ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛིན་པུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛིན་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛིན་པུའུ་ནི་རྒྱལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གཙོ་སྐྱོང་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国司法部
ཕྱི་ཡིག་གི་མིང་།
Ministry of Justice of the People's Republic of China
ངོ་བོ།
ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག
ལས་ཐོག་པུའུ་ཀྲང་།
ཐང་དབྱི་ཅུན།
གནས་ཡུལ།
པེ་ཅིང་།
གཞུང་ཕྱོགས་དྲ་གནས།
http://www.moj.gov.cn/
1 ངོ་སྤྲོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛིན་པུའུ་ནི་རྒྱལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གཙོ་སྐྱོང་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཅིག་ཡིན།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》གཞིར་བཟུང་ནས་སྤྱི་ལོ1949ལོའི་ཟླ10བའི་ཚེས30ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་པུའུ་བཙུགས། སྤྱི་ལོ1954ལོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཁྱབ་བསྒྲགས་བྱས་རྗེས་ང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛིན་པུའུ་ཞེས་པར་བསྒྱུར།   

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ9བའི་ཚེས27ཉིན་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་། བཅའ་ཁྲིམས་དེའི་དོན་ཚན་བཅུ་པའི་ནང་སྲིད་དོན་སྤྱི་ཁྱབ་ཁང་དུ་ཁྲིམས་འཛིན་པུའུ་འཛུགས་རྒྱུའི་གཏན་འབེབས་བྱས་ཡོད།

སྤྱི་ལོ1949ལོའི་ཟླ10བའི་ཚེས30ཉིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》གཞིར་བཟུང་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་པུའུ་བཙུགས།

སྤྱི་ལོ1949ལོའི་ཟླ12པའི་ཚེས20ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གིས《ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་པུའུ་ཡི་ཚོད་ལྟའི་རྩ་འཛུགས་སྲོལ་ཡིག》ལ་ཆོག་མཆན་བཀོད།

སྤྱི་ལོ1952ལོའི་ཟླ7པའི་ཚེས16ཉིན་ཀྲུང་དབྱང་ཁྲིམས་འཛིན་པུའུ་རུ་ཁྲིམས་འཛིན་པུའུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྲུབ་པའི་ཀྲུང་དབྱང་ཁྲིམས་འཛིན་བསྒྱུར་བཅོས་གཞུང་ལས་ཁང་བཙུགས།

སྤྱི་ལོ1984ལོའི་ཟླ6པའི་ཚེས11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་འཛིན་པུའུ་ལ་རྩིས་བཤེར་ཁང་འཛུགས་རྒྱུའི་ཆོག་མཆན་གནང་།

སྤྱི་ལོ2001ལོའི་ཟླ11པའི་ཚེས21ཉིན་ཁྲིམས་འཛིན་པུའུ་ཡིས་ཁྲིམས་འཛིན་རྒྱུགས་ལེན་ས་གནས་གསར་འཛུགས་བྱས།

3 འགན་འཁྲི་གཙོ་བོ།

《〈ཁྲིམས་འཛིན་པུའུ་ཡི་འགན་འཁྲི་གཙོ་བོ་ནང་སྒྲིག་ཁོངས་སྒྲིག་གཞི་དང་མི་སྣའི་སྒྲིག་ཁོངས་གཏན་འབེབས〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གི་བརྡ་ཐོ》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གི་འགྲེམས་སྤེལ[2008]ཨང64པ)གཞིར་བཟུང་ཁྲིམས་འཛིན་པུའུ་ཡིས་གཙོ་བོ་གཤམ་གསལ་གྱི་འགན་ནུས་འཁུར་དགོས་པ་སྟེ།

(གཅིག)ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས་བཟོ་འགོད་བྱ་རྒྱུ་དང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་འགོད་རྒྱུ། སྡེ་ཁག་གི་སྒྲིག་སྲོལ་གཏན་འབེབས་བྱ་རྒྱུ། ཁྲིམས་འཛིན་སྲིད་འཛིན་ལས་ཀའི་གོང་སྤེལ་འཆར་གཞི་བཟོ་རྒྱུ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་བྱེད་དགོས།

(གཉིས)རྒྱལ་ཡོངས་ཀྱི་བཙོན་ཁང་དོ་དམ་གྱི་ལས་ཀ་བྱེད་པར་འགན་འཁུར་རྒྱུ་དང་འབྲེལ་བབ་མཚུངས་ཀྱི་འགན་འཁྲི་འཁུར་རྒྱུ་དང་། ཁྲིམས་ཆད་ལག་བསྟར་དང་ཉེས་ཅན་བསྒྱུར་བཀོད་བྱེད་པའི་ལས་ཀར་ལྟ་སྐུལ་དོ་དམ་བྱ་དགོས།

(གསུམ) ཁྲིམས་འཛིན་སྲིད་འཛིན་མ་ལག་གི་དུག་གཅོད་གནས་དོ་དམ་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱེད་པར་འགན་འཁུར་དགོས།

(བཞི)དམངས་ཡོངས་ཀྱིས་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བའི་འཆར་གཞི་བཟོ་རྒྱུ་མ་ཟད་ལག་བསྟར་བྱེད་པའི་སྒྲིག་འཛུགས་བྱ་རྒྱུ་དང་། ས་གནས་ཁག་དང་ལས་རིགས་ཁག་གི་ཁྲིམས་ལུགས་དྲིལ་བསྒྲགས་དང་། བཅའ་ཁྲིམས་ལྟར་བཅོས་སྐྱོང་གི་ལས་ཀ་བྱེད་པ། ཕྱི་ཕྱོགས་ཁྲིམས་ལུགས་དྲིལ་བསྒྲགས་བཅས་བྱེད་པར་ཁྲིད་སྟོན་བྱ་དགོས།

(ལྔ)ཁྲིམས་རྩོད་པའི་ལས་ཀ་དང་གཞུང་དཔང་གི་ལས་ཀར་སློབ་སྟོན་དང་ལྟ་སྐུལ་བྱེད་འགན་འཁུར་རྒྱུ་དང་འབྲེལ་དེ་དང་མཚུངས་པའི་འགན་འཁྲི་འཁུར་རྒྱུ་དང་། ཞང་ཀང་དང་ཨའོ་མོན་གྱི་ཁྲིམས་རྩོད་པས་གཞུང་དཔང་བྱེད་མཁན་མངགས་བཅོལ་དང་དོ་དམ་གྱི་ལས་ཀ་བྱེད་འགན་འཁུར་དགོས།

(དྲུག)རྒྱལ་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་ཀར་ལྟ་སྐུལ་དང་དོ་དམ་བྱ་དགོས།

(བདུན) གཞི་རིམ་ཁྲིམས་འཛིན་ཁང་འཛུགས་སྐྱོང་དང་། མི་དམངས་འདུམ་འགྲིག སྡེ་ཁུལ་ཡོ་བསྲང་། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ། སློབ་གསོ་རོགས་རམ་དང་བཀོད་སྒྲིག་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱ་དགོས།

(བརྒྱད) རྒྱལ་ཁབ་ཀྱི་ཁྲིམས་འཛིན་རྒྱུགས་ལེན་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བྱ་དགོས།

(དགུ) རྒྱལ་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་པ་དང་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཐོ་འགོད་དོ་དམ་བྱེད་པའི་ལས་ཀ་གཙོ་སྐྱོང་བྱ་དགོས།

(བཅུ)འབྲེལ་ཡོད་རྒྱལ་སྤྱིའི་ཁྲིམས་འཛིན་རོགས་འདེགས་ཆིངས་ཡིག་གི་འཆར་ཟིན་འགོད་པ་དང་གྲོས་མོལ་བྱེད་པར་ཞུགས་རྒྱུ་དང་། ཁྲིམས་འཛིན་རོགས་འདེགས་ཆིངས་ཡིག་ནང་དམིགས་འཛུགས་བྱས་པའི་ཀྲུང་དབྱང་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁྲི་བསྒྲུབ་དགོས།

(བཅུ་གཅིག)ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཕྱི་ཕྱོགས་སྤེལ་རེས་དང་མཉམ་ལས་ལ་མཛུབ་སྟོན་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེས་གསོག་སྔོན་འགོག་རྩ་འཛུགས་དང་ཉེས་དོན་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་སྤེལ་རེས་བྱེད་སྒོར་ཞུགས་རྒྱུའི་སྒྲིག་འཛུགས་བྱེད་པ། ཀང་ཨའོ་ཐའེ་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་སྲིད་འཛིན་ལས་དོན་སྒྲུབ་འགན་འཁུར་དགོས།

(བཅུ་གཉིས)ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་མེ་མདའ་དང་། རྫས་མདེལ། གྱོན་ཆས། ཉེན་རྟོག་རླངས་འཁོར་བཅས་དོ་དམ་བྱེད་འགན་འཁུར་རྒྱུ་དང་། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་འཆར་གཞི་ནོར་དོན་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས།

(བཅུ་གསུམ)ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་འཛུགས་སྐྱོང་དང་། བསམ་བློའི་སྤྱོད་ཚུལ། ལས་ཀའི་སྤྱོད་ཚུལ་བཅས་འཛུགས་སྐྱོང་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཉེན་རྟོག་ལས་དོན་དོ་དམ་དང་ཉེན་རྟོག་ལས་དོན་ལྟ་ཞིབ་ལས་དོན་གྱི་འགན་འཁུར་རྒྱུ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཁྲིམས་འཛིན་ཐིང(ཅུའུ)གི་འགོ་ཁྲིད་ལས་བྱེད་པར་དོ་དམ་བྱེད་རོགས་བྱ་དགོས།

(བཅུ་བཞི) རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲུབ་རྒྱུར་སྤྲད་པའི་ལས་དོན་གཞན་དག་སྒྲུབ་པར་འགན་འཁུར་རྒྱུ་བཅས་ཡིན། 

4 རྩ་འཛུགས་ལས་ཁུངས།
4_1 འགན་ནུས་སྒྲིག་གཞི།

ཁྲིམས་འཛིན་པུའུ་ཡི་ཁོངས་གཏོགས་སུ་ཐིང་དང་ཅུའུ་ཁྱོན23ཡོད་པ་དེ་དག་ནི་ཀྲུང་དབྱང་ཁྲིམས་ལྟར་རྒྱལ་སྐྱོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཅུའུ་དང་། གཞུང་དོན་ཐིང་། ཆབ་སྲིད་པུའུ། ཁྲིམས་སྐྱོང་བརྟག་ཞིབ་ཅུའུ། ཁྲིམས་སྐྱོང་ལྟ་ཞིབ་ཅུའུ། ཁྲིམས་འཛུགས་ཅུའུ་དང་པོ། ཁྲིམས་འཛུགས་ཅུའུ་གསུམ་པ། ཁྲིམས་འཛུགས་ཅུའུ་བཞི་བ། བཙོན་ཁང་དོ་དམ་ཅུའུ། སྡེ་ཁུལ་ཡོ་བསྲང་དོ་དམ་ཅུའུ། དུག་གཅོད་དོ་དམ་ཅུའུ། སྲིད་འཛིན་བསྐྱར་གྲོས་དང་ཞུ་གཏུག་ཅུའུ།   

4_2 ཐད་གཏོགས་ལས་ཁུངས།

ཁྲིམས་འཛིན་པུའུ་ཡི་ཁོངས་གཏོགས་སུ་ཐད་གཏོགས་ལས་ཁུངས24ཡོད་པ་དེ་དག་ནི་ཁྲིམས་འཛིན་ཞིབ་འཇུག་སུའོ(ཞིབ་འཇུག་ཁང)དང་། ཆ་འཕྲིན་ལྟེ་གནས། ལས་ཁུངས་ཞབས་ཞུ་ལྟེ་གནས། ཡན་ཁྲེང་བཙོན་ཁང་། བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས། ཐད་གཏོགས་རྡོ་སོལ་དོ་དམ་ཅུའུ། ཉེས་གསོག་སྔོན་འགོག་ཞིབ་འཇུག་སུའོ། ཁྲིམས་ལུགས་དཔེ་སྐྲུན་ཁང་། ཀྲུང་གོ་ཁྲིམས་ལུགས་དཔེ་སྐྲུན་ཁང་། ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་པའི་མཐུན་ཚོགས། ཀྲུང་གོ་གཞུང་དཔང་མཐུན་ཚོགས། ཀྲུང་གོ་བཙོན་ཁང་ལས་དོན་མཐུན་ཚོགས། ཀྲུང་གོ་ཁྲིམས་འཛིན་དུག་གཅོད་ལས་དོན་མཐུན་ཚོགས། ཀྲུང་གོའི་བཅའ་ཁྲིམས་ཞབས་ཞུ(ཨའོ་མོན)ཀུང་སི། ཁྲིམས་འཛིན་པུའུ་ཡི་ཀང་ཨའོ་ཐའེ་བཅའ་ཁྲིམས་གསོ་སྦྱོང་སྤེལ་རེས་ལྟེ་གནས། ཀྲུང་ཧྭ་རྒྱལ་ཡོངས་མི་དམངས་འདུམ་འགྲིག་པའི་མཐུན་ཚོགས་བཅས་ཡོད།

4_3 མངགས་གཏོང་ལས་ཁུངས།

སྤྱི་ལོ2017ལོའི་ཟླ6པར་ཁྲིམས་འཛིན་པུའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཁྲིམས་འཛིན་པུའུ་རུ་བཅའ་སྡོད་སྒྲིག་བཤེར་ཚོགས་ཆུང1དང་ལྟ་ཞིབ་ཅུའུ་གཅིག་ཡོད།

4_4 ས་གནས་ཐིང་ཅུའུ།

ས་གནས་ཐིང་དང་ཅུའུ32ཡོད་པ་སྟེ། པེ་ཅིང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་དང་། ཐེན་ཅིན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ། ཧྲང་ཧའེ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ། ཁྲུང་ཆིང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ། ཧེ་ལུང་ཅང་ཞིང་ཆེན་ཁྲིམས་འཛིན་ཐིང་། ཅི་ལིན་ཞིང་ཆེན་ཁྲིམས་འཛིན་ཐིང་། ལེའོ་ཉིང་ཞིང་ཆེན་ཁྲིམས་འཛིན་ཐིང་། ཧོ་པེ་ཞིང་ཆེན་ཁྲིམས་འཛིན་ཐིང་། ཧྲན་ཞི་ཞིང་ཆེན་ཁྲིམས་འཛིན་ཐིང་། ཧྲན་ཞི་ཞིང་ཆེན་ཁྲིམས་འཛིན་ཐིང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་ཁྲིམས་འཛིན་ཅུའུ།ནང་སོག་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་།ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་། ཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་བཅས་ཡོད།

5 འགོ་ཁྲིད་སྒྲིག་བཀོད།
5_1 ལས་ཐོག་འགོ་ཁྲིད།

པུའུ་ཀྲང་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཐང་དབྱི་ཅུན།

ཏང་ཙུའུ་ཧྲུའུ་ཅི་དང་པུའུ་ཀྲང་གཞོན་པ། ཡོན་ཧྲུའུ་ཧུང་།

པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ཞུང་ཞོན་ཀུའོ།

པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ལིའུ་ཀྲི་ཆང་།

སྒྲིག་ཁྲིམས་ཞིབ་བཤེར་ཚོ་ཆུང་གི་འགོ་འཛིན་དང་ཏང་ཙུའུ་ཡི་ཁོངས་མི། ཕུའུ་ཙེང་ཧྥན།

ཁྲིམས་འཛིན་པུའུ་ཡི་ཆབ་སྲིད་པུའི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཁོངས་མི། ཀུའོ་ཝུན་ཆི།

པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ལིའུ་ཀྲའོ།

5_2 པུའུ་ཀྲང་རིམ་བྱུང་།

ཧྲི་ལིང་།(སྤྱིལོ1949ལོའི་ཟླ10བ་ནས་སྤྱི་ལོ1959ལོའི་ཟླ4བའི་བར)

ཝེ་ཝུན་པའོ།(སྤྱི་ལོ1979ལོའི་ཟླ9བ་ནས་སྤྱི་ལོ1982ལོའི་ཟླ5བའི་བར)

ལིའུ་ཧྥུའུ་ཀྲི།(སྤྱི་ལོ1982ལོའི་ཟླ5བ་ནས་སྤྱི་ལོ1983ལོའི་ཟླ6པའི་བར)

ཙོའུ་ཡུའུ།(སྤྱི་ལོ1983ལོའི་ཟླ6པ་ནས་སྤྱི་ལོ1988ལོའི་ཟླ3པའི་བར)

ཚའེ་ཁྲེང་།(སྤྱི་ལོ1988ལོའི་ཟླ3པ་ནས་སྤྱི་ལོ1993ལོའི་ཟླ3པའི་བར)

ཞའོ་དབྱང་།(སྤྱི་ལོ1993ལོའི་ཟླ3པ་ནས་སྤྱི་ལོ1998ལོའི་ཟླ3པའི་བར)

ཀའོ་ཁྲང་ལི།(སྤྱི་ལོ1998ལོའི་ཟླ3པ་ནས་སྤྱི་ལོ2000ལོའི་ཟླ2པའི་བར)

ཀྲང་ཧྥུའུ་སེན།(སྤྱི་ལོ2000ལོའི་ཟླ2པ་ནས་སྤྱི་ལོ2005ལོའི་ཟླ7པའི་བར)

ཝུའུ་ཨེ་དབྱིན།(སྤྱི་ལོ2005ལོའི་ཟླ7པ་ནས་སྤྱི་ལོ2017ལོའི་ཟླ2པའི་བར)

ཀྲང་ཅུན།(སྤྱི་ལོ2017ལོའི་ཟླ2པ་ནས་སྤྱི་ལོ2018ལོའི་ཟླ3པའི་བར)

ཧྥུའུ་ཀྲེང་ཧྭ།(སྤྱི་ལོ2018ལོའི་ཟླ3པ་ནས་སྤྱི་ལོ2020ལོའི་ཟླ4བའི་བར)

ཐང་དབྱི་ཅུན།(སྤྱི་ལོ2020ལོའི་ཟླ4བ་ནས་བཟུང་ད་བར)

6 ཁྲིམས་འཛིན་མཚན་རྟགས།

སྤྱི་ལོ2007ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་རྒྱལ་ཁབ་ཁྲིམས་འཛིན་སྲིད་འཛིན་གྱི་མཚན་རྟགས་གཅིག་གྱུར་སྤྱོད་རྒྱུའི་གཏན་འབེབས་བྱས་པ་དང་། ཁྲིམས་འཛིན་སྲིད་འཛིན་གྱི་མཚན་རྟགས་ནང་ཁྲིམས་འཛིན་སྲིད་འཛིན་གྱི་མཚན་རྟགས་དང་ཁྲིམས་འཛིན་སྲིད་འཛིན་ལས་དོན་པའི་ལག་ཁྱེར་གྱི་ཐམ་ག་ཚུད་ཡོད། ཁྲིམས་འཛིན་སྲིད་འཛིན་རྟགས་མཚན་གྱི་རི་མོ་ནི་ཁྲིམས་འཛིན་སྲིད་འཛིན་རྟགས་མཚན་གྱི་གཞི་རྩའི་དཔེ་རིས་ཐོག་“ཀྲུང་གོའི་ཁྲིམས་འཛིན”ཞེས་པའི་ཡི་གེ་བསྣན་ནས་གྲུབ་པ་དང་། ཚད་གཞིའི་ཚད་གཞི་ནི་ཚངས་ཐིག70cmཡིན། ཁྲིམས་འཛིན་སྲིད་འཛིན་ལས་དོན་པའི་དཔང་རྟགས་དཔེ་རིས་ནི་ཁྲིམས་འཛིན་སྲིད་འཛིན་མཚན་རྟགས་ཀྱི་གཞི་རྩའི་དཔེ་རིས་ཐོག“ཀྲུང་གོའི་ཁྲིམས་འཛིན”ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་གི་ཡི་གེ་དང་ཁྲིམས་ཐག་གི་རི་མོ་ལས་གྲུབ་པ་དང་། ཚད་གཞིའི་ཚངས་ཐིག25mmཡིན། ཁྲིམས་འཛིན་སྲིད་འཛིན་མཚན་རྟགས་དེ་ས་གནས་ཀྱི་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་། ཞང་གྲོང་། སྲང་ལམ་ཁྲིམས་འཛིན་ཁང་གི་གཞུང་ལས་ཁང་དུ་འགེལ་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-02-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།