སྦྱོང་བརྡར་ནི་རྒྱལ་ཁའི་དན་རྟགས་ཡིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྦྱོང་བརྡར་ནི་རྒྱལ་ཁའི་དན་རྟགས་ཡིན།
སྦྱོང་བརྡར་ནི་རྒྱལ་ཁའི་དན་རྟགས་ཡིན་ཞེས་པ་ནི་སྤྱི་ལོ2013ལོའི་ཟླ6པའི་ཚེས28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག་བཏོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
炼就“金刚不坏之身”
འདོན་མཁན།
ཞི་ཅིན་ཕིང་།
བཏོན་དུས།
སྤྱི་ལོ2013ལོའི་ཟླ6པའི་ཚེས28ཉིན།
1 ​ངོ་སྤྲོད། 

སྦྱོང་བརྡར་ནི་རྒྱལ་ཁའི་དན་རྟགས་ཡིན་ཞེས་པ་ནི་སྤྱི་ལོ2013ལོའི་ཟླ6པའི་ཚེས28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག“ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་པ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་བཏང་ནས་མི་འགྱུར་རྡོ་རྗེའི་སྐུ་ལྟ་བུའི་ཆོད་སེམས་བསྐྲུན་ཚེ་ལས་བྱེད་པས་གཞི་ནས་ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་དང་། རླུང་རླབས་ལྟ་བུའི་ཉེན་ཁའི་མདུན་དུ་གང་ལའང་མི་སྐྲག་པ། བསླུ་བྲིད་སྣ་ཚོགས་ཀྱི་མདུན་དུ་ལངས་ཕྱོགས་བརྟན་པོ་ཡོད་པ། འགག་རྩའི་དུས་སུ་བློས་འགེལ་ཆོག་པ་དང་། ཡིད་རྟོན་བྱས་ཆོག་པ། བློ་བདེ་བ་བཅས་ཡོང་ཐུབ”ཅེས་ནན་བཤད་གནང་ཡོད། “མི་འགྱུར་རྡོ་རྗེའི་སྐུ”ཞེས་པ་མ་གཞི་ནས་ནང་བསྟན་གྱི་ཐ་སྙད་ཅིག་ཡིན། དེ་ནི་ཏང་ཡོན་ལས་བྱེད་པས་མར་ཁེ་སི་རིང་ལུགས་ལ་དད་མོས་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་གི་ཕུགས་བསམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བཅས་ལ་དད་སེམས་བརྟན་པོ་བཅངས་ནས་བསམ་པའི་ཁྱིམ་གཞིས་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་ཆབ་སྲིད་ཀྱི་བརྟན་ཤུགས་ཆེ་རུ་བཏང་སྟེ་གེགས་དང་བར་ཆད་གང་རུང་གི་ཉེན་ཁ་ཐེག་ཐུབ་པའི་དཔེ་རུ་བཀོད་པ་ཡིན།

ཏང་ཡོན་ལས་བྱེད་པས་སྦྱོང་བརྡར་ནི་རྒྱལ་ཁའི་དན་རྟགས་ཡིན་པའི་ཆོས་སེམས་སྙིང་ལ་བཅངས་ནས་མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་བ་དང་། དགོངས་པ་གསར་བ། འཐབ་ཇུས་གསར་བ་སོགས་ལ་སློབ་སྦྱོང་བྱས་ཏེ་ཏང་གི་ལོ་རྒྱུས་དང་། ཏང་གི་སྒྲིག་ཡིག ཏང་གི་སྒྲིག་སྲོལ་བཅས་ལ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཕུགས་བསམ་དང་དད་སེམས་ཟམ་མི་འཆད་པར་ཇེ་བརྟན་དུ་གཏོང་དགོས། ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིགས་བྱེད་པ། ཆབ་སྲིད་ཀྱི་བརྟན་ཤུགས་ཆེ་རུ་གཏོང་བ་དང་། “འདུ་ཤེས་བཞི”བརྟན་པོར་འཛུགས་པ། “བརྩི་སྲུང་བཞི”རྒྱུན་འཁྱོངས་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱ་དགོས། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་ཀྱིས་ལག་ལེན་བསྟར་ཏེ་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་། ལས་རིགས་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་ཀུན་སྤྱོད་བཅས་བཟང་པོ་གསོ་སྐྱོང་བྱེད་དགོས་པ། ལག་ལེན་ཁྲོད་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་ཕུགས་བསམ་དང་། དད་སེམས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དེ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལས་ཀའི་ཁྲོད་ནས་མཚོན་པར་བྱས་ཏེ་རུལ་སུངས་ཀྱི་བསམ་བློ་དང་། ནོར་འཁྲུལ་གྱི་འདུ་ཤེས། ཚུལ་མིན་གྱི་སྤྱོད་ཚུལ་བཅས་ཀྱི་བསླད་སྐྱོན་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་དང་ལངས་ཕྱོགས་ཡང་དག་ཡོང་བར་བྱེད་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-29

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།