན་མོང་དེར་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་གནང་བའི་“རྒྱལ་ཡོངས་ཀྱི་ཨང་དང་པོ་དང་གློ་ཚད་འགོག་བཅོས་ཀྱི་སྔོན་ཐོན་ཐུན་མོང”གི་གཟི་བརྗིད་མཚན་སྙན་ཐོབ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་བདེ་ཅུའུ། ལས་ཁུངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-02-26

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།