ཧེ་ལན་པའེ།
ཧེ་ལན་ཀུང་ཟིས་ཨ་མེ་རི་ཁ་རང་ས་ནས་ཕྱིར་འཚོང་བྱེད་པའི་སྒོང་བྱ་ཡིས་ཨ་མེ་རི་ཁའི་ཚོང་ར་སྤྱིའི80%ཟིན་ཡོད། མིག་སྔར་སྒོང་ཤུན་དཀར་པོ་ཅན་གྱི་སྒོང་བྱའི་རྒྱུད་གཉིས་ཡོད་དེ། ཧེ་ལནW-36དང་ཧེ་ལནW-77གཉིས་ཡིན། ཨ་མེ་རི་ཁ་དང་འཇར་ཕན་སོགས་ཀྱིས་གཙོ་བོ་སྒོང་ཤུན་དཀར་པོ་ཅན་གྱི་སྒོང་བྱ་གསོ་སྤེལ་བྱེད་བཞིན་ཡོད་ལ། ཉེ་བའི་ལོ་ངོ་བཅུའི་རིང་ལ། ཧེ་ལནW-36ཡིས་གྲངས་འབོར་ཅུང་ཆེན་པོ་བཟུང་ཡོད་པ་དང་། ཨ་མེ་རི་ཁའི་སྒོང་བྱའི་ཚོང་རར་ཧེ་ལནW-36ཡིས་གོ་གནས་ཨང་དང་པོ་བཟུང་ཡོད། ཀྲུང་གོས་ཀྱང་སྒོང་བྱ་དེ་རིགས་ཀྱི་གདོད་མའི་རྒྱུད་པ་ནང་འདྲེན་བྱས་ཡོད་པ་དང་། སྒོང་ཤུན་དཀར་པོ་ཅན་གྱི་སྒོང་བྱའི་ཁྲོད་ནས་ཆེས་ལེགས་པའི་ཚད་དུ་སོན་ཡོད།
སྒོང་བྱ་དེ་རིགས་ཀྱི་ལུས་གཟུགས་ཆུང་བ་དང་གཤིས་ཀ་འཇམ་པ། གཟན་ཆག་གི་འགྲོ་གྲོན་ཉུང་བ། རིམས་འགོག་གི་ནུས་པ་བཟང་བ། སྒོ་ངའི་ཐོན་ཚད་མཐོ་བ། གཤང་ཤ་ལུག་པ་དང་སྒྲོ་སྤུ་བཏོག་པའི་ནད་རིགས་ཕོག་ཚད་དམའ་བའི་ཁྱད་ཆོས་ཡོད།
ཧེ་ལནW-36ཡི་སྒོང་ཤུན་དཀར་པོ་ཅན་གྱི་སྒོང་བྱའི་ཐོན་སྐྱེད་ནུས་པའི་དམིགས་ཚད་གཙོ་བོ་ནི། འཚར་ལོངས་དུས་ཀྱི་གསོན་ཚད97%-98%དང་། ན་ཚོད་གཟའ་འཁོར0-18ཅན་གྱི་གཟན་ཆག་འགྲོ་གྲོན་ནི་སྟོང་ཁེ5.66དང་སྒོ་ངའི་ཐོན་ཚད55ལ་བསླེབས་པའི་དུས་ཡུན་ཉིན155 སྒོ་ང་ཐོན་ཚད་ཆེས་མཐོ་བའི་ཚད་དེ93%-94% ན་ཚོད་གཟའ་འཁོར80ཅན་གྱི་སྒོ་ངའི་ཐོན་ཚད་སྒོ་ང330-339ཡིན། གཟན་ཆག་དང་སྒོ་ངའི་བསྡུར་ཚད1.99:1བཅས་ཡིན་ནོ།།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2021-01-26
གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡