མོག་ཡུག་མཆིན་ཁུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མོག་ཡུག་མཆིན་ཁུ།
མོག་ཡུག་མཆིན་ཁུ་ནི་མོག་རོ་ནག་པོ་དང་། ཡུ་གུ་ཤིང་། ཕག་མཆིན། མངར་སྦྲང་འབྲ་གོ་རྡོག་པོ་བཅས་ཀྱིས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑木耳田七猪肝汤
སྡེ།
བཟའ་བཅའ།
རིགས།
དམར་ཟས།
བྲོ་བ།
ལན་ཚ་བ།
1 རྒྱུ་ཆ། 

མོག་རོ་ནག་པོ་ཁེ20 ཡུ་གུ་ཤིང་ཁེ15 ཕག་མཆིན་ཁེ500 མངར་སྦྲང་འབྲ་གོ་རྡོག་པོ3 ཚྭ་ཁེ5 

2 ལས་རིམ། 

གཅིག མོག་རོ་ནག་པོ་ཆུ་ནང་ལ་སྦངས་ནས་གཙང་མར་བཀྲུ། ཡུ་གུ་ཤིང་གཙང་མར་བཀྲུས་ནས་སྦངས། མངར་སྦྲང་འབྲ་གོ་གཙང་མར་བཀྲུ། 

གཉིས། ཕག་མཆིན་གཙང་མར་བཀྲུས་ནས་ལེམ་མོ་མཐུག་པོར་གཏུབ། 

གསུམ། ཆུ་དྭངས་མོ་བྲེ་སྟོང་ཤས200ལུམས་རྫ་ནང་དུ་བླུགས་ནས་ཁོལ་རྗེས་གོང་སྨྲས་ཀྱི་རྒྱུ་ཆ་དག་འཕེན། མེ་ཤུགས་དྲག་པོས་བསྐོལ་ནས་ཁོལ་བ་ན་མེ་ཤུགས་ཆུང་ངུས་ཆུ་ཚོད3ལ་ལུམས་བཙོ་བྱ། དེ་ནས་ནང་ལ་ཚྭ་བཏབ་ནས་བྲོ་བ་བསྡེབ་པས་ཆོག 

3 ཁྱད་ཆོས། 

ཁུ་བཟང་བྲོ་ཞིམ་རོ་བཅུད་ཕུན་སུམ་ཚོགས་པ། 

4 གནད་སྒོ། 

མེ་ཤུགས་ཆུང་ངུས་ཡུན་དུ་ལུམས་ཚོས་བྱ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-02-23

གསར་སྤེལ་མཁན། :ལྷ་དབང་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།